དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ་དང་། མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-05-09

        གངས་ལྗོངས་ས་གཞི་ཆེ་མོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི “ལོ་ལྔ་ཚན་བཅུ་གཅིག་པར ”བསྟོད་གླུ་ཕུལ།

        ས་མཐོར་དགའ་སྤྲོའི་རྣམ་པས་ཁེངས་བཞིན་བོད་ལྗོངས་གསར་པའི་མ་འོངས་པ་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུར་སྨོན་འདུན་ཞུས།

        ཞོགས་པ་སྔ་པོའི་ཉི་གཞོན་དང་པོ་རི་བོ་ཧི་མ་ལ་ཡའི་རི་རྩེར་འཕྲོ་བའི་སྐབས་འདིར་ང་ཚོས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལེགས་གྲུབ་ཕུན་སུམ་ཚོགས་པོ་བྱུང་བར་དགའ་སྤྲོས་ཁེངས་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཕུགས་འདུན་ཆེན་པོ་འཆང་བཞིན་དུ་ལོ་གསར་པ་བསུས།

        འདས་ཟིན་པའི་2010ལོ་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”རྒྱལ་ཕམ་ཐག་གཅོད་ཀྱི་ལོ་ཞིག་ཡིན། ལོ་དེའི་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་དང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་པ། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཡོད། ལོ་དེའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གོམ་པ་གསར་པ་སྤོས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཐད་གྲུབ་འབྲས་ཆེན་པོ་དང་གྲུབ་འབྲས་དངོས་ཐོབ་ཡོད་ཅིང་། དཔལ་འབྱོར་སྤྱི་འབོར་ཆེས་ཆེར་འཕར་བ་དང་། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་བ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ། བདེ་སྡོད་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་བ། ཞིང་འབྲོག་ཁུལ་དུ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། སྤྱི་ཚོགས་དུས་བབ་རྒྱུན་བསྲིང་བརྟན་པོ་བྱུང་བ་བཅས་ཀྱི་ཐོག་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་ཡོད།

        འགོ་འཛུགས་ས་གསར་པའི་ཐོག་ལངས་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ། 2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བའི་ལོ་ཞིག་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན།

        2011ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ཡག་པོ་བསྒྲུབས་ཏེ་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་པ་ཡག་པོ་ཞིག་སྤོ་རྒྱུར་འགན་ལེན་བྱེད་པ་དེས་རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཕྱོགས་ཁག་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་དུས་བབ་ལ་འཕྱུགས་མེད་དབྱེ་ཞིབ་བྱེད་པ་དང་2011ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་དེ་བས་ཆེ་རུ་བཏང་སྟེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བ་བྱེད་དགོས།

        རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བ་བྱེད་པར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འདི་ཉིད་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བདེ་བླག་ངང་ལག་བསྟར་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱ་ལྟར་མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་འགན་ལེན་བྱེད་དགོས་པ་དང་། བདེ་སྡོད་ལས་བརྩོན་ཚད་བརྒལ་བྱེད་སར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་འབྲོག་ཁུལ་གྱི་རྣམ་པ་ལེགས་སུ་འགྲོ་རྒྱུར་འགན་ལེན་བྱེད་དགོས་པ། ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཏན་ཏིག་བཏང་ནས་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་ཧུར་ཐག་གཏོང་རྒྱུར་འགན་ལེན་བྱེད་དགོས་པ། ནང་མཁོ་རྒྱ་ཆེར་བཏང་ནས་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་དར་རྒྱས་ཆེན་པོ་ཡོང་རྒྱུ་འགན་ལེན་བྱེད་དགོས་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་བཏང་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུ་འགན་ལེན་བྱེད་དགོས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་རྒྱུན་བསྲིང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་འགན་ལེན་བྱེད་དགོས་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏན་ཏིག་བཏང་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་རྒྱུ་འགན་ལེན་བྱེད་དགོས་པ་བཅས་རེད།

        རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ་དང་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བ་བྱེད་པར་བློ་ནུས་ཡོད་རྒུས་བརྟན་ལྷིང་ལ་མུ་མཐུད་སྲུང་སྐྱོང་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བདེ་བླག་བྱེད་ཆེད་དེ་བས་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས།

        རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་པར་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དམངས་འཚོར་མུ་མཐུད་ཕན་པ་བསྐྲུན་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བདེ་བླག་བྱེད་ཆེད་སྲ་ཞིང་བརྟན་པའི་མང་ཚོགས་ཀྱི་རྨང་གཞི་ཞིག་འདིང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་ནི་ང་ཚོའི་ལས་ཀ་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པ་དང་རང་ལྗོངས་ཀྱི་ལས་ཀའི་སྤྱི་ཡོངས་དང་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རང་ལྗོངས་ཀྱི་དམངས་འཚོ་ལེགས་སུ་ཆེན་པོ་ཕྱིན་པ་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་དགའ་འོས་པ་ཐོབ་ཡོད། ང་ཚོས་རྨང་གཞི་འདིའི་ཐོག་མུ་མཐུད་ནོར་ཤུགས་སྔར་བས་མང་བ་ཞིག་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་གཏོང་རྒྱུ་དང་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཐོག་དོན་འཁྱོལ་བྱས་ཏེ་སྲིད་ཇུས་དང་མ་དངུལ་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་རྒྱང་རིང་མཐའ་མཚམས་ས་ཁུལ་དུ་དེ་བས་མང་བ་དང་དེ་བས་ལེགས་པའི་སྒོ་ནས་ཕྱོགས་ཏེ་རྒྱ་ཆེའི་ཞིང་འབྲོག་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་དེ་བས་མང་བའི་དྲོ་སྐྱིད་དང་ཕན་བདེ་ཚོར་བ་བྱེད་དགོས། སློབ་གྲྭར་འགྲོ་བ་དང་། སྨན་བཅོས་བྱེད་པ། ལས་ཞུགས་བྱེད་པ། སྤྱི་ཚོགས་འགན་ལེན། ཚན་རྩལ་ཁྱབ་གདལ། རིག་གནས་ཞབས་ཞུ་སོགས་མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་མི་སེར་གྱིས་དོ་ཁུར་བྱེད་པའི་བྱ་བ་ཡག་པོ་སྒྲུབ་ནས་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་ཡོང་བ་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མང་ཚོགས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་ཐུབ་པ་བཅས་ངོ་མ་ཡོང་བ་བྱེད་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་པར་བློ་ནུས་གང་ཡོད་བཏོན་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”འགོ་ལེགས་པོ་འཛུགས་རྒྱུ་འགན་ལེན་བྱེད་དགོས། 2011ལོར “ལོ་ལྔ་ཚན་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་པའི་ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དམིགས་ཚད་དང་བླང་བྱར་གཞིགས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་རྒྱུ་འགན་ལེན་ཐུབ་མིན་གྱི་འགག་རྩ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་ནུས་གང་ཡོད་བཏོན་ནས་དོན་འཁྱོལ་དམ་འཛིན་བྱེད་མིན་ལ་རག་ལུས་ཡོད།

        རྟ་མཆོག་ཤུགས་དང་ལྡན་པས་རྒྱང་སྐྱོད་བྱེད་པར་ཡ་མི་ང་། སྔ་འཛིན་ཕྱི་གཏོད་བྱས་ནས་ལེའུ་གསར་པ་རྩོམ་ལ་འབད། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་ཡོལ་ཆེན་ཕྱེ་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང་། གསར་གཏོད་གསར་འབྱེད་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་བརྩོན་ལེན་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།