དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ཤུཌ་ཤིག་ཆཌ་པ་བྱས་ཏེ་རིག་གནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་དེང་སྐབས་དང་ཕྱིན་ཆད་སྐབས་ཤིག་རིང་རང་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཡོད། རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བར་འགག་རྩ་ནི་ཏང་གི་འགོ་ཁྲིད་ལ་ཐུག་ཡོད། རང་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ལག་བསྟར་དོན་འཁྱོལ་ལེགས་པར་བྱེད་པར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དེའི་ནང་ཧུར་ཐག་ཞུགས་ནས་གཞོགས་འདེགས་དམ་ཟབ་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་རིག་གནས་འཕེལ་རྒྱས་ཀྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།    

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ཤུགས་ཤིག་ཆགས་པ་བྱེད་པར་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས། རིག་གནས་འཛུགས་སྐྱོང་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི “ཁག་བཞི་གཞི་གཅིག ”སྤྱི་ཡོངས་བཀོད་སྒྲིག་གི་ཁྱབ་ཁོངས་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བཏོན་པས་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་མདུན་ལམ་ཡངས་ཤིང་ཆེ་བ་ཞིག་བཏོད་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། རིག་གནས་ལ་དམ་འཛིན་བྱེད་པ་ནི་དམངས་འཚོར་ཕན་པ་འདོགས་པ། རིག་གནས་ལ་དམ་འཛིན་བྱེད་པ་ནི་མི་སེམས་གཅིག་ཏུ་སྒྲིལ་བ། རིག་གནས་ལ་དམ་འཛིན་བྱེད་པ་ནི་མ་འོངས་ལེགས་པར་གཏོད་པ་བཅས་ཡིན་པའི་འདུ་ཤེས་བརྟན་པོ་ཞིག་བཙུགས་ཏེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་བཀོད་སྒྲིག་ལ་དམིགས་ནས་རིག་གནས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་གཞོགས་འདེགས་ཧུར་ཐག་བྱེད་པ་དང་ཤུགས་སྣོན་བརྒྱབ་ཐོག་རིག་གནས་འཕེལ་རྒྱས་དེ་བས་ཆེ་བ་དང་དེ་བས་ནུས་ལྡན་ཞིག་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ཤུགས་ཤིག་ཆགས་པ་བྱེད་པར་ལས་ཀའི་འགན་འཁྲི་གསལ་པོ་བཟོ་དགོས། ཏང་ཨུད་ཀྱིས་གཅིག་འགྱུར་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བ། དྲིལ་བསྒྲགས་སྡེ་ཚན་གྱིས་མཐུན་སྦྱོར་མཛུབ་ཁྲིད་བྱེད་པ། རིག་གནས་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་དོན་འཁྱོལ་ཞིབ་ཕྲ་བྱེད་པ། འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ཕྱོགས་ཁག་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་རིག་གནས་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་ཞིག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་འཕེལ་རྒྱས་ཧུར་ཐག་གཏོང་བའི་རིག་གནས་འཛུགས་སྐྱོང་གི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ས་ཁུལ་དང་སྡེ་ཚན་ཁག་གིས་རང་རང་སོ་སོའི་དོན་དངོས་དང་འགན་འཁྲི་ལས་བགོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་བསམ་ཕྱོགས་དང་ལས་ཀའི་བཀོད་སྒྲིག་འདོན་པ་དང་ལག་བསྟར་བསམ་འཆར་བཟོས་ནས་ཡུན་རིང་གི་ལས་འགན་དེ་དུས་རིམ་རང་བཞིན་གྱི་དམིགས་ཚད་དུ་བགོ་བ་དང་རྩ་དོན་གྱི་བླང་བྱ་དེ་གཙོ་གནད་འདུ་འགོད་དང་རྣམ་གྲངས་གལ་ཆེར་ཞིབ་ཕྲ་བཟོ་དགོས། རང་སྐྱོང་ལྗོངས་ཀྱི་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་དང་རིག་གནས་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་བགོས་དོན་འཁྱོལ་བྱེད་པའི་ཇུས་གཞི་བཟོས་ཏེ་ལས་འགན་རེ་རེ་བཞིན་དོན་འཁྱོལ་བྱེད་འགན་འཁུར་བའི་སྡེ་ཚན་དང་མཉམ་སྒྲུབ་སྡེ་ཚན་གསལ་པོ་བཟོས་ནས་དམིགས་ཚད་ལས་འགན་ཚང་མར་དམ་འཛིན་བྱེད་མཁན་ཡོད་པ་དང་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ཤུགས་ཤིག་ཆགས་པ་བྱེད་པར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་འཐབ་ཕྱོགས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་རྒྱག་པ་དང་རིག་གནས་ཀྱི་ཤེས་ལྡན་པའི་དཔུང་ཁག་དང་ལྷག་པར་དུ་གཞི་རིམ་རིག་གནས་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཕུལ་བྱུང་ཤེས་ལྡན་པ་བརྒྱུད་རིག་གནས་བརྩམས་ཆོས་རྩེ་གྲ་གཏོད་པ་དང་རིག་གནས་ཀྱི་བརྩམས་ཆོས་རྩེ་གྲ་བརྒྱུད་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། རིག་རྩལ་འཐབ་ཕྱོགས་ཐོག་གི་ངལ་རྩོལ་དང་གཞི་རིམ་རིག་རྩལ་གྱི་ཤེས་ལྡན་པར་བརྩི་འཇོག་བྱེད་པ། གཞི་རིམ་རིག་གནས་འཐབ་ཕྱོགས་དཔུང་ཁག་གི་འཕེལ་རྒྱས་དང་འཚར་ལོངས་ལ་སེམས་ཁུར་བྱས་ནས་ཁོང་ཚོར་མིག་མཐོང་ལག་ཟིན་གྱི་བྱ་བ་མང་ཙམ་སྒྲུབ་པ་དང་། ཁོང་ཚོར་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ། ཁོང་ཚོར་གསར་རྩོམ་གྱི་མཐུན་རྐྱེན་དང་ལས་ཀ་དང་འཚོ་བའི་ཆ་རྐྱེན་དེ་བས་ལེགས་པ་གཏོད་པ་བཅས་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ཤུགས་ཤིག་ཆགས་པ་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལྷུ་ཚིགས་དང་འགན་ལེན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་སྡེ་ཚན་གྱིས་དམིགས་ཚད་ལས་འགན་ཞིབ་ཕྲ་བཟོས་ཏེ་འགན་དབང་གཅིག་འགྱུར་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་འཛུགས་དགོས། གཙོ་གནད་ལས་དོན་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་དོན་དང་། སྲིད་ཇུས། གཙོ་གནད་རྣམ་གྲངས་བཅས་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།