དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གཏན་འཁེལ་གནང་བའི་2011ལོའི་ལས་ཀའི་གཙོ་གནད་ཆེ་གྲས་བདུན་གྱི་གྲས་གཅིག་ནི་དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུའི་འགན་ལེན་བྱེད་དགོས་པ་དེ་རེད། ཚོགས་འདུའི་ཐོག་ངེས་པར་དུ་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་རྒྱུ་དེ་འགོ་ཚུགས་ས་དང་དོན་ལ་བབས་སར་བརྩིས་ནས་སྤྱི་ཚོགས་བྱ་གཞག་གི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད། དེ་ལྟར་བྱས་ཚེ་གཞི་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པའི་དམིགས་ཡུལ་དངོས་འབྲེལ་མངོན་འགྱུར་ཡོང་ཐུབ།

        ང་ཚོའི་འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་དམངས་འཚོ་འགན་ལེན་བྱེད་པ་དང་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་དངོས་པོ་དང་རིག་གནས་འཚོ་བའི་ཐད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་དགོས་མཁོ་བསྐོངས་ནས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བ་དང་། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ། འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་བཅས་བྱེད་དགོས། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུ་འགན་ལེན་བྱེད་པ་དང་ཆབས་ཅིག་ངེས་པར་དུ་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་བྱེད་པ་དང་སྤྱི་ཚོགས་བྱ་གཞག་གི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་བྱས་ཚེ་གཞི་ནས་དམངས་འཚོ་ནུས་ལྡན་ངང་འགན་ལེན་ཐུབ་པ་དང་ལེགས་སུ་གཏོང་ཐུབ་ལ་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་བའི་དམིགས་ཡུལ་ཡང་གཞི་ནས་བློས་འགེལ་ཆོག་པའི་འགན་ལེན་བྱེད་ཐུབ། ངེས་པར་དུ་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ནང་གི་སྤྱི་པའི་ནོར་སྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་སྤྱི་ཚོགས་བྱ་གཞག་ཐད་སྤྱི་པའི་ནོར་སྲིད་ཀྱི་གཏོང་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་རྒྱུ་དེ་སྤྱི་པའི་ནོར་སྲིད་སྔོན་གཏོང་གི་ཁ་ཕྱོགས་སུ་བརྩིས་ཏེ་ནོར་ཤུགས་དེ་བས་མང་བ་ཞིག་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནང་འཇོག་པ་དང་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཐོག་དོན་འཁྱོལ་བྱས་ཏེ་སྲིད་ཇུས་དང་མ་དངུལ་དེ་བས་མང་ཞིང་ལེགས་པ་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཐག་རིང་བའི་ས་ཁུལ་དུ་གཟིགས་སྐྱོང་བྱས་ནས་དྲོ་སྐྱིད་དང་དངོས་ཕན་དེ་བས་མང་བ་ཞིག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྦྱིན་ཐུབ་པ་བྱས་ཐོག སྤྱི་ཚོགས་བྱ་གཞག་གི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་ཞབས་ཞུ་བཏང་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་དེ་བས་མང་བ་ཞུ་བ་དང་འཚོ་བའི་ཆ་རྐྱེན་དེ་བས་ལེགས་པ་ཞིག་གཏོད་དགོས།

        སློབ་གསོ་ནི་དམངས་ཡོངས་ལ་ཕན་པ་ཐོབ་པའི་བྱ་གཞག་ཅིག་རེད། དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུ་འགན་ལེན་བྱེད་པར་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་གྱི་ལས་གྲྭ་ལག་ལེན་བསྟར་ཤུགས་མགྱོགས་སུ་གཏོང་བ་དང་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་ཧུར་ཐག་གཏོང་དགོས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་བླང་བྱ་ལྟར་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་གྱི་ལས་གྲྭ་མགྱོགས་སུ་བཏང་སྟེ་བྱིས་པའི་སློབ་གསོའི་འཆར་གཞི་ལག་ལེན་བསྟར་བ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བ། མཐོ་རིམ་སློབའབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བ་བཅས་གཙོ་གནད་དུ་བརྩིས་ནས་གཞི་རྒྱ་ཆེན་པོས་སློབ་གསོའི་གཙོ་གནད་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་སློབ་གཉེར་ཆ་རྐྱེན་ལེགས་སུ་ཧུར་ཐག་གཏོང་བ་དང་ཆབས་ཅིག་གཞི་རྒྱ་ཆེན་པོས་དགེ་རྒན་གྱི་སྟོབས་ཤུགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་དང་རིམ་པ་དང་རིགས་ཁག་གི་དགེ་རྒན་དཔུང་ཁག་གི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ་སློབ་མར་སློབ་སྦྱོང་དང་། འཚོ་བ། འཚར་ལོངས་བཅས་ཡོང་ཆེད་ཁོར་ཡུག་དང་ཆ་རྐྱེན་ལེགས་པོ་ཞིག་གཏོད་དགོས།

        མི་དམངས་མང་ཚོགས་ཀྱི་བདེ་ཐང་ནི་འཚོ་བའི་སྤུས་ཚད་ཀྱི་དམིགས་ཚད་གལ་ཆེན་ཞིག་ཡིན་ལ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་རེད། དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུའི་འགན་ལེན་བྱེད་པར་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང “ཞིང་འབྲོག་མང་ཚོགས་ཀྱི་གཟུགས་གཞི་ཐང་དུ་གཏོང་བའི་བྱ་སྤྱོད ”ལག་ལེན་ཤུགས་ཆེན་བསྟར་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་ལེགས་པོ་ཞིག་མཁོ་འདོན་བྱས་ནས་དམངས་ཡོངས་ཀྱི་གཟུགས་གཞི་རྒྱུན་ཆད་མེད་པར་ཐང་དུ་གཏོང་དགོས། དམངས་ཡོངས་གཟུགས་གཞི་ཐང་པོ་མེད་ན་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་མི་ཐུབ་ཅེས་བརྗོད་ཆོག སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཇུས་གཞི་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ་འཛུགས་སྐྲུན་ལ་གཙོ་གནད་དུ་སྐུལ་མ་བཏང་སྟེ་གྲོང་ཁྱེར་གྱི་སྨན་པས་གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པ་དང་། གོང་རིམ་འཕྲོད་བསྟེན་སྒྲིག་གཞིས “སྨན་པ་རྐང་རྗེན་མ ”གསོ་སྦྱོང་བྱེད་པ། བོད་སྐྱོར་ཞིང་ཆེན་དང་བོད་སྐྱོར་གྱི་སྨན་བཅོས་རུ་ཁག་སྤྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་གནས་སྐབས་རང་བཞིན་གྱི་བྱ་ཐབས་དང་སྟོབས་ཤུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་བྱས་ནས་སྨན་བཅོས་ཞབས་ཞུའི་ཁྱབ་ཚད་དང་སྟབས་བསྟུན་རང་བཞིན་ཆེ་རུ་བཏང་སྟེ་ཚང་མར་ན་ཚ་ཡོད་ན་ལྟ་ཐུབ་པ་བྱེད་པ་དང་དུས་མཚུངས་འཆར་གཞི་དང་གཙོ་གནད་ཡོད་པའི་སྒོ་ནས་ཡུལ་ནད་དང་། ས་མཐོ་མི་འཕྲོད་པའི་ནད། འགོ་ནད་བཅས་འགོག་བཅོས་ཀྱི་ལས་ཀར་དམ་འཛིན་ཡག་པོ་བྱས་ཐོག་མི་རིགས་ཁག་གི་མི་དམངས་ལ་བདེ་ཐང་གི་ཞབས་ཞུ་ལེགས་ཤིང་སྟབས་བདེ་བ་མཁོ་འདོན་བྱས་ནས་དམངས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།

        ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་དར་གཞོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་རེད། དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུ་འགན་ལེན་བྱེད་པར་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་ཆེས་ཆེར་རྒྱག་པ་དང་ཞིང་འབྲོག་མང་ཚོགས་དར་གཞོན “ཚང་མར་རྩལ་ནུས་ལྡན་པའི་འདུ་འགོད ”སྒོ་ཀུན་ནས་ལག་ལེན་བསྟར་ཏེ་ཞིང་འབྲོག་མང་ཚོགས་དར་གཞོན་ལ་ལས་ཞུགས་དང་ལས་གཏོད་ཐད་མཐུན་རྐྱེན་དེ་བས་མང་བ་ཞིག་གཏོད་དགོས། ལས་ཞུགས་དང་ལས་གཏོད་ཀྱི་རྨང་གཞི་ནི་ལས་གནས་གསར་སྤེལ་བྱ་རྒྱུ་ཡིན་པ་དང་། སྲོག་ཤིང་ནི་གཟིགས་སྐྱོང་སྲིད་ཇུས་ཡིན་པ། འགག་རྩ་ནི་རྩལ་ནུས་ཁོང་དུ་ཆུད་རྒྱུར་ཐུག་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་དལ་སྤྱད་ནས་ཞིང་འབྲོག་མང་ཚོགས་དར་གཞོན་རྣམས་ཡོངས་ཁྱབ་ཏུ་རེས་སྐོར་གསོ་སྦྱོང་ཐེངས་རེ་བྱས་ནས་ཞིང་འབྲོག་མང་ཚོགས་རྣམས་གསོ་སྦྱོང་བྱས་པ་བརྒྱུད་ལག་རྩལ་སྣེ་གཅིག་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པའི་འཇོན་ཐང་ཁོང་དུ་ཆུད་ཐུབ་པ་བྱེད་དགོས།

        རང་ལྗོངས་སུ་ད་དུང་མང་ཚོགས་ཁག་གཅིག་གི་འཚོ་བ་དབུལ་ཞིང་དཀའ་ངལ་ཆེ་བ་ཞིག་ཡོད། དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུ་འགན་ལེན་བྱེད་པར་དབུལ་སྐྱོར་གསར་སྤེལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་འབྲེལ་མཐུད་ཀྱི་ལས་ཀའི་འཆར་གཞི་སྒོ་ཀུན་ནས་ལག་ལེན་བསྟར་ཏེ་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1450ལས་དམའ་བ་ཡོད་པའི་དབུལ་ཞིང་དཀའ་ངལ་ཆེ་བའི་མི་རྣམས་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་སུ་བཅུག་སྟེ་དང་ཐོག་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། རྨང་གཞི་དེའི་སྟེང་ཆེད་དོན་དབུལ་སྐྱོར་གསར་སྤེལ་གྱི་འཆར་གཞི་བཟོས་ཏེ་ཏན་ཏན་ཏིག་ཏིག་ངང་རིམ་བཞིན་གཙོ་གནད་དུ་སྐུལ་མ་གཏོང་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པའི་གྲུབ་འབྲས་བརྟན་དུ་བཏང་སྟེ་ཞིང་འབྲོག་ཁུལ་དང་དབུལ་ཞིང་དཀའ་ངལ་ཆེ་བའི་ཁྱུ་ཚོགས་ཀྱི་སྤྱི་ཚོགས་འགན་ལེན་གྱི་ཞབས་ཞུ་དང་དབང་པོ་སྐྱོན་ཅན་གྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་ཞིང་དཀའ་ངལ་ཆེ་བའི་མང་ཚོགས་ལ་ཟས་གོས་ཀྱི་བརྟེན་ས་ཡོད་པ་དང་འཚོ་བ་འགན་ལེན་ཡོད་པ་བྱེད་དགོས།

        ཚན་རྩལ་དང་དམངས་འཚོ་འབྲེལ་བ་དམ་ཟབ་ཡོད། དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུ་འགན་ལེན་བྱེད་པར་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། དམངས་ཡོངས་ཀྱི་ཚན་རྩལ་བྱང་ཚད་མཐོ་རུ་དང་ལས་ཆོད་ཆེ་རུ་གཏོང་རྒྱུར་དམིགས་ནས་ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེར་བརྩིས་ནས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་ཀའི་འཆར་གཞི་བཟོས་ཐོག ཚན་རྩལ་ཁྱབ་གདལ་དང་ཁྱབ་སྤེལ་གཏོང་བའི་ལས་ཀ་བྱེད་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཚན་རིག་སྦྱོང་བ་དང་། ཚན་རིག་ལ་ཡིད་ཆེས་བྱེད་པ། ཚན་རིག་སྤྱོད་པ་བཅས་ཐུབ་པ་བྱེད་དགོས།

        རིག་གནས་འཛུགས་སྐྲུན་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་འབྲེལ་བ་ཟབ་པོ་ཡོད། དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུ་འགན་ལེན་བྱེད་པར་དྲིལ་བསྒྲགས་དང་། སློབ་གསོ། རིག་གནས་བཅས་ཀྱི་གཙོ་གནད་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་དགོས། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་གནས་ཀྱིས་དམངས་ལ་ཕན་པ་འདོགས་ཤུགས་ཆེ་རུ་བཏང་སྟེ་རླུང་འཕྲིན་བཪྙན་འཕྲིན “གྲོང་ཚོ་ཚང་མར་ཁྱབ་པ ”དང “དུད་ཚང་ཚང་མར་ཁྱབ་པ ”དང་། གྲོང་གསེབ་ཀྱི་རིག་གནས་ཁང ( ས་ཚིགས ) ཞིང་འབྲོག་ཁུལ་དུ་གློག་བཪྙན་སྟོན་པ། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་དུ་སྤྱོད་པ། ཞིང་དུད་དེབ་ཁང་སོགས་རིག་གནས་དམངས་ཕན་གྱི་འདུ་འགོད་སྔར་བས་ལག་ལེན་ལེགས་པར་བསྟར་དགོས། ཕུལ་དུ་བྱུང་བའི་བོད་ཡིག་གི་བསམ་པའི་རིག་གནས་ཀྱི་བརྩམས་བྱ་འདོན་ཤུགས་ཆེ་རུ་གཏོང་བ་དང་རླུང་འཕྲིན་བཪྙན་འཕྲིན་བོད་སྐད་དུ་ཕབ་སྒྱུར་བྱེད་ནུས་ཆེ་རུ་གཏོང་བ། བོད་ཡིག་པར་སྐྲུན་དངོས་པོ་རིན་པ་མི་དགོས་པར་སྤྲོད་རྒྱ་ཆེ་རུ་གཏོང་དགོས། གཞི་རིམ་གྱི་དམངས་ཁྲོད་རིག་རྩལ་ཚོགས་པར་རོགས་སྐྱོར་ཤུགས་ཆེ་དང་མང་ཚོགས་སོ་སོས་བཟོས་པའི་སྐྱོན་བྲལ་ཡར་བརྩོན་གྱི་རིག་རྩལ་དང་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་དྲ་སྦྲེལ་ཤོང་ཆེ་མཐུད་རྒྱུ་ཁྱབ་གདལ་གཏོང་བ་དང་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པར་དེང་རབས་རྒྱང་ཁྲིད་སློབ་གསོ་དང་བེད་སྤྱོད་གཏོང་རྒྱ་ཆེ་རུ་བཏང་སྟེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་གནམ་འོག་གི་བྱ་བ་ཤེས་པ་དང་ཁྲོམ་ར་ཆེན་པོ་དང་འབྲེལ་བ་བྱེད་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།