དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་ཡར་རྒྱས་ཀྱི་འབད་འབུངས་བསྟོད་གླུ་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་18ཉིན་འཚོགས་པའི་ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིས་གསུང་བཤད་གལ་ཆེན་གནང་སྟེ་བོད་ཞི་བའི་བཅིངས་འགྲོལ་བཏང་ཚུན་དང་ལྷག་དོན་དུ་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ལ་ཕྱིར་མིག་དང་ཕྱོགས་སྡོམ་གནང་བ་དང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རིག་གནས་འཛུགས་སྐྱོང་ལ་སྔར་བས་སྐུལ་མ་གཏོང་བའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་དང་དངོས་ཡོད་ཀྱི་དགོས་གཏུགས་རང་བཞིན་རྒྱས་བཤད་གཏིང་ཟབ་གནང་ནས་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྤྱིའི་བླང་བྱ་གསལ་པོ་བཏོན་གནང་ཡོད།

        ང་ཚོས་བསམ་བློ་དང་བྱ་སྤྱོད་ངེས་པར་དུ་ཧྲུའུ་ཅི་ཀྲང་ཆིང་ལིའི་གལ་ཆེའི་གསུང་བཤད་ནང་གི་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གཞི་རྩའི་དུས་བབ་ཀྱི་ཚན་རིག་དང་མཐུན་པའི་ཁ་ཚོན་བཅད་པའི་ཐོག་གཅིག་གྱུར་དང་། གསུང་བཤད་ནང་གི་རིག་གནས་ལ་བརྟེན་ནས་ལྗོངས་དར་བ་བྱེད་པ་དང་། རིག་གནས་ཀྱི་ལྗོངས་སྟོབས་ཆེ། རིག་གནས་ལ་བརྟེན་ནས་ལྗོངས་ཕྱུག་པོ་ཡོང་བ་བྱེད་པ། རིག་གནས་ལ་བརྟེན་ནས་ལྗོངས་བརྟན་པོ་ཡོང་བ་བྱེད་པ་བཅས་ཀྱི་འཐབ་ཇུས་གནས་བབ་དང་སྤྱིའི་བླང་བྱ། འཐབ་ཇུས་བཀོད་སྒྲིག་བཅས་ཀྱི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དུས་རབས་ཡར་རྒྱས་ཀྱི་འབད་འབུངས་བསྟོད་གླུ་ཧུར་ཐག་བརྩམས་ནས་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བསམ་བློའི་འགན་ལེན་དང་།   གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན། བསམ་པའི་སྒུལ་ཤུགས་བཅས་ཆེན་པོ་མཁོ་འདོན་བྱེད་དགོས།

        མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ཏེ “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཕྱིར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཧུར་ཐག་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ངོས་ནས་བཤད་ན། རིག་གནས་ནི་སྒུལ་ཤུགས་ཀྱི་ཡོང་ཁུངས་ཡིན་ལ་སྤུས་རྟགས་ཀྱི་མཚོན་རྟགས་ཀྱང་ཡིན་པས་འཕེལ་རྒྱས་གཏོང་རིང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ནང་ཐོན་སྐྱེད་ནུས་ཤུགས་གྲུབ་ཐུབ་ལ་འགྲན་རྩོད་ཀྱི་ནུས་པ་ཡང་མཚོན་ཐུབ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་རིང་རིག་གནས་ཀྱིས་བསམ་བློར་སྣེ་འདྲེན་བྱེད་པ་དང་། གླེང་ཕྱོགས་ལ་སྐུལ་མ་གཏོང་བ། བསམ་བློར་འདེགས་སྐྱོར་བྱེད་པ་བཅས་ཀྱི་ནུས་པ་གལ་ཆེ་འདོན་གྱི་ཡོད། དམངས་འཚོ་ལེགས་སུ་གཏོང་བའི་ངོས་ནས་བཤད་ན། རིག་གནས་ནི་ཁྱབ་ཁོངས་གལ་ཆེ་ཞིག་ཡིན་ལ་རྩ་བའི་བླང་བྱའང་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ཚེ་གཞི་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ། ཡུན་རིང་བདེ་འཁོད་ངོས་ནས་བཤད་ན། རིག་གནས་ནི་རྨང་གཞིའི་འདུ་འགོད་ཡིན་ལ་བསམ་པའི་སྒྲོག་ཐག་གལ་ཆེ་ཞིག་ཀྱང་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ཚེ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཕན་ཐོགས་དང་མི་རིགས་ཁག་གི་མང་ཚོགས་ཚོའི་རླབས་ཆེན་མེས་རྒྱལ་གྱི་སྤོབས་སེམས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཏོགས་སེམས། ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད། ཏང་གི་འཛུགས་སྐྱོང་ངོས་ནས་བཤད་ན། རིག་གནས་ནི་མཚོན་ཆ་ནུས་ལྡན་ཞིག་ཡིན་ལ་ཐབས་ལམ་གལ་ཆེ་ཞིག་ཀྱང་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ཚེ་གཟི་བརྗིད་སྲོལ་རྒྱུན་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་དུས་རབས་ཀྱི་དར་སྲོལ་སྣེ་འདྲེན་དེ་བས་ལེགས་པ་བྱེད་ཐུབ་སྟེ་ཏང་གི་སྲིད་སྐྱོང་ནུས་པའི་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་གྱི་འཛུགས་སྐྱོང་མདུན་ཕྱོགས་སུ་སྐུལ་མ་གཏོང་ཐུབ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ངོས་ནས་བཤད་ན། རིག་གནས་ནི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་དམིགས་ཚད་གལ་ཆེ་ཞིག་ཀྱང་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ཚེ་གཞི་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་ལེགས་པར་སྐོང་བ་དང་། མི་རྣམས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། མི་རྣམས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་ཐུབ།

        རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ལམ་བུ་གསར་པའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་དེས་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་བཟུང་ཡོད་ལ་ནུས་པ་གལ་ཆེའང་འདོན་བཞིན་ཡོད། ང་ཚོས་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་དང་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བརྗོད་བྱ་གཙོ་བོའི་ཐོག་ནས་དུས་བབ་གསལ་རྟོགས་དང་གདེང་ཚོད་ཆེན་པོའི་སྒོ་ནས་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བཀོད་སྒྲིག་དང་བླང་བྱ་གསལ་པོ་ལྟར་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱས་ཏེ་རིག་གནས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་བའི་རིན་ཐང་མ་ལག་འཛུགས་རྒྱུ་གཙོ་བོར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་པ་དང་རིག་གནས་དགོས་མཁོ་བསྐང་རྒྱུ་དེ་གཞི་ཚུགས་ས་དང་དོན་ལ་བབས་སར་བརྩི་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་གལ་ཆེར་བརྩི་བ། སྒྱུར་བཅོས་གསར་གཏོད་དེ་སྒུལ་ཤུགས་སུ་བྱེད་པ་བཅས་བྱས་ཏེ་རིག་གནས་ལ་བརྟེན་ནས་ལྗོངས་དར་རྒྱས་ཡོང་བ་བྱེད་པ་དང་། རིག་གནས་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བ། རིག་གནས་ལ་བརྟེན་ནས་ལྗོངས་ཕྱུག་པོ་ཡོང་བ་བྱེད་པ། རིག་གནས་ལ་བརྟེན་ནས་ལྗོངས་བརྟན་ལྷིང་ཡོང་བ་བྱེད་པ་བཅས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེ་བསྟར་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ནང་རིག་གནས་ཀྱི་ནུས་པ་གལ་ཆེ་འདོན་སྤེལ་གང་ལེགས་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོའི་རྩ་བའི་རིག་གནས་ཁེ་དབང་འགན་ལེན་ཏན་ཏིག་བྱས་ཐོག་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བསམ་པའི་སྒྲོག་ཐག་གལ་ཆེ་་བྱས་ཏེ་བོད་འདི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་ཞིག་ཏུ་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།