དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་སྲིང་ངང་འཕེལ་རྒྱས་གཏོང་ནུས་ཆེ་རུ་ཤུགས་ཆེན་འགྲོ་བའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ་དེ་ད་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་གཏན་འཁེལ་བྱས་པར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་དེང་སྐབས་ལ་གཞི་འཛུགས་པ་དང་། ཕུགས་ལ་དམིགས་པ། མི་རབས་འདི་ལ་བྱས་རྗེས་འཇོག་པ་དང་མི་རབས་ནས་མི་རབས་བར་ཁེ་ཕན་ཐོབ་པ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད།

        བོད་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། འདས་ཟིན་པའི་ལོ་ལྔའི་རིང་གི་རླབས་ཆེན་ལག་ལེན་ལས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་ངང་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བ་བཅས་ཡིན་པས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་མ་ལག་འཛུགས་སྐྱོང་བྱེད་པའི་དགོས་མཁོ་ཞིག་ཡིན་ལ་ཆབ་སྲིད་ཐོག་ཏཱ་ལའི་ཁ་ཕྲལ་རིང་ལུགས་ཚོགས་པ་དང་འཐབ་རྩོད་བྱེད་པའི་དགོས་མཁོ་ཞིག་ཀྱང་ཡིན་པ་གསལ་སྟོན་བྱས་ཡོད། ང་ཚོས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཤེས་དཔལ་ལྡན་པའི་ངང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ནས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་སྲུང་སྐྱོང་སྔོན་ལ་འཛིན་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ས་བབ་དང་བསྟུན་པ། གཙོ་གནད་མངོན་གསལ་དུ་འཇོག་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ལས་གྲྭ་ཆེན་པོར་བརྟེན་ནས་བཅོས་སྐྱོང་ཆེན་པོར་སྣེ་ཁྲིད་བྱས་ཏེ་ལས་གྲྭར་དམ་འཛིན་ཡག་པོ་བྱེད་པ་དང་། སྲིད་ཇུས་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་ཆུ་དྭངས་མ་དང་དགུང་སྔོན་མོ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པར་སྣོད་བཅུད་འཛུགས་སྐྱོང་གི་ལས་གྲྭ་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། རང་ལྗོངས་ཀྱིས 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་པའི་འཆར་འགོད 》བཟོས་ཟིན་པས་ངེས་པར་དུ་དུས་ཚོད་དམ་འཛིན་གྱིས 《འཆར་འགོད 》ནང་གཏན་འཁེལ་བྱས་པའི་སྣོད་བཅུད་སྲུང་སྐྱོང་དང་། སྣོད་བཅུད་འཛུགས་སྐྱོང་། འདེགས་སྐྱོར་འགན་ལེན་བཅས་རིགས་ཆེ་ཁག་གསུམ་གྱི་ལས་གྲྭའི་རྣམ་གྲངས་བཅུ་ལག་ལེན་བསྟར་ནས་ཕྱུགས་བཀག་རྩྭ་གསོ་དང་། མི་ཐབས་ནགས་བཟོ། བྱེ་འགོག་བྱེ་བཅོས། རང་བྱུང་སྤང་ས་ལེགས་བཅོས་སོགས་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་ལས་གྲྭ་འཛུགས་སྐྲུན་བྱེད་པའི་ཚན་རིག་རང་བཞིན་དང་། རྒྱུན་སྲིང་རང་བཞིན། དངོས་ཕན་རང་བཞིན་བཅས་མཐའ་འཁྱོངས་བྱས་ནས་སྣོད་བཅུད་མ་ལག་རང་བཞིན་ངང་སླར་གསོ་ཡོང་རྒྱུར་སྐུལ་མ་ཧུར་ཐག་གཏོང་བ་དང་སྣོད་བཅུད་ཀྱི་ནུས་པ་སྲུང་སྐྱོང་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པར་སྣོད་བཅུད་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྩ་བའི་ཆ་ནས་སྣོད་བཅུད་ཁོར་ཡུག་ཞན་དུ་འགྲོ་བར་བཀག་འགོག་བྱེད་པ་དང་སྣོད་བཅུད་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་ཆེད་རང་ལྗོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་གྲུབ་འབྲས་ཡུན་རིང་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་ལ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བར་ཕན་ཐོགས་ཀྱང་ཡོད་པའི་སྣོད་བཅུད་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་བཟོས་པ་རེད། སླད་ཕྱིན་སྣོད་བཅུད་ཁ་གསབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྒྱལ་ཁབ་རིམ་པའི་སྤྱི་ཕན་ཤིང་ནགས་དང་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའི་ལམ་སྲོལ་བཟོ་བ། གཏེར་རིའི་ཁོར་ཡུག་བཅོས་སྐྱོང་དང་སྣོད་བཅུད་སླར་གསོའི་འགན་འཁྲིའི་ལམ་སྲོལ་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་སྣོད་བཅུད་འཛུགས་སྐྱོང་གི་ཕན་འབྲས་བརྟན་པོ་དང་རྒྱུན་སྲིང་ཡོང་རྒྱུའི་འགན་ལེན་བྱས་ཏེ་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་ཐུབ་པ་བྱ་དགོས། ད་དུང་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་ཁྲིམས་འཛིན་ནན་པོ་བྱེད་པ་དང་ཁོར་ཡུག་བདེ་འཇགས་སྲུང་སྐྱོང་བྱ་དགོས། ཆུ་ནུས་དང་། གཏེར་ཐོན། ཡུལ་སྐོར་སོགས་གནད་ཆེའི་ཐོན་ཁུངས་གསར་སྤེལ་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པར་སྣོད་བཅུད་ཁོར་ཡུག་ཁྲིམས་འཛིན་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གསར་སྤེལ་དང་འཛུགས་སྐྲུན་བྱ་རྒྱུར་མི་འཚམ་པའི་རྐྱེན་གྱིས་སྣོད་བཅུད་ལ་གཏོར་བརླག་ཐེབས་པ་དང་ཁོར་ཡུག་སྦགས་བཙོག་བཟོ་བའི་གནས་ཚུལ་སྔོན་འགོག་བྱེད་དགོས།

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པར་སྔར་ལས་ལྷག་པའི་ངང་ཁོར་ཡུག་ལེགས་བཅོས་དང་། སྦགས་བཙོག་བཅོས་སྐྱོང་། བཙོག་འབུད་ཉུང་གཏོང་། སྣོད་བཅུད་ཀྱི་སྤུས་ཀ་མཐོར་གཏོང་བཅས་བྱ་དགོས། ངེས་པར་དུ་གནད་ཆེའི་ཆུ་རྒྱུད་དང་ས་ཁོངས་ཀྱི་ས་ཆུ་ཤོར་བ་དང་ས་ཆ་བྱེ་འགྱུར་བྱེད་པར་ཕྱོགས་བསྡུས་བཅོས་སྐྱོང་དང་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཙོ་གནད་ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པ་དང་། ནུས་རྒྱུ་དང་ཐོན་ཁུངས་བེད་སྤྱོད་གཏོང་བའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ནུས་རྒྱུ་བསྲི་ཚགས་ཀྱི་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་བཀོད་གསར་པ། རྒྱུ་ཆ་གསར་པ་བཅས་ཁྱབ་སྤེལ་ཤུགས་ཆེན་གཏོང་བ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་ནུས་རྒྱུ་བསྲི་ཚགས་དང་། ཆུ་གྲོན་ཆུང་། ས་ཆ་གྲོན་ཆུང་། རྒྱུ་ཆ་གྲོན་ཆུང་སོགས་ཀྱི་བྱ་ཐབས་རབ་དང་རིམ་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས།

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པར་ཁོར་ཡུག་དང་། རྩྭ་ཐང་། ནགས་ཚལ། ས་ཆུ་སྲུང་འཛིན་སོགས་སྣོད་བཅུད་ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་བཏང་སྟེ་རྒྱུན་ལྡན་མིན་པའི་གནམ་གཤིས་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་། ས་གཤིས་ཀྱི་གནོད་འཚེ་ཚབས་ཆེན་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཉེན་བརྡ་གཏོང་བ། གེགས་འགོག་གེགས་སེལ་གྱི་ནུས་པ་འཛུགས་སྐྱོང་བཅས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རང་འགུལ་ལྟ་ཞིབ་ཚད་ལེན་མ་ལག་དང་། གནོད་འཚེའི་ལྟ་ཞིབ་ཚད་ལེན་དྲ་བ་དང་ཁོར་ཡུག་འཕྲལ་སྡོམ་མ་ལག ཁོར་ཡུག་སྲུང་སྐྱོང་གི་ཆ་འཕྲིན་མ་ལག་བཅས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་ཐོན་ཡུལ་དུ་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་བྱེད་ནུས་སྔར་བས་ཆེ་རུ་གཏོང་དགོས།

        ད་ལོའི་བོད་ཀྱི་དཔལ་འབྱོར་ལས་དོན་གྱི་ལས་འགན་གལ་ཆེན་ཡིན་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཟིན་པས་གོམ་སྟབས་རྗེས་མར་ངེས་པར་དུ་ཡིད་ཆེས་བརྟན་པོའི་ངང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།