དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འབད་འབུངས་ཡར་བརྩོན་གྱིས་འཕེལ་རྒྱས་དོན་གཉེར་དང་ཕྱར་བ་གྲུ་འདེགས་ཀྱིས་མཐུན་སྦྱོར་ལ་སྐུལ་མ་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

     ཆེད་བརྗོད།  

        རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་བདེ་བླག་ངང་ལེགས་པར་བསྒྲུབས་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་ལེན་བསྟར་ཉེར་ཡོད་པའི་སྐབས་སུ་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་རྒྱལ་ཁའི་ངང་འགོ་ཚུགས་པ་རེད། རང་ལྗོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་ཚོས་ཕྲག་སྟེང་དུ་ལས་འགན་ལྕི་པོ་ཁུར་བ་དང་མཉམ་དུ་འཛོམས་ཏེ་དོན་ཆེན་ལ་གྲོས་བསྡུར་དང་། ཐབས་བཟང་འདོན་པ། འཕེལ་རྒྱས་དོན་དུ་གཉེར་བ། མཐུན་སྦྱོར་ལ་སྐུལ་མ་གཏོང་བ་བཅས་བྱ་རྒྱུ་རེད། ང་ཚོས་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

        ད་རེས་ཀྱི་ཚོགས་འདུ་ནི་རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས་ད་རེས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་སྲིད་གྲོས་ཀྱི་འགན་ནུས་ནན་ཏན་ངང་ལག་ལེན་བསྟར་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་སྐུལ་སློང་བྱས་ནས་སྔར་བས་བསམ་བློ་གཅིག་གྱུར་དང་། སྙིང་སྟོབས་རབ་འཕེལ། ངར་ཤུགས་འཕེལ་བ་བཅས་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་འབད་འབུངས་ཡར་བརྩོན་དང་བྱས་རྗེས་ཆེན་པོ་འཇོག་པའི་བསམ་པའི་རྣམ་པའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་པ་དང་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཚན་རིག་དང་མཐུན་པའི་ངང་ལག་ལེན་བསྟར་རྒྱུར་སྐུལ་མ་གཏོང་བ་དང་ཕན་འབྲས་ངོ་མ་ཐོབ་པ་བྱེད་པ། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་མངོན་དུ་འགྱུར་བ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་རྒྱང་རིང་གཏིང་ཟབ་ལྡན་ཡོད།

        འདས་མ་ཐག་པའི་2010ལོ་ནི་རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་ལེན་བསྟར་བའི་རྒྱལ་ཕམ་ཐག་གཅོད་ཀྱི་ལོ་གཅིག་ཡིན་པས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་པས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། མ་འཇོག་དང་འཛད་སྤྱོད་འཕར་རྒྱུར་ཁྲིད་སྟོན་བྱེད་པའི་རྣམ་པ་རིམ་པས་བརྟན་དུ་སོང་བ། ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་བཟང་བ། གཙོ་གནད་ཐོག་དམངས་གཙོ་ལེགས་སུ་དང་སྤྱི་ཚོགས་བྱ་གཞག་སྒོ་ཀུན་ནས་སྐུལ་མ་གཏོང་བ། སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་ཏན་ཏིག་ནུས་ལྡན་བྱུང་བ། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་བཅས་བྱུང་ཡོད། དཔལ་འབྱོར་རྒྱུན་བསྲིང་ངང་འཕར་བ་དང་། དམངས་འཚོ་རྒྱུན་བསྲིང་ངང་ལེགས་སུ་འགྲོ་བ། སྣོད་བཅུད་རྒྱུན་བསྲིང་ངང་བཟང་དུ་འགྲོ་བ། སྤྱི་ཚོགས་རྒྱུན་བསྲིང་ངང་བརྟན་དུ་འགྲོ་བ་བཅས་ལ་བརྟེན་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཕེལ་རྒྱས་ཀྱི་འཆར་འགོད་ཡོངས་སུ་གྲུབ་པ་མ་ཟད “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་འཆར་འགོད་ལའང་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ལོ་གཅིག་རིང་རང་ལྗོངས་ཀྱི་རིམ་ཁག་མི་དམངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱས་སྟབས་ལག་ལེན་གྱི་ཐོག་ནས་རང་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འཚོ་བའི་ནང་མི་དམངས་སྲིད་གྲོས་ཀྱིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་པ་དང་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་སྟོབས་ཤུགས་ཤིག་ཡིན་པ་སླར་ཡང་ར་སྤྲོད་བྱུང་ཡོད།

        2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་སྒོ་ཀུན་ནས་ལག་ལེན་བསྟར་བའི་ལོ་དང་པོ་ཡིན་ཞིང་། འདི་ལོར་རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་བརྗོད་བྱ་གཙོ་བོར་བྱེད་པ་དང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་སུ་གཏོང་རྒྱུ་གཙོ་རྐང་བྱས་ཏེ་ལས་འགན་གཙོ་བོར་དམ་འཛིན་ནན་པོ་བྱེད་པ་དང་། ཐོན་ལས་སྐྱེད་སྲིང་བྱ་རྒྱུ་མངོན་གསལ་དུ་འཇོག་པ། རྣམ་གྲངས་འཛུགས་སྐྲུན་ལག་ལེན་མགྱོགས་པོ་བསྟར་བ། སྤྱི་ཚོགས་འཛད་སྤྱོད་ཆེ་རུ་གཏོང་བ། དམངས་འཚོ་ལེགས་སུ་ཧུར་ཐག་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་མཐའ་འཁྱོངས་བྱེད་པ། “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུ་འགན་ལེན་བྱེད་པ་བཅས་ཀྱི་དམིགས་ཚད་ལས་འགན་བཏོན་ཡོད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་བརྗིད་ཆེའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཐུབ་མིན་དེ་འགོ་ཚུགས་པའི་ལོ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དུས་བབ་ཀྱིས་མི་རྣམས་མདུན་དུ་བསྐྱོད་རྒྱུར་སྐུལ་མ་གཏོང་བ་དང་། དམིགས་ཚད་དེ་མི་སེམས་ལ་ལྕག་སྐུལ་བྱེད་པ་ཞིག་ཡོད་པ། ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ་བ་བཅས་ཡོད་སྟབས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འབུངས་ཡར་བརྩོན་བྱེད་དགོས། དེས་ཀྱང་རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་པ་དང་མི་དམངས་སྲིད་གྲོས་ཀྱིས་ལེགས་ཆ་འདོན་སྤེལ་བྱ་རྒྱུར་གོ་སྐབས་གསར་པ་དང་གར་སྟེགས་གསར་པ་མཁོ་འདོན་བྱས་ཡོད། གར་སྟེགས་དེའི་ཐོག་ང་ཚོའི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དུས་བསྟུན་འཕེལ་རྒྱས་དང་གསར་འབྱེད་གསར་གཏོད་བྱས་ནས་འགན་འཁྲི་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཆབ་སྲིད་ཁོང་དུ་ཆུད་ནུས་དང་། ཐབས་དང་ཇུས་འདོན་ནུས། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས། སྒྲིག་འཛུགས་མཐུན་སྦྱོར་བྱེད་ནུས་བཅས་མཐོ་རུ་ཏན་ཏིག་བཏང་སྟེ་བསམ་པའི་རྣམ་པ་གསར་རྐྱང་དང་འགན་འཁྲི་གཙང་སྒྲུབ་བྱེད་ནུས་དེ་བས་ཆེ་བའི་ཐོག་ནས “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་ཞིག་ཚུགས་ཕྱིར་ལེགས་སྐྱེས་འབུལ་དགོས།

        འབད་འབུངས་ཡར་བརྩོན་གྱིས་འཕེལ་རྒྱས་དོན་གཉེར་དང་ཕྱར་བ་གྲུ་འདེགས་ཀྱིས་མཐུན་སྦྱོར་ལ་སྐུལ་མ་གཏོང་དགོས། དུས་རབས་ཀྱི་ལས་འགན་ལྕི་པོ་དང་མི་དམངས་ཀྱི་མངགས་བཅོལ་ལྕི་པོ་ཁུར་བའི་སྲིད་གྲོས་ཨུ་ཡོན་ཚོས་ངེས་པར་དུ་ཚད་མཐོའི་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། ཉེན་བསམ་གྱི་འདུ་ཤེས་བཅས་ཀྱི་ཐོག་ནས་འགན་འཁྲི་ལེགས་སྒྲུབ་དང་། དམངས་གཙོ་དར་སྤེལ། ཕྱར་བ་གྲུ་འདེགས་བཅས་བྱས་ཐོག་རང་ལྗོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་བཏོན་ནས་ད་རེས་ཀྱི་ཚོགས་འདུ་དེ་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་འཚོག་རྒྱུའི་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

        ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།