དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལེ་དབར་ཁྲི་ཡི་ས་མཐོར་དཔྱིད་དཔལ་བཞད། གཞི་རིམ་འཛུགས་སྐྱོང་བྱེད་པའི་དུང་བརྡ་བཏང་།

        དུས་ཡུན་ཟླ་བ་གཉིས་ལྷག་ཙམ་སྐུལ་སློང་དང་གྲ་སྒྲིག་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། མཐུན་སྦྱོར་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བརྗོད་དོན་གཙོ་བོར་བྱས་པ་དང་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པའི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་དེ་གྲོང་ཚོར་བཅའ་སྡོད་བྱེད་པར་བསྐྱོད་རྒྱུའི་ལས་ཀའི་དུས་མཚམས་སུ་སླེབས་ཉེར་ཡོད། དེ་ནི་2007ལོར “ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི ”བྱེད་སྒོ་སྤེལ་རྗེས་རང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི་གཞི་ཁྱོན་ཆེ་ཤོས་དང་། མི་གྲངས་མང་ཤོས། དུས་ཚོད་རིང་ཤོས་བཅས་ཀྱི་གཅིག་སྡུད་ངང་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་ཞིག་རེད།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རྩ་བར་འཛིན་པ་དང་དམངས་ཆེད་དུ་སྲིད་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལོ་དང་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོའི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གཞི་རིམ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་མང་ཚོགས་ཀྱི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་བ་དང་མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་མིན་པའི་བསམ་བློ་བརྟན་པོ་བཙུགས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གནས་སྡོད་ཀུན་ཁྱབ་ངང་ལས་དོན་སྤེལ་ཐོག་མང་ཚོགས་ཁྲོད་སྐྱོད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་དང་འབྲེལ་བ་བྱེད་པ། མང་ཚོགས་དྲིལ་བསྒྲགས་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འབྲེལ་གཏུག་ས་ཚིགས་ལ་གསལ་ཞིང་སྤྱོད་གོ་ཆོད་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཤིག་འདོན་པ་དང་ཞིང་འབྲོག་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དོན་དངོས་དང་དོན་བཟང་ཁག་གཅིག་སྒྲུབ་ཆེད་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་ཐོག་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་གཞི་རིམ་ཏང་ཡོན་དང་ལས་བྱེད་པས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་གཞི་རིམ་ལ་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་ཅིག་འཇོག་ཐུབ་ཆེད་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་སྲིད་ལས་ཁུངས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུའི་དགོས་གཏུགས་རང་བཞིན་དང་འགན་འཁྲིའི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་སྟེ་རབ་ཏུ་འཁོལ་བའི་སྤྲོ་སེམས་དང་དཔའ་ངར་ཆེར་སྐྱེད་ཀྱི་སེམས་ཤུགས་ཐོག་ནས་བྱེད་སྒོའི་ནང་ཞུགས་དགོས།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་འགོ་འཛུགས་ས་གསར་པའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དངོས་ཤིག་རེད། དེང་སྐབས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད་པར་བརྟེན་གོ་སྐབས་དང་འགྲན་སློང་སྔར་བྱུང་མྱོང་མེད་པ་ཞིག་གནས་ཡོད། དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཆུ་ཚད་ནས་བལྟས་ཚེ་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་ད་དུང་ཧེ་བག་མི་ཉུང་བ་ཞིག་ཡོད་པ་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པར་ད་དུང་དཀའ་ཚེགས་ཆེན་པོ་ཡོད་པར་བརྟེན་ངེས་པར་དུ་མགྱོགས་མྱུར་ངང་རྗེས་སུ་ཟིན་ཐབས་བྱེད་དགོས། སྤྱི་ཚོགས་ཀྱི་དུས་བབ་ནས་བལྟས་ཚེ་བོད་འདི་ཉིད་ཁ་ཕྲལ་དང་གཏོར་བཤིག་གཏོང་བའི་ཏཱ་ལའི་རུ་ཚོགས་དང་དེ་བཞིན་ཁོ་པའི་རྒྱབ་སྐྱོར་པའི་ལྐོག་གཡོ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བཏང་མེད་པར་བརྟེན་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་དང་། རྣོ་ངར་ཆེ་བ། ཪྙོག་འཛིང་ཆེ་བ་བཅས་ཡིན་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་དུས་བབ་སྔར་བཞིན་ནན་པོ་དང་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བར་རྒྱ་ཆེའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཕྲད་པའི་དུས་བབ་དང་ལས་འགན་གསལ་རྟོགས་གང་ལེགས་དང “ལོ་ལྔ་ཚན་བཅུ་གཉིས་པར ”འབད་འཐབ་བྱས་ནས་འོད་སྟོང་གསར་པ་སླར་ཡང་གཏོད་པའི་རླབས་ཆེན་ལག་ལེན་ནང་གི་ཕྲག་ཐོག་གི་གཟི་བརྗིད་ལྡན་པའི་འགན་འཁྲི་གསལ་རྟོགས་གང་ལེགས་ཐུབ་པ་བྱ་རྒྱུའི་སློབ་གསོ་བརྒྱབ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་གིས་འགྲན་སློང་དེ་གོ་སྐབས་སུ་འགྱུར་བ་དང་གནོན་ཤུགས་དེ་སྒུལ་ཤུགས་སུ་འགྱུར་བ་བྱས་ཐོག་སྔར་བས་དགེ་མཚན་ལྡན་པའི་རྣམ་འགྱུར་དང་། སྔར་བས་དམ་པ་དོན་གཉེར་གྱི་སྤྱོད་ཚུལ། སྔར་བས་ནུས་ལྡན་གྱི་ལས་དོན་བཅས་ཀྱི་ཐོག་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བདེ་བླག་ངང་ལེགས་གྲུབ་ཡོང་ཕྱིར་འབད་འཐབ་ལྷོད་མེད་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྒྲིལ་ཤུགས་ཆེན་པོ་ཞིག་སྔར་བས་ཆགས་པ་བྱེད་དགོས།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། ཏང་གི་སྤྱོད་ཚུལ་དེ་ཏང་གི་གཟུགས་བཪྙན་དང་འབྲེལ་བ་ཡོད་པ་དང་ཏང་གི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ཀྱི་ནུས་པ་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་བསམ་པའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་མོད། འོན་ཀྱང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་བསྡུར་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་པ་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ནང་སྔར་བཞིན་སྣང་ཆུང་བྱེད་མི་རུང་བའི་གནད་དོན་འགའ་ཞིག་གནས་པར་བརྟེན་ངེས་པར་དུ་འགྱུར་ལྡོག་ཏན་ཏིག་གཏོང་དགོས། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བར་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་མང་ཚོགས་ཁྲོད་བསྐྱོད་པ་དང་ལག་ལེན་ཁྲོད་བསྐྱོད་དེ་གཞི་རིམ་གྱི་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱེད་པ་དང་། མང་ཚོགས་ཀྱི་འབོད་སྒྲ་ཉན་པ། རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ལ་བརྟེན་ནས་ཏང་གཤིས་ལ་སྦྱོང་བརྡར་ཐེབས་པ་བྱེད་པ་དང་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་སྟེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ལེགས་སུ་བཏང་ཐོག་གཞི་རིམ་གྱི་རྨང་གཞིའི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་དུས་བབ་གསར་པའི་འོག་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད། མི་དམངས་མང་ཚོགས་གཞི་རིམ་དུ་ཡོད་པ་དང་རང་རེའི་ཏང་གི་སྲིད་སྐྱོང་རྨང་གཞི་ནི་གཞི་རིམ་དུ་གནས་ཡོད། དེང་སྐབས་རང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་འགའ་ཞིག་ནུས་མེད་ཟབ་ཟོབ་ཏུ་གནས་པ་དང་དམག་འཐབ་མཁར་རྫོང་གི་ནུས་པ་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པ་དང་གཞི་རིམ་གྱི་ཏང་ཡོན་ཉུང་ཤོས་ཀྱི་ཏང་ཡོན་འདུ་ཤེས་ཆེན་པོ་དེ་ཙམ་མེད་པ་དང་གདོང་ལེན་དཔེ་སྟོན་གྱི་ནུས་པ་མངོན་གསལ་དོད་པོ་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བར་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་ངང་གཞི་རིམ་ལ་དམ་འཛིན་བྱེད་པ་དང་རྨང་གཞི་བཏིང་སྟེ་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གཞི་རིམ་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཏང་གི་གཞི་རིམ་རྩ་འཛུགས་ནི་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་འཛུགས་སྐྱོང་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་མང་ཚོགས་ལ་སྣེ་ཁྲིད་ཀྱིས་ཕྱུག་འགྱུར་བྱེད་པའི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འཛུགས་སྐྱོང་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

        མི་དམངས་མང་ཚོགས་ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་རྒྱལ་ཁའི་གཞི་རྩ་ཞིག་ཡིན་པར་བརྟེན་མང་ཚོགས་དང་ཁ་བྲལ་ན་ང་ཚོས་བྱ་བ་གང་ཡང་སྒྲུབ་ཐབས་བྲལ། དངོས་གནས་གཞི་རིམ་དུ་བསྐྱོད་པ་དང་། མང་ཚོགས་ཁྲོད་བསྐྱོད་པ། དོན་དངོས་སུ་བསྐྱོད་པ། འཚོ་བའི་ནང་བསྐྱོད་པ་བཅས་བྱས་ནས་བརྩེ་སེམས་ཟབ་མོ་འཆང་བཞིན་དུ་མང་ཚོགས་ཀྱི་ལས་དོན་སྒྲུབ་པ་དང་བརྩེ་དུང་ཟབ་མོ་འཆང་བཞིན་དུ་མང་ཚོགས་ཆེད་དོན་བཟང་དང་དོན་དངོས་སྒྲུབ་པ་དང་དཀའ་གནད་བསལ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཏང་གི་ལས་བྱེད་པ་མཐོང་ཐུབ་པ་དང་། ཏང་གི་གསུང་སྒྲ་ཐོས་ཐུབ་པ། ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བཅས་བྱས་ཚེ་རང་ལྗོངས་འདི་ཉིད་འཕེལ་རྒྱས་འགྲོ་བ་དང་བརྟན་ལྷིང་ཡོང་བའི་རྨང་གཞི་གཞི་ནས་སྲ་ཞིང་བརྟན་པར་འགྱུར་སྲིད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།