སེམས་ནུས་གཅིག་སྒྲིལ་གྱིས་མཆོང་སྐྱོད་ལ་སྐུལ་མ་བཏང་བ།
“ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་དོན་ཨུ་ལྷན་གྱི་མཐུན་སྒྲིལ་དང་སྣེ་ཁྲིད་འོག་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱིས་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་དྲིལ་བསྒྲགས་དང་རིག་གནས་བྱ་གཞག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་དང་། གསར་གཏོད་ངང་འཕེལ་རྒྱས། སྔར་བས་ལེགས་པ་དང་། མྱུར་བ། ཆེ་བ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུར་དམིགས་ཏེ་ཁ་ཕྱོགས་སྟངས་འཛིན་དང་། ཚན་ཁག་ལ་དམ་འཛིན། དཔུང་ཁག་སྣེ་ཁྲིད་བཅས་བྱས་པས་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་རེད།
ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱིས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་པར་དང་ཐོག་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་གཞི་རྩ་དེར་དམ་འཛིན་གྱིས་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོའི་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་རང་བཞིན་ཆེ་རུ་གཏོང་རྒྱུ་སྲོག་ཤིང་དུ་བྱས་ཐོག་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་གཉེར་ཚོགས་འདུ། བྱེད་སྒོ་གལ་ཆེན་གྱི་ཆེད་དོན་ཚོགས་འདུ། ས་ཨུད (གྲོང་ཁྱེར )དང་རྫོང་ཨུད (གྲོང་ཁྱེར་དང་ཆུས )ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཀྲུང་དབྱང་དྲིལ་བསྒྲགས་པུའི་ལས་བྱེད་པའི་སློབ་གླིང་དུ་གསོ་སྦྱོང་བྱེད་པར་འདེམས་གཏོང་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་སྤྱད་པར་བརྟེན་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཇུས་འགོད་བཀོད་སྒྲིག་ལག་ལེན་བསྟར་བ་དང་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་སྲ་བརྟན་རང་བཞིན་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་སོང་ནས་ཆབ་སྲིད་ཐོག་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པ་མ་ཟད་ཆབ་སྲིད་ཀྱི་འགག་སྲུང་ནུས་པ་དང་། སློབ་སྦྱོང་བྱེད་ནུས། ཆབ་སྲིད་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད། ལས་ཀའི་འཇོན་ཐང་། འགོ་ཁྲིད་ཀྱི་ཆུ་ཚད་བཅས་སྔར་བས་ཆེ་རུ་སོང་ཡོད་པ་རེད།
རྩ་འཛུགས་འཛུགས་སྐྱོང་ལ་སྣང་ཆེན་བྱེད་པ་དང་ཏང་གིས་ཏང་ལ་དོ་དམ་བྱེད་པའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་ལ་སྔོན་དུ་སྣང་ཆེན་བྱེད་པའི་རྩ་དོན་ལྟར་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་གཙོ་བོ་བཀོད་སྒྲིག་ཆ་ཚང་དང་ཡག་པོ་བྱེད་པ་དང་སྟོབས་ཆེར་བཏང་ནས་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་ནི་ཏང་དང་སྲིད་གཞུང་གིས་བློས་འགེལ་ཆོག་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པ། ཕྱོགས་བསྡུས་བྱང་ཚད་དང་མཐུན་སྒྲིལ་རོགས་ལས་ཀྱི་ནུས་པ་ཆེ་བ། སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་བཅས་ཀྱི་སྲ་ཞིང་བརྟན་པའི་འཐབ་འཛིང་མཉམ་སྡེབ་ཅིག་ཏུ་འཛུགས་སྐྱོང་བྱས་པས་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དེ་མར་ཁེ་སི་རིང་ལུགས་ལ་བློ་དཀར་སེམས་དཀར་དང་། ཏང་ལ་བློ་དཀར་སེམས་དཀར། མི་དམངས་ལ་བློ་དཀར་སེམས་དཀར་བཅས་བྱེད་མཁན་གྱི་ལག་ཏུ་སྟངས་འཛིན་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།
ལོ་ལྔའི་རིང་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་གིས་དཔུང་ཁག་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་གཞི་རྩར་དོ་དམ་དང་ཕུགས་ལ་དོ་དམ་བྱེད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་དཔུང་ཁག་ལ་འགོ་ཁྲིད་ཡག་པོ་དང་དོ་དམ་ཡག་པོ་བྱ་རྒྱུའི་འདུ་ཤེས་ཆེ་རུ་བཏང་བས་ལས་འགན་སྒྲུབ་པའི་ཚད་གཞི་མཐོ་རུ་དང་ལས་དོན་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ་མ་ཟད་ཆབ་སྲིད་དང་བསམ་བློའི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྔར་བས་སྣང་ཆེན་བྱེད་ཀྱི་ཡོད་པ་སྟེ། གཅིག་ནི་སྒྲིག་གཞི་བཅད་གྲངས་དང་མི་སྣའི་སྟོབས་ཤུགས་ལ་སྔར་བས་ཤུགས་སྣོན་ཐེབས་པ་དང་། གཉིས་ནི་དཔུང་ཁག་གི་བྱང་ཚད་དང་ནུས་པ་སྔར་བས་ཆེ་རུ་སོང་བ། ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཀྱིས “ཕྱིར་སྐྱོད་པ་དང་གདན་དྲངས་པའི ”བྱེད་ཐབས་སྤྱད་དེ་ལས་ཐོག་གསོ་སྐྱོང་དང་། ལས་སྦྱར་གསོ་སྐྱོང་། ལས་བྲལ་སློབ་སྦྱོང་། ཞིབ་འཇུག་དང་གྲོས་བསྡུར་ཆེད་ཁྲིད། ལྟ་སྐོར་དང་རྟོག་ཞིབ། བརྟག་ཞིབ་དང་ཟབ་འཇུག་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ། གསུམ་ནི་ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་ཕྱིན་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལོའི་བྱེད་སྒོ། ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོ། སྔོན་གཏོད་ལེགས་བརྩོན་བྱེད་སྒོ་སོགས་སྤེལ་བ་བརྒྱུད་ཏང་གཤིས་ལ་སྔར་བས་སྦྱོང་བརྡར་ཐེབས་པ་དང་། ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་སོང་བ། འཐབ་འཛིང་གི་ནུས་པ་སྔར་བས་ཆེ་རུ་སོང་བ། བཞི་ནི་དྲིལ་བསྒྲགས་ཀྱི་རྣམ་པ་ཞིག་སྔར་བས་ཆགས་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་སྔར་བས་བརྩི་སྲུང་དང་ཞབས་འདེགས་ཞུ་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་བ་དང་དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་བླང་བྱ་གསར་པ་དང་འཚམས་པ་བྱ་ཕྱིར་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཁོངས་མིའི་ཚན་པ་ཁག་གི་འགན་འཁྲི་གཙོ་བོ་གསལ་པོ་བཟོ་བ་བཅས་བྱས་ཡོད་པ་རེད།
ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱིས་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་ཆུ་ཚད་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུ་སྲོག་ཤིང་དུ་བྱེད་པ་དང་རིམ་པ་མཐོ་བའི་ཕྱོགས་བསྡུས་རྣམ་པའི་ཤེས་ལྡན་པ་དང་ཤེས་ལྡན་པ་དཀོན་གྲས་གཙོ་གནད་དུ་བྱས་ནས་གཞི་ཁྱོན་ཆེ་བ་དང་། བྱང་ཚད་ཡག་པ། སྣ་ཁ་འཛོམས་པ། གྲུབ་ཆ་ལུགས་མཐུན། གསར་གཏོད་ནུས་པ་དང་འགན་འཁྲིའི་བསམ་པ་ལྡན་པའི་ཆེད་ལས་ལག་རྩལ་པའི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་གང་ལེགས་བྱས་སྟབས་ཤེས་ལྡན་པ་གསོ་སྐྱོང་ཐད་ཕན་འབྲས་གསར་པ་ཐོན་ཡོད། གཅིག་ནི་གསོ་སྐྱོང་ལ་དམ་འཛིན་བྱས་ཤིང་། ལྟེ་བར་དེ་བས་ལེགས་པའི་ངང་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ལས་དོན་ཐད་ཀྱི་དུས་བབ་གསར་པའི་བླང་བྱ་གསར་པ་དང་བསྟུན་ཆེད “ཁག་གཅིག་བྱས་པ་བཞིའི ”འོས་སྦྱོར་འདེམས་བསྐོའི་ལས་དོན་དང “ཁག་གཅིག་བྱས་པ་ལྔའི ”ཤེས་ལྡན་པ་གསོ་སྐྱོང་འདུ་འགོད་ལག་བསྟར་ཧུར་ཐག་བྱས་པ་དང་། གཉིས་ནི་ནང་འདྲེན་ལ་དམ་འཛིན་བྱས་ཤིང་། གྲུབ་ཆ་ལེགས་སུ་གཏོང་བར་དམིགས་ནས་དྲིལ་བསྒྲགས་དང་རིག་གནས་བྱ་གཞག་རྒྱུན་བསྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག་ཤེས་ལྡན་པ་ནང་འདྲེན་གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པས་ཤེས་ལྡན་པའི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་སོང་བ་དང་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ། གསུམ་ནི་གོ་སྐབས་ལ་དམ་འཛིན་བྱས་ཤིང་། ལྗོངས་ཡོངས་ཀྱི་ཤེས་ལྡན་པའི་ལས་དོན་ཚོགས་འདུ་སྐོང་ཚོགས་བྱེད་པ་དང་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་འཆར་འགོད་བཏོན་པ་དེ་གོ་སྐབས་འགངས་ཆེན་དུ་བྱས་ནས 《ལྗོངས་ཡོངས་ཀྱི་ཤེས་ལྡན་པའི་ལས་དོན་ཚོགས་འདུའི་དགོངས་དོན་དང་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་འཆར་འགོད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་ཀྱི་ལག་བསྟར་བསམ་འཆར 》ཞིབ་འཇུག་བྱས་ཏེ་བཟོས་ནས་ཕྱོགས་དྲུག་ཐད་ཀྱི་ཞིབ་ཕྲའི་བྱེད་ཐབས་བཏོན་པ་བཅས་བྱས་ཡོད་པ་རེད།
ལོ་ལྔའི་རིང་རྒྱ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན། དམངས་ཕྱུག་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་མངོན་འགྱུར་བྱེད་པ་སོགས་ཞིབ་འཇུག་བྱ་གཞི་འགངས་ཆེན་ལ་དམིགས་ནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཇུས་འདོན་པའི་ཐད་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱས་པར་རིགས་པའི་གཞུང་ལུགས་ཀྱི་གཡུར་ཟའི་འབྲས་བུ་ཐོབ་ཡོད། རྒྱ་ཆེའི་གསར་འགྱུར་ལས་བྱེད་པས་དུས་རབས་ཀྱི་གོམ་སྟབས་རྗེས་སྙེག་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁོང་དུ་ཆུད་པ་དང་། སྤྱི་ཚོགས་ཐོག་ཀུན་གྱིས་དོ་ཁུར་བྱེད་པའི་དངོས་ཡོད་གནད་དོན་དམ་འཛིན་བྱེད་པ། འཐབ་ཕྱོགས་དང་པོར་བསྐྱོད་དེ་བཅར་འདྲི་བྱེད་པ། མཐོང་ཐོས་མྱོང་སྒྲུབ་ཀྱི་དཔྱད་གཞི་ཕུན་སུམ་ཚོགས་པོ་ཞིག་འཚོལ་བསྡུ་བྱེད་པ། དངོས་ཡོད་ཀྱི་བོད་ཅིག་ཟིན་ཐོ་འགོད་པ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་བཅས་བྱས་པས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པའི་འཕོ་འགྱུར་ཆེན་པོ་མཚོན་པ་དང་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བའི་གསར་འགྱུར་མ་ཟིན་འབོར་ཆེན་ཞིག་བཅར་འདྲི་དང་རྩོམ་སྒྲིག་ཐུབ་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པས་གཞི་རིམ་ལ་ཁ་ཕྱོགས་པ་དང་། དོན་དངོས་ལ་ཁ་ཕྱོགས་པ། མང་ཚོགས་ལ་ཁ་ཕྱོགས་པ་བཅས་བྱས་ཏེ་ཚུར་སྣང་ལན་ཆ་བཟང་བའི་སྤུས་དག་བརྩམས་ཆོས་མང་པོ་ཞིག་ལེགས་སྐྱེས་ཕུལ་ཡོད། རྒྱ་ཆེའི་རིག་གནས་གཉེར་སྐྱོང་དོ་དམ་པས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་གཉིས་པོར་གཞི་ཚུགས་ནས་རིག་གནས་ཐོན་ལས་གཉེར་སྐྱོང་དང་དོ་དམ་གྱི་དཔེ་དབྱིབས་གསར་པ་གསར་གཏོད་གསར་འབྱེད་བྱས་པས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ལེགས་པོ་ཐོན་ཡོད་པ་རེད།
ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱིས་ལམ་ལུགས་དམ་འཛིན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་ལམ་ལུགས་འཛུགས་སྐྱོང་དེ་རྩ་བར་དོ་དམ་དང་ཕུགས་ལ་དོ་དམ་བྱེད་པའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ལག་ལེན་ཁྲོད་ཚན་རིག་དང་མཐུན་པའི་དོ་དམ་དང་སྒྱུར་བཅོས་གསར་གཏོད་ཀྱི་ནུས་ལྡན་དཔེ་དབྱིབས་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཐོག་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་དེ་ཡང་དག་པའི་ཁྲིད་སྟོན་ཁོང་དུ་ཆུད་པ་དང་ལས་དོན་ཁག་སྤེལ་བའི་ཁྲོད་དོན་འཁྱོལ་བྱས་ནས་སྒྲིག་སྲོལ་དང་ལམ་སྲོལ་ཚུད་པའི་ཚན་རིག་དང་མཐུན་པའི་དོ་དམ་མ་ལག་ཆ་ཚང་ཞིག་ཆགས་པ་བྱས་ཏེ་ཚན་རིག་དང་མཐུན་པའི་དོ་དམ་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་དང་། གསར་གཏོད་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་ཡོད། གཅིག་ནས་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་ཀྱིས “དོ་དམ་ལོ་དང་དོན་འཁྱོལ་ལོ ”ཁྱབ་གདལ་དུ་བཏང་བ་དང “དོ་དམ་ལོ་དང་དོན་འཁྱོལ་ལོ ”ལག་བསྟར་བྱས་ཚུན་འཐབ་ཕྱོགས་ཡོངས་ཀྱིས་རིགས་ཁག་དོ་དམ་ལམ་ལུགས་ཁག་700ལྷག་ཙམ་བཙུགས་པ་དང་འཐུས་ཚང་དུ་བཏང་ནས་ལམ་ལུགས་མ་ལག་ཆ་ཚང་ཙམ་ཞིག་ཆགས་པ་དང་། གཉིས་ནས་སྒྱུར་བཅོས་གསར་གཏོད་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ། ལས་དོན་ཁག་ལ་བྱ་ཐབས་གསར་པ་ཡོད་པ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཁུལ་གྱི་ལས་དོན་ཐད་ཚད་བརྒལ་གསར་པ་བྱུང་ཡོད། ལས་དོན་ལྡོག་འདྲེན་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཞིབ་བཤེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བས་ལས་ཀར་དམ་འཛིན་བྱེད་མཁན་དང་དོ་དམ་བྱེད་མཁན་ཡོད་པའི་འགན་ལེན་བྱས་པ། གསུམ་ནས་དྲིལ་བསྒྲགས་དང་རིག་གནས་ཀྱི་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་དོ་དམ་ཐད་དམ་འཛིན་ནན་པོ་བྱེད་པ་དང་ཀྲུང་དབྱང་གིས 《ལས་བྱེད་པར་སྔར་བས་དོ་དམ་ནན་པོ་བྱ་རྒྱུའི་སྐོར་གྱི་བསམ་འཆར 》བཏོན་རྗེས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྔོན་དུ 《དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་ཀྱི་ལས་བྱེད་པའི་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་གཏན་འབེབས 》བཟོས་ནས་རྒྱུན་གཏན་གྱི་སློབ་གསོ་དོ་དམ་དང་། འགན་འཁྲི་རྩད་གཅོད། རྩ་འཛུགས་འགོ་ཁྲིད་སོགས་ཀྱི་ཐད་གཏན་འབེབས་ཞིབ་ཚགས་བྱས་པ། བཞི་ནས་ལས་བྱེད་པའི་སྒྲིག་ཁོངས་དོ་དམ་སྒྲིག་སྲོལ་སྔར་བས་གསལ་བཟོ་བྱས་ཤིང་། འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པས་ལས་བྱེད་པར་དོ་དམ་བྱེད་པའི་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་བཏང་ཡོད། ས་ཁུལ་དང་གྲོང་ཨུད་ཁག་གི་དྲིལ་བསྒྲགས་པུའི་རིག་གནས་ཁོངས་གཏོགས་ཀྱི་ལས་བྱེད་པའི་སྒྲིག་ཁོངས་དོ་དམ་གྱི་ལས་དོན་ཐད་སྔར་བས་ཤུགས་སྣོན་ཐེབས་ནས་མིར་དོ་དམ་དང་ལས་དོན་ལ་དོ་དམ་ཟུང་འབྲེལ་དང་། ལས་བྱེད་པར་དོ་དམ་དང་ལས་བྱེད་པས་ལས་སྒོ་དོ་དམ་ཕན་ཚུན་གཅིག་གྱུར་བྱེད་པའི་ཐད་གོམ་སྟབས་འགངས་ཆེན་ཞིག་སྤོས་ཡོད་པ་བཅས་བྱས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣