དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཅིག་གྱུར་འཆར་འགོད་དང་། ཕྱོགས་ཡོངས་ལ་ལྟ་རྟོག མཐུན་སྦྱོར་གཞོགས་འདེགས་བཅས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱུང་ན་གཞི་ནས་ཐབས་ཇུས་ཡག་པོ་འདིང་ཐུབ་པ་དང་མཐུན་སྦྱོར་གཞོགས་འདེགས་བྱུང་ན་གཞི་ནས་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་ཐུབ།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱིས 《ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཏན་ཏིག་ངང་སྤེལ་རྒྱུའི་སྐོར་གྱི་བསམ་འཆར 》ནང་བཏོན་པའི་སྤྱིའི་དམིགས་ཚད་དང་ལས་འགན་བླང་བྱ་དེ་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པ་དང་། སྲིད་ཇུས་རང་བཞིན་ཆེ་བ། ཁྱབ་རྒྱ་ཆེ་བ་བཅས་རེད། དེར་བརྟེན་རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་བྱེད་སྒོའི་སྤྱིའི་བླང་བྱ་གཞིར་བཟུང་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཞི་རིམ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཏན་ཏན་ཏིག་ཏིག་གི་སྒོ་ནས་གོམ་པ་ཚང་མ་ཡག་པོ་སྤོས་པའི་ཐོག་གཅིག་གྱུར་འཆར་འགོད་དང་། ཕྱོགས་ཡོངས་ལ་ལྟ་རྟོག མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ནས་བྱེད་སྒོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།   

        “ཕུགས་ཀྱི་ཁེ་ཕན་ལ་དམིགས་ནས་ཇུས་འགོད་མ་བྱས་ན་དུས་སྐབས་ཤིག་གི་བྱ་བ་ཇུས་འགོད་ཡག་པོ་བྱེད་མི་ཐུབ། གནད་དོན་ལ་ཕྱོགས་ཡོངས་ནས་བསམ་བློ་མ་བཏང་ན་ས་ཁུལ་གཅིག་གི་བྱ་བ་ཡག་པོ་སྒྲུབ་མི་ཐུབ ”ཞེས་གནའ་སྔ་མོ་ནས་ཤོད་ཀྱི་ཡོད། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་དོན་ནི་མཐུན་སྦྱོར་ངང་འཕེལ་རྒྱས་དང་མུ་མཐུད་ནས་འཕེལ་རྒྱས་ཡོང་བའི་ཆེད་དུ་རེད། གཅིག་གྱུར་འཆར་འགོད་དང་། ཕྱོགས་ཡོངས་ལ་ལྟ་རྟོག མཐུན་སྦྱོར་གཞོགས་འདེགས་བཅས་གསུམ་ནི་ཕན་ཚུན་གཅིག་རམ་གཅིག་འདེགས་དང་གཅིག་ལ་གཅིག་བརྟེན་བྱེད་པ་ཞིག་རེད། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་ཅེས་པ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་རྩ་བའི་བྱ་ཐབས་ཤིག་དང་ང་ཚོས་ཕྱོགས་ཁག་གི་འགལ་བ་སེལ་བ་དང་གནད་དོན་ཐག་གཅོད་བྱེད་རིང་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་འཐབ་ཇུས་ཀྱི་བྱེད་ཕྱོགས་གལ་ཆེན་ཞིག་རེད། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་པོ་ཞིག་སྤེལ་ཐུབ་པ་བྱེད་དགོས་ན་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་རྩ་བའི་བྱ་ཐབས་དེ་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་གཞི་རིམ་གྱི་རྨང་གཞིའི་ལས་དོན་གྱི་གནས་ཚུལ་ཧྲིལ་པོ་ཁོང་དུ་ཆུད་མཁས་པོ་བྱེད་པ་དང་། ཕྱོགས་ཁག་གི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བྱེད་པ། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཐོག་ནས་བྱེད་སྒོ་དེར་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས། གཅིག་གྱུར་འཆར་འགོད་དང་། ཕྱོགས་ཡོངས་ལ་ལྟ་རྟོག མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་རྒྱག་པའི་ལོའི་བྱེད་སྒོར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐད་འབྲེལ་བ་འགའ་ཞིག་དེ་བས་ཀྱང་ཐག་གཅོད་ཡག་པོ་བྱེད་དགོས་པ་གཤམ་གསལ་འདི་ལྟ་སྟེ།

        “གཏན་འཁེལ་བྱ་སྤྱོད ”ཡག་པོ་སྤེལ་རྒྱུ་དང “རང་འདེམས་བྱ་སྤྱོད ”ལ་ཁྱད་ཆོས་ལྡན་པ་བྱ་རྒྱུ་གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རང་རང་སོ་སོའི་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱས་ཏེ་ལས་བྱེད་ཕུལ་བྱུང་ལས་གྲུབ་པའི་ལས་དོན་ཚོགས་ཆུང་འདེམས་གཏོང་བྱེད་དགོས་པ་དང་འབྲེལ་གཏུག་བྱ་ཡུལ་གྱི་ཁྱད་ཆོས་ཞིབ་ཕྲ་དང་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ལས་དོན་ཁག་ཡག་པོ་སྤེལ་ནས་ལས་འགན་ཁག་བཞི་ལེགས་པར་སྒྲུབ་དགོས། དེ་དང་ཕྱོགས་མཚུངས་སུ་བྱེད་སྒོའི་གཞི་བརྟེན་གསར་གཏོད་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་ཤིང་། ལས་དོན་ཚོགས་ཆུང་ནང་བཀོད་སྒྲིག་བྱས་མེད་པའི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་རྣམ་པ་སྣ་ཚོགས་དང་ཕན་འབྲས་ལྡན་པའི་མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་བར་སྐྱོད་དགོས་པ་དང་། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་གཞི་རིམ་གྱི་ལས་དོན་ཁག་དང་ཟུང་འབྲེལ་གྱིས་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་སྐུལ་སྤེལ་གཏོང་དགོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་ཐུབ་པའང་བྱེད་དགོས། གཞི་རིམ་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་གཏན་འཁེལ་བྱ་སྤྱོད་ཀྱི་རྣམ་པ་མི་འགྱུར་བ་དང་རང་འདེམས་བྱ་སྤྱོད་ལ་ཁྱད་ཆོས་ལྡན་པ་ཞིག་བྱེད་ཐུབ་པ་བྱེད་དགོས།

        ལས་འགན་གཙོ་བོ་ལེགས་པར་བསྒྲུབ་རྒྱུ་དང་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། གཞི་རིམ་གྱི་ལས་དོན་གལ་འགངས་ཤིན་ཏུ་ཆེ་བ་དང་གཞི་རིམ་གྱི་གནད་དོན་ཪྙོག་འཛིང་ཧ་ཅང་ཆེན་པོ་ཡོད། སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ནའང་འདྲ་ཡང་ན་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ནའང་འདྲ་གང་ལྟར་ཚང་མ་གཅིག་སྡུད་བྱེད་སྒོ་སྤེལ་ཐེངས་གཅིག་ལ་འགྲུབ་པ་དང་བྱེད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་གཏན་ནས་མིན་པས་ང་ཚོས་ངེས་པར་དུ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་འཛུགས་དགོས་ཀྱི་ཡོད། དེ་འདྲ་བྱུང་ན་གཞི་ནས་རྩ་བཅོས་ཀྱི་ཕན་པ་ཐོབ་ཐུབ་པ་དང་ཕུགས་ཀྱི་ནུས་པ་ཐོན་ཐུབ། ཤེས་རྟོགས་བྱུང་བ་དང་ཕྱོགས་སྡོམ་བྱེད་སྒོའི་ནང་གི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་ཡག་པོ་དེ་དག་ལམ་ལུགས་དང་གཏན་འབེབས་སུ་འགྱུར་བ་བྱེད་དགོས་ཤིང་། གཞི་རིམ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། ཏང་ཡོན་ལ་སློབ་སྟོན་དོ་དམ་བྱེད་པ། ཞིང་འབྲོག་ཁུལ་ལ་དོ་དམ་བྱེད་པ་སོགས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་དང་འབྲེལ་གཏུག་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་ལམ་ལུགས་ཡག་པོ་ཁག་གཅིག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཐུབ་པ་དང་། མང་ཚོགས་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་ཐུབ་པ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་ཐུབ་པ་བཅས་བྱེད་དགོས།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ་དང་འཆར་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། ཞིང་འབྲོག་ཁུལ་དང་གྲོང་ཁྱེར་སྡེ་ཁུལ་གྱི་ཏང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་ཞབས་འདེགས་ཞུ་བ་དང་འབྲེལ་མཐུད་བྱ་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ནས་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཐེབས་རྒྱུ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ནི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུའི་ནང་དོན་གལ་ཆེན་ཞིག་རེད་ལ་བྱེད་སྒོར་ཕན་འབྲས་གང་ཐོབ་མིན་བརྟག་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཀྱང་རེད། ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག འཆར་འགོད་ལེགས་ན་ལོ་ཧྲིལ་བདེ་བར་གྲོལ། མིག་སྔར་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དང་། དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཡག་པོ་བྱ་རྒྱུ། དེ་བཞིན “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་རྒྱུ་བཅས་ཀྱི་ལས་དོན་ལ་ནུས་ཤུགས་གང་ཡོད་བཏོན་ནས་དམ་འཛིན་ཡག་པོ་བྱས་ཏེ་ལས་ཀའི་སྤྱོད་ཚུལ་བཟང་པོ་དང་སྤུས་ལེགས་ཕན་ཆེའི་ལས་ཀའི་ཐོག་ནས་ལོ་ཧྲིལ་པོའི་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་པ་བརྟན་པོ་ཞིག་སྤོ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།