དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་ཡིད་ཆེས་བརྟན་དུ་བཏང་སྟེ་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྐྱོང་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་བཅས་ཡིན་ལ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གཏོད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཡང་ཡིན་པས་ང་ཚོས་ངེས་པར་དུ་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ། རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། དུས་རབས་དང་ལག་ལེན་གྱི་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དེ་བས་རང་རྟོགས་དང་དེ་བས་རང་འགུལ་གྱི་སྒོ་ནས་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་བཅས་བྱེད་དགོས།

        རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་ལ་གཞི་འཛུགས་པ་དང་མི་རིགས་ཁག་གི་མི་དམངས་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ལ་སྐུལ་མ་གཏོང་བའི་རིག་གནས་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་བསྟུན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་ཤེས་བྱ་དང་། བདེ་སྐྱིད། མཛེས་སྡུག་བཅས་དོན་གཉེར་བྱེད་པའི་བསམ་འདུན་དེ་བས་ཆེ་རུ་ཕྱིན་ཡོད། དེ་དང་དུས་མཚུངས་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་ད་དུང་མཐོ་པོ་མེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་འཚམ་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བླང་བྱ་དང་མི་འཚམ་པ། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་དང་མི་འཚམ་པ་བཅས་རེད། དེ་དག་ཚང་མས་ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། རིག་གནས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ། རིག་གནས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ་དང་། མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། མང་ཚོགས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་ང་ཚོར་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་བཏོན་ཡོད།

        རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་གཞི་འཛུགས་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བའི་རིག་གནས་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་སྔར་བཞིན་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་དབར་གྱི་འགལ་བ་དེ་ཡིན་པ་རེད། ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་ནི་འགལ་བ་དེ་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཡིན། རིག་གནས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་བསམ་བློའི་སྣེ་ཁྲིད་དང་། གླེང་ཕྱོགས་ཀྱི་སྐུལ་མ། བསམ་པའི་འདེགས་སྐྱོར་བཅས་ཀྱི་ནུས་པ་གལ་ཆེན་འདོན་གྱི་ཡོད། རིག་གནས་ནི་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་བདེ་སྐྱིད་མཚོན་གྲངས་མཐོ་རུ་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད། དེང་རབས་ཀྱི་དཔལ་འབྱོར་ཁྲོད་རིག་གནས་ཐོན་ལས་དེ་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པས་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། འཛད་སྤྱོད་རྒྱ་ཆེར་གཏོང་བ། ལས་ཞུགས་མང་དུ་གཏོང་བ། མཆོང་སྐྱོད་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་དམིགས་བསལ་ལེགས་ཆ་ལྡན་ཡོད། དེ་འདྲ་བའི་ཡར་ངོའི་ཐོན་ལས་དང་སྔོ་ལྗང་ཐོན་ལས་དེ་དག་བོད་ལྟ་བུའི་རིག་གནས་ཐོན་ཁུངས་ཕྱུག་ལ་གཅིག་སྡུད་ཆེ་བའི་ས་ཁུལ་དུ་འཕེལ་རྒྱས་ཆེན་པོ་གཏོང་རྒྱུར་དེ་བས་ཀྱང་འཚམ་པོ་ཡོད།

        རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་བོད་ཀྱི་དམིགས་བསལ་འགལ་བ་ལ་གཞི་འཛུགས་པ་དང་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱེད་པའི་ཐད་ཀྱི་རིག་གནས་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། བོད་དུ་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་བྱས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་འགལ་བ་ད་དུང་གནས་ཡོད་པས་དམིགས་བསལ་གྱི་འགལ་བ་དེ་རིག་གནས་ལ་མཚོན་ན་སྔོན་ཐོན་དང་སྐྱོན་བྲལ་གྱི་རིག་གནས་དང་རྗེས་ལུས་དང་ཪྙིང་རུལ་གྱི་རིག་གནས་དབར་གྱི་འགྲན་བསྡུར་དེ་ཡིན། རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་དང་ལྷག་པར་དུ་ཏཱ་ལའི་རུ་ཚོགས་ཀྱི་བསམ་བློའི་རིག་གནས་སིམ་འཛུལ་གཏན་འགོག་ནུས་ལྡན་བྱེད་པར་ངེས་པར་དུ་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་དང་། ཚན་རིག སྐྱོན་བྲལ་བཅས་ཀྱི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། རྗེས་ལུས་དང་། ཪྙིང་རུལ། ལོག་སྤྱོད་བཅས་ཀྱི་རིག་གནས་་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་རྩ་བའི་ཆབ་སྲིད་ཀྱི་ཡིན་མིན་དང་ལོ་རྒྱུས་ཀྱི་ཡིན་མིན་གསལ་འབྱེད་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་ཧུར་ཐག་བྱེད་པ། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་དང་མ་རུང་ཁོག་བཅུག་ངོས་འཛིན་གསལ་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་འཆང་བའི་སྤོབས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་འཆང་བའི་གཏོགས་སེམས། ཀྲུང་ཧྭའི་རིག་གནས་ལ་འཆང་བའི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིང་བ་བཅས་བྱེད་དགོས།

        རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་འཛུགས་སྐྱོང་བྱ་རྒྱུར་གཞི་འཛུགས་པ་དང་བོད་ཀྱི་གཟུགས་བཪྙན་བཟང་པོ་མངོན་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་རིག་གནས་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་འོད་མདངས་བཀྲ་བའི་ནོར་བུ་ཡིན་ལ་འཛམ་གླིང་རིག་གནས་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན་པས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དང་། རིག་གནས་སྤེལ་རེས་དང་མཉམ་འདྲེས་རྒྱ་ཁྱབ་བྱེད་པ། རིག་གནས་བདེ་འཇཌ་སྲུང་སྐྱོང་བྱེད་པ་བཅས་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་འཛུཌ་སྐྲུན་བྱེད་པའི་དགོས་མཁོ་ཡིན་ལ་བོད་གསར་པའི་གཟུཌ་བཪྙན་བཟང་པོ་མངོན་པ་དང་བོད་འབྲེལ་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པ་བྱེད་པའི་ལམ་བུ་གལ་ཆེན་ཞིག་ཀྱང་ཡིན།

        རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པའི་ཐོག་གཞི་འཛུགས་པ་དང་ཏང་གི་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ཐད་ཀྱི་རིག་གནས་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། ང་ཚོའི་ཏང་དུས་རབས་ཀྱི་མདུན་གྲལ་དུ་ཐོག་མཐའ་བར་གསུམ་དུ་སྐྱོད་བཞིན་ཡོད་པས་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མཐའ་འཁྱོངས་བྱེད་པར་ངེས་པར་དུ་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བའི་དར་ཆ་སྔ་ཕྱི་བར་གསུམ་དུ་མཐོན་པོར་སྒྲེང་བ་དང་། སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁྲིད་སྟོན་དུ་བྱེད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་སྤྱད་དེ་རྒྱ་ཆེའི་ཏང་ཡོན་ལ་དྲག་ཆས་ཏན་ཏིག་སྤྲས་པ། ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་གཏོང་བ། གཅིག་འཛིན་གྱི་མཛུབ་ཁྲིད་བསམ་བློས་རྒྱུ་མང་གི་སྤྱི་ཚོགས་བསམ་པའི་རླབས་རྒྱུན་སྤྱི་འདོམས་བྱེད་པ། བསམ་བློའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་སྟོབས་ཆེར་གཏོང་བ། རྒྱུ་མང་ནང་གཙོ་ཁྲིད་བྱེད་པ། སྣ་མང་ནང་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་པ་བཅས་བྱས་ཏེ་བསམ་བློའི་རིག་གནས་ཀྱི་མཐོ་ས་བསྐྲུན་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།