དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཅིག་འདོམས་ཐོག་ཀུན་སྙོམས་ལྟ་རྟོག་བྱེད་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་གལ་ཆེའི་འཐབ་ཇུས་ཀྱི་ཇུས་ཐག་ཅིག་ཡིན་ལ་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཀྱང་ཡིན་པས་རིམ་ཁག་སྡེ་ཚན་དང་འབྲེལ་ཡོད་ཕྱོགས་ཁག་གིས་ངེས་པར་དུ་ཧྲུའུ་ཅི་ཀྲང་ཆིང་ལིས་ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་རིག་གནས་འཛུགས་སྐྱོང་གི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ནན་པོ་ཆུད་པ་བྱེད་པའི་ཐོག་དོན་དངོས་དང་ཟུང་འབྲེལ་གྱིས་གཅིག་འདོམས་ཐོག་ཀུན་སྙོམས་ལྟ་རྟོག་བྱེད་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།   

        རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཚོགས་ཆེན་ཐོག་རང་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་གི་སྤྱིའི་བླང་བྱ་སྔར་བས་ཁ་གསལ་བཟོས་པ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ཀྱི་བརྗོད་བྱ་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་རིག་གནས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་གཏོད་རྒྱུ་གཙོ་བོར་བྱེད་པདང་། མི་དམངས་མང་ཚོགས་ཚོའི་ཉིན་བཞིན་ཇེ་ཆེར་འགྲོ་བའི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་འགན་འཁྲི་གལ་ཆེན་དུ་བརྩི་བ། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་བཅས་བྱས་ནས་རིག་གནས་ལ་བརྟེན་ནས་ལྗོངས་དར་རྒྱས་ཡོང་བ་བྱེད་པ་དང་། རིག་གནས་ལ་བརྟེན་ནས་ལྗོངས་སྟོབས་ལྡན་ཡོང་བ་བྱེད་པ། རིག་གནས་ལ་བརྟེན་ནས་ལྗོངས་འབྱོར་ཕྱུག་ལྡན་པ་བརྩི་བ། རིག་གནས་ལ་བརྟེན་ནས་ལྗོངས་བརྟན་ལྷིང་ཡོང་བ་བྱེད་པ་བཅས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཁྲོད་ཀྱི་རིག་གནས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཏན་ཏིག་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོའི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་ཏན་ཏིག་གིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བསམ་པའི་འབྲེལ་ཐག་གལ་ཆེན་ཞིག་ཆགས་པ་བྱས་ཏེ་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱེད་ཡུལ་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། གཅིག་འདོམས་ཐོག་ཀུན་སྙོམས་ལ་ལྟ་རྟོག་བྱེད་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་བླང་བྱ་དེ་ཁོང་དུ་ནན་པོ་ཆུད་པ་བྱེད་པ་དང་བླང་བྱ་དེ་དོན་འཁྱོལ་ཡག་པོ་བྱེད་དགོས།

        རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བར་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ནན་པོ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་། བཀོད་སྒྲིག་ལུགས་མཐུན། སྟོབས་ཤུགས་གཅིག་སྡུད། འགན་ལེན་ཆེར་གཏོང་བཅས་ཀྱིས་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱེད་དགོས།

        ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ཤུགས་ཆེན་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་གཏོད་རྒྱུ་དེ་རིག་གནས་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་རིག་གནས་འཛུགས་སྐྱོང་གི་ཕྱོགས་ཁག་ལ་ཁྱབ་པ་བྱེད་པ་དང་། གཙོ་ཕྱོགས་སྟོབས་ཆེར་བཏང་ནས་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་པ། ཁྱོན་ཡོངས་ལ་ཁྱབ་པ་བྱས་ཏེ་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་ཚོའི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་གྱིས་མི་རིགས་ཁག་གི་མང་ཚོགས་ཚོའི་བསམ་པ་དང་རིག་གནས་ཀྱི་འཚོ་བ་སྔར་བས་འཐུས་ཚང་ཡོང་བ་བྱེད་པ། སྒུལ་ཤུགས་བསྣན་ནས་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བྱས་ནས་དེས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་ཐུབ་པ་བྱེད་པ། ཁྱད་ཆོས་ལ་དོ་སྣང་བྱས་ཏེ་མི་རིགས་དེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་སྟེ་བོད་ལྗོངས་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གཙོ་བོ་ཞིག་ཏུ་བསྐྲུན་པ། རྩེར་སོན་ཐོན་རྫས་བཏོད་དེ་རིག་གནས་ཐོན་རྫས་གསར་གཏོད་དང་ཐོན་སྐྱེད་དར་རྒྱས་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཉན་སྤྲོ་ལ་ལྟ་འདོད་པའི་བསམ་བློ་དང་རིག་གནས་ཀྱི་ཐོན་རྫས་གང་མང་མཁོ་འདོན་བྱེད་པ། ནུས་པ་འཐུས་ཚང་དུ་བཏང་སྟེ་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཤུགས་ཆེན་བཏོད་ནས་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། རྡུང་འགོག་ཟུང་འབྲེལ་བྱས་ཏེ་རིག་གནས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་ཤུགས་ཆེན་བཏོད་ནས་སྣ་མང་ཅན་དང་། གོ་རིམ་ཅན། ཕྱོགས་མང་ཅན་བཅས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རིག་གནས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས།

        གཅིག་འདོམས་ཐོག་ཀུན་སྙོམས་ལྟ་རྟོག་བྱེད་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་རྒྱུ་དེ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་བླང་བྱ་ཞིག་ཡིན་ལ་རིག་གནས་འཛུགས་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པས་ང་ཚོས་ངེས་པར་དུ་རྩ་དོན་དེ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། བླང་བྱ་དེ་ཇི་མ་ཇི་བཞིན་ལག་བསྟར་བྱས་ཏེ་རང་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་དེ་གཙོ་གནད་དམ་འཛིན་བྱེད་པའི་ནང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་ཡོང་བ་བྱེད་པ་དང་། ཁྱད་ཆོས་མངོན་པར་བྱེད་པའི་ནང་བཀྲག་མདངས་འཚེར་ས་གཏོད་པ། དཀའ་གནད་སྒྲོལ་བའི་ནང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།