དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་དང་གཙོ་རྐང་ཡོངས་སུ་ཁྱབ་པ་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་བརྟན་པོ་སྤོ་རྒྱུའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།     ལོ་ལྔའི་འབད་འབུངས་བྱས་པ་ལས་གཡུར་ཟའི་འབྲས་བུ་བཏགས། སྔར་འཛིན་ཕྱི་གཏོད་བྱས་ནས་བྱ་གཞག་གི་ལས་འགོ་བརྩམས།   

        ད་རེས་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་སྒོ་ཀུན་ནས་ལེགས་སྒྲུབ་བྱས་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་འགངས་ཆེའི་ཚོགས་འདུ་ཞིག་ཡིན། ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་དེང་གི་དཔལ་འབྱོར་དུས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། འདི་ལོ་དང་དེ་བཞིན “ལོ་ལྔ་ཚན་བཅུ་གཅིག་པའི ”དུས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་བྱས་པ། སང་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད་པས། དེར “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་བརྟན་པོ་སྤོ་རྒྱུར་འགངས་ཆེའི་དོན་སྙིང་ལྡན་ཡོད།

        འདས་ཉེར་ཡོད་པའི་ལོ་འདི་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་ལེན་བསྟར་བའི་མཐའ་མའི་ལོ་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་ཚོགས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་བཀོད་སྒྲིག་གནང་བ་དེ་ནི་བོད་དུ་ཏང་གི་ལས་དོན་སྒྲུབ་པའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་ཡིན། ལོ་གཅིག་རིང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་ལས་འགན་ཤིན་ཏུ་ལྕི་བའི་མདུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྟོབས་ལྡན་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཞུགས་སྐབས་གནང་བའི་འགངས་ཆེའི་གསུང་བཤད་ཀྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམིགས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། “ཐོན་ལས་དང་པོ་ཆུ་ཚད་ཐོག་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་ཆགས་རྒྱུ་བཅས་ལ་སྐུལ་འདེད་བཏང་སྟེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་བཀོད་ཀྱི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཐུབ་པ་བྱུང་ཡོད།

        “ལོ་ལྔ་ཚན་བཅུ་གཅིག་པ ”ནི་རང་ལྗོངས་འཕེལ་རྒྱས་གཏོང་རིང་འབད་འབུང་ལ་སྟོབས་བརྩོན་བྱས་པའི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་པ་དང་ལས་འགན་དཀའ་ཚེགས་ཆེ་ལ་ཪྙོག་འཛིང་ཆེ་བ་དང་དོན་ཆེན་དང་དཀའ་གནད་རྫོགས་མཐའ་མེད་པར་ཐོན་པར་བརྟེན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་བབ་ལ་བརྡར་ཤ་ཡང་དག་བཅད་པ་དང་ནུས་ལྡན་གྱི་ཁ་གཏད་ཧུར་ཐག་བཅག་ནས་བརྗོད་བྱ་གཙོ་བོ་ཡིན་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། ལྷག་བསམ་ཟོལ་མེད་ངང་དམངས་འཚོར་ཕན་པ་ཡོང་བ་བྱེད་པ། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། ཏན་ཏན་ཏིག་ཏིག་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་བཅས་ལོ་ལྔ་ཡི་འབད་བརྩོན་བྱས་པ་བརྒྱུད་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། བྱ་གཞག་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་བ་བཅས་ཀྱི་ཐོག་ནས་འོད་སྟོང་འབར་བའི་བྱས་རྗེས་གསར་པ་སླར་ཡང་བཏོད་ཡོད།

        འཆར་ཉེར་ཡོད་པའི་2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པ་མ་ཟད “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་ལེན་བསྟར་རྒྱུའི་ལོ་འགོ་ཞིག་དང་འགག་རྩའི་ལོ་ཞིག་ཀྱང་ཡིན་པས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་ལས་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་བརྟན་པོ་སྤོ་རྒྱུའི་ངོས་ནས་བརྗོད་ན་འགངས་ཆེའི་དོན་སྙིང་ལྡན་ཡོད་པར་བརྟེན་ང་ཚོས་ངེས་པར་དུ་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ཏེ་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགངས་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་རྒྱུ་དང་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་མཐུན་རྐྱེན་མཐོང་བ་བྱས་ཏེ་ཡིད་ཆེས་ཆེ་རུ་གཏོང་དགོས་ལ་འཕྲད་པའི་དཀའ་ངལ་དང་འགལ་བ་མཐོང་ཐུབ་པ་བྱས་ཏེ་རིག་པ་དྭངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་དང་དུས་བབ་མི་འཕྱུགས་པའི་ངང་ཁོང་དུ་ཆུད་པ་བྱས་ཐོག་ལས་ཀའི་རང་འགུལ་རང་བཞིན་དང་། སྔོན་དཔག་རང་བཞིན་བརྒྱུད་རིམ་རང་བཞིན་བཅས་ཆེ་རུ་བཏང་ནས་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ཏན་ཏིག་སྒྲུབ་དགོས།

        དང་ཐོག་ངེས་པར་དུ་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་རེ་བ་ཁོང་དུ་ཏན་ཏིག་ཆུད་དགོས་པ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་བཅས་ལ་གཞིགས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་བརྗོད་བྱ་གཙོ་བོར་བྱེད་པ། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་ཏེ་ལས་འགན་ཨང་དང་པོ་དམ་འཛིན་བྱེད་པ་དང་ཐོན་ལས་སྐྱེད་སྲིང་མངོན་གསལ་དོད་པོ་ཡོང་བ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། དམངས་འཚོ་ལེགས་སུ་ཤུགས་ཆེན་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་ཡོང་བ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱ་ཆེར་དང་སྲ་བརྟན་དུ་གཏོང་དགོས།

        དུས་སང་དཔལ་འབྱོར་ལས་དོན་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་ཞིག་ཡོད་པས་སྤྱིའི་རེ་བ་དེ་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུ་འགན་ལེན་བྱེད་པར་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་གཙོ་གནད་མངོན་གསལ་དོད་དུ་བཏང་ནས “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལེགས་པོ་དང་། མགྱོགས་པོ། ཆེན་པོ་བཅས་གཅིག་གྱུར་ཏན་ཏིག་ཡོང་བའི་འབད་བརྩོན་བྱས་ཏེ་གཙོ་གནད་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས།

        མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཆེ་རུ་གཏོང་རྒྱུ་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་ནི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན་པས་ངེས་པར་དུ་སྔ་ཙམ་འཛིན་པ་དང་། མགྱོགས་ཙམ་འཛིན་པ། ཡག་པོ་འཛིན་པ་བཅས་བྱེད་དགོས། རྣམ་གྲངས་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་རྩ་གནད་སྒྲིག་བཟོ་དང་རྒྱལ་ཁབ་ཀྱི་མ་འཇོག་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ་རང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་དང་འབྲེལ་བའི་གཙོ་གནད་རྣམ་གྲངས་ཁག་གཅིག་ཇུས་འགོད་དམ་འཛིན་བྱས་ནས་རྣམ་གྲངས་གལ་ཆེན “ཁག་གཅིག་བསྐྲུན་གྲུབ་ན། ཁག་གཅིག་ལག་བསྟར་བྱེད་པ་དང་ཁག་གཅིག་འཆར་འགོད་བྱེད་པའི ”འཁོར་རྒྱུག་བཟང་པོ་ཞིག་ཆགས་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། ཆོག་མཆན་མགྱོགས་པོ་བཀོད་དེ་མགྱོགས་པོ་བསྐྲུན་དགོས་པ་དང་ལས་འགོ་གསར་དུ་བཙུགས་པའི་རྣམ་གྲངས་གལ་ཆེན་ལ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁྲོད་མ་དངུལ་དང་། ས་ཆ། ཁོར་ཡུག་སྲུང་སྐྱོང་། འཆར་འགོད་དང་སྐྲུན་ཡུལ་འདེམས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྐྲུན་བཞིན་པའི་རྣམ་གྲངས་ལ་འཛུགས་སྐྲུན་གྱི་དུམ་མཚམས་ཁ་གསལ་དང་ལས་གྲྭའི་དུས་ཚོད་བཀོད་སྒྲིག་བྱས་ཏེ་མགྱོགས་མྱུར་བསྐྲུན་ནས་ཐོན་སྐྱེད་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་གསར་པ་ཁག་གཅིག་སྣོན་རྒྱུ་འགན་ལེན་བྱེད་དགོས་པ། མ་དངུལ་དམིགས་སར་འབྱོར་ཤུགས་ཆེ་རུ་བཏང་སྟེ་སྤྲོད་དགོས་པའི་མ་དངུལ་ཆད་ལུས་མེད་པར་སྤྲོད་དགོས་པ་དང་ཉིན་གཅིག་ཀྱང་ནར་འགྱངས་མི་གཏོང་བའི་ཐོག་རྣམ་གྲངས་འཛུགས་སྐྲུན་སྔ་ཙམ་ལས་འགོ་འཛུགས་པ་དང་། སྔ་ཙམ་ལག་བསྟར་བྱེད་པ། སྔ་ཙམ་ཕན་འབྲས་ཐོན་རྒྱུར་བརྩོན་ལེན་བྱེད་དགོས།

        བདེ་སྡོད་ལས་བརྩོན་ཚད་བརྒལ་སར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་འབྲོག་ཁུལ་གྱི་རྣམ་པ་ལེགས་སུ་ཆེན་པོ་གཏོང་རྒྱུ་འགན་ལེན་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ་ལས་འགན་ཨང་དང་པོར་དམིགས་ནས “བདེ་སྡོད ”དང “ལས་བརྩོན ”གྱི་ལས་གཞི་གཉིས་ཡག་པོ་བསྒྲུབས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་འགའ་སྒྲུབ་ཐུབ་པ་བྱེད་དགོས། བདེ་སྡོད་ལས་གྲྭ་རྒྱ་ཆེར་བཏང་སྟེ་བདེ་སྡོད་ལས་གྲྭས་མང་ཚོགས་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས། ཆ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ཆུ་དང་། གློག ལམ། འཕྲིན་གཏོང་། རྫབ་རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་སྲིད། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་བརྒྱད་པོའི་འདུ་འགོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་དགོས། ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་འགན་ལེན་བྱས་ཏེ་ཞིང་འབྲོག་ལས་ཀྱི་ནང་ཁུལ་གྱི་འབབ་འཕར་གྱི་མངོན་མིན་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ་ཞིང་ལས་མ་ཡིན་པའི་ལས་ཞུགས་ཀྱི་འབབ་འཕར་ཁོར་ཡུག་རྒྱ་ཆེ་རུ་བཏང་ཐོག་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་དགོས། བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དར་སྤེལ་བཏང་སྟེ་རིག་གནས་གསར་པ་དང་། འཚོ་བ་གསར་པ། ཞིང་པ་གསར་པ་བཅས་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

        ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཏན་ཏིག་བཏང་ནས་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུར་འགན་ལེན་བྱེད་དགོས། མཚོ་བོད་ལྕགས་ལམ་གྱི་ཁྱབ་འགྱེད་ཀྱི་ནུས་པ་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་དེ་གའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞིའི་དོན་དངོས་ནས་འགོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གནད་དམ་འཛིན་དང་། ལམ་ཐིག་དམ་འཛིན། ཡུག་གཅིག་དམ་འཛིན། ལས་རིགས་སྤུས་དག་དམ་འཛིན། སྤུས་རྟགས་དམ་འཛིན་བཅས་བྱེད་པ་དང་མྱུར་སྤེལ་དང་། སྤུས་ཀ་ལེགས་གཏོང་། ཕན་ནུས་ཆེར་གཏོང་བཅས་བྱེད་པ། འགོ་འཛུགས་ས་མཐོ་པོ་དང་། གཞི་ཁྱོན་ཆེན་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་ཁུལ་ཆེན་ཧུར་ཐག་གཏོད་དགོས། གནད་དམ་འཛིན་བྱེད་པ་ནི་ཁྱད་ལྡན་ཐོན་ལས་གླིང་དང་ཁུལ་ཁག་གཅིག་སྐྱེད་སྲིང་བྱས་ཏེ་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་གཏོང་ཡག་ཤོས་ཀྱི་ས་ཁུལ་ཞིག་ཏུ་འགྱུར་གང་ཐུབ་བྱེད་པ་དང་། ལམ་ཐིག་དམ་འཛིན་བྱེད་པ་ནི་མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་དང “ཆུ་བོ་གཅིག་དང་གཙང་པོ་གསུམ ”རྒྱུག་ཁུལ་གསར་སྤེལ་དམ་འཛིན་ཡག་པོ་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཁུལ་ཁག་གཅིག་བསྐྲུན་དགོས་པ། ཡུག་གཅིག་དམ་འཛིན་བྱེད་པ་ནི་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་ཁག་གཅིག་གཏོད་དགོས་པ། ལས་རིགས་སྤུས་དག་དམ་འཛིན་བྱེད་པ་ནི་ཁྱད་ལྡན་ཡུལ་སྐོར་ལས་རིགས་ཆེ་གྲས་དམ་འཛིན་དང་། ཡུལ་སྐོར་རྩེ་གྲ་གཏོད་པ། ཐུན་མིན་གཏོད་པ་བཅས་བྱས་ཐོག་ཁྱད་ལྡན་ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་དང་རྩེ་གྲ་གཏོད་དེ་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་ཐོན་ཟོག་གི་ལས་སྣོན་དང་མི་རིགས་ཀྱི་ཁྱད་ལྡན་བཟོ་རྩལ་ཐོན་ཟོག་ཐོན་སྐྱེད་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པ། གཏེར་ཁའི་ཐོན་སྐྱེད་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ། སྤུས་རྟགས་དམ་འཛིན་བྱེད་པ་ནི་ཐོན་ཟོག་ལ་ཁྱད་ཆོས་ལྡན་པ་དང་སྤུས་ཚད་ལེགས་པོ་ཡོང་བ་རྒྱུན་འཁྱོངས་ཀྱིས་གཞན་ལ་མེད་པར་ང་ལ་ཡོད་པ་དང་གཞན་ལ་ཡོད་ཀྱང་རང་ཉེད་དེ་བས་ལེགས་པ་ཡོང་བ་བྱས་ནས་བོད་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ལས་དོན་བསྒྲུབས་པ། སྤུས་ལེགས་ཐོག་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤུས་རྟགས་ཪྙིང་པ་དར་སྤེལ་གཏོང་བ་དང་སྤུས་རྟགས་གསར་པ་གཏོད་ཐོག་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་དང་ཤུགས་རྐྱེན་ལྡན་པའི་གྲགས་ཅན་སྤུས་རྟགས་སྐྱེད་སྲིང་བྱེད་དགོས།

        ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་དར་རྒྱས་ཆེན་པོ་ཡོང་རྒྱུར་འགན་ལེན་བྱེད་དགོས། འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་བརྟན་པོ་ཡོང་བ་བྱེད་པ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་ལྗོངས་ཀྱི་ནང་འདྲེན་རྣམ་པའི་ཁྲོམ་རའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་འགན་ལེན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་དར་རྒྱས་ཡོང་རྒྱུ་གཅིག་གྱུར་དམ་ཟབ་བྱེད་ཁར་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། མཁོ་སྤྲོད་འགན་ལེན་བྱེད་པ། འཁོར་རྒྱུག་བདེ་བླག་ཡོང་བ། ཟོག་གོང་སྟངས་འཛིན་བྱེད་པ། ལམ་སྲོལ་འཛུགས་པ་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དེ་ནི་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་དང་གྲོང་མིས་འཛད་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། “འབྲུ་རིགས ”དང་། “ཤ་མར་སྒོང་གསུམ ”སྲིད་གཞུང་གི “འགན་འཁུར་མཁན་གཙོ་བོས ”འགན་ཁུར་བའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་དགོས་པ། དེ་བས་སྟབས་བདེ་དང་རྒྱུག་པོ་ཡོད་པའི་འཁོར་རྒྱུག་མ་ལག་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས་པ། དཔལ་འབྱོར་དང་། བཅའ་ཁྲིམས། དགོས་ངེས་བཅས་ཀྱི་སྲིད་འཛིན་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་དང་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ། ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། རླངས་འཁོར་དང་སྦག་སྦག་བཅས་གཤམ་གཏོང་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་སྤྱི་ཚོགས་རོགས་སྐྱོབ་དང་འགན་ལེན་གྱི་ཚད་གཞི་དེ་ཟོག་གོང་འཕར་བ་དང་འབྲེལ་གཏུགས་བྱེད་པའི་མཉམ་འགུལ་ལམ་སྲོལ་གང་མགྱོགས་ཞིབ་འཇུག་བྱས་ཏེ་སྒྲིག་བཟོ་བྱས་ཐོག་ཁ་གསབ་རོགས་སྐྱོབ་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཟོག་གོང་འཁོར་རྒྱུག་བརྟན་པོ་ཡོང་རྒྱུ་འགན་ལེན་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས།

        དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཆེན་པོ་གཏོང་རྒྱུའི་འགན་ལེན་བྱེད་དགོས། ངེས་པར་དུ་དེ་བས་མང་བའི་ནོར་ཤུགས་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་གཏོང་བ་དང་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཐོག་དོན་འཁྱོལ་བྱས་ཏེ་དེ་བས་མང་བ་དང་དེ་བས་ལེགས་པའི་སྲིད་ཇུས་དང་མ་དངུལ་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་མཐའ་མཚམས་ཐག་རིང་ས་ཁུལ་དུ་ཕྱོགས་པ་བྱེད་པ་དང་དྲོ་སྐྱིད་དང་དངོས་ཕན་དེ་བས་མང་བ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁྱབ་པ་བྱེད་དགོས། ཞག་སྡོད་སློབ་གྲྭ་འཛུགས་སྐྲུན་ལས་གྲྭ་གང་མགྱོགས་ལག་བསྟར་བྱེད་པ་དང་། སློབ་གསོའི་གནད་ཆེའི་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་ཁྱོན་ཆེན་པོའི་ངང་འཛུགས་སྐྲུན་དང་དགེ་འོས་སྟོབས་ཤུགས་ཤུགས་ཆེར་གཏོང་བའི་གསོ་སྦྱོང་གཞི་ཁྱོན་ཆེན་པོའི་ངང་བྱས་ནས་སློབ་མའི་སློབ་སྦྱོང་དང་། འཚོ་བ། འཚར་ལོངས་བཅས་ལ་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། “ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད ”མུ་མཐུད་ལག་བསྟར་ཤུགས་ཆེན་བྱས་ཏེ་སྨན་བཅོས་ཞབས་ཞུའི་ཁྱབ་ཚད་དང་ཕན་ཐོགས་རང་བཞིན་ཆེ་རུ་གཏོང་བ་དང་། ཞིང་འབྲོག་པ་གཞོན་ནུ་དང་དར་མ “ཚང་མར་རྩལ་ནུས་གསོ་སྦྱོང་གི་འདུ་འགོད ”ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་འབྲོག་མང་ཚོགས་གསོ་སྦྱོང་ནང་ལག་ཤེས་སྣ་གཅིག་ཤེས་ཐུབ་པ་བྱས་ནས་སྤྱི་ཚོགས་ཐོག་སྤྱོད་ཐུབ་པ་བྱེད་པ། དབུལ་སྐྱོར་གསར་སྤེལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་འབྲེལ་མཐུད་ལས་ཀའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མང་ཚོགས་དབུལ་པོ་རྣམས་ལྟོ་གོས་ཐད་སེམས་ཁྲལ་མེད་པ་དང་འཚོ་བའི་ཐད་འགན་ལེན་ཡོད་པ་བྱེད་པ། ཚན་རྩལ་ཁྱབ་གདལ་ལོའི་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཚན་རིག་སློབ་སྦྱོང་བྱེད་པ་དང་། ཚན་རིག་ལ་ཡིད་ཆེས་བྱེད་པ། ཚན་རིག་བེད་སྤྱོད་ཐུབ་པ་བཅས་བྱེད་པ། དྲིལ་བསྒྲགས་དང་། སློབ་གསོ། རིག་གནས་བཅས་ཀྱི་གནད་ཆེའི་འདུ་འགོད་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་གནས་ལ་བརྟེན་ནས་དམངས་ལ་ཁེ་ཕན་གཏོད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྒྱུན་བསྲིང་ངང་འཕེལ་རྒྱས་གཏོང་ནུས་ཆེས་ཆེ་རུ་གཏོང་རྒྱུའི་འགན་ལེན་བྱེད་དགོས། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་གནས་བབ་ཐོག་འཇོག་དགོས་པ་དང་སྔོན་ལ་སྲུང་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཡུལ་བབ་དང་བསྟུན་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ལས་གྲྭ་ཆེ་གྲས་ལ་བརྟེན་ནས་བཅོས་སྐྱོང་ཆེན་པོ་བྱེད་པ་དང་། ལས་གྲྭ་དམ་འཛིན་ཡག་པོ་བྱེད་པ། སྲིད་ཇུས་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་ཤུགས་ཆེན་བྱེད་པ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་འཛུགས་སྐྲུན་གྱི་འཆར་འགོད་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་རྨོ་བསྐྱུར་རྩྭ་གསོ་དང་མི་ཐབས་ལ་བརྟེན་ནས་ནགས་བཟོ་བྱེད་པའི་ལས་གྲྭ་སྤེལ་མགྱོགས་སུ་བཏང་ནས་དེ་བས་མང་བའི་ས་ཆ་གང་མགྱོགས་སྔོ་ལྗང་དུ་འགྱུར་བ་བྱེད་དགོས་པ་དང་། སྣོད་བཅུད་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཐོག་འཐུས་ཚང་དུ་བཏང་ནས་སྣོད་བཅུད་ཁ་གསབ་རྒྱག་ཤུགས་ཆེ་རུ་བཏང་སྟེ་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། འབབ་རྒྱུད་དང་ས་ཁོངས་གཙོ་གནད་ཀྱི་ས་ཆུ་ཤོར་བ་དང་ས་ཆ་བྱེ་འགྱུར་ལ་བཅོས་སྒྲིག་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་དང་སྦགས་བཙོག་བཅོས་སྒྲིག་བྱ་ཤུགས་ཆེ་རུ་བཏང་ནས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ། ཁོར་ཡུག་དང་། རྩྭ་ཐང་། ནགས་ཚལ། ས་ཆུ་སྲུང་སྐྱོང་སོགས་སྣོད་བཅུད་ལྟ་ཞིབ་ཚད་ལེན་བྱ་ནུས་ཆེ་རུ་བཏང་སྟེ་གནམ་གཤིས་ཧ་ཅང་ཞན་པ་ལས་ཐོན་པའི་གནོད་འཚེ་དང་ས་གཤིས་ཀྱི་གནོད་འཚེའི་ལྟ་ཞིབ་ཚད་ལེན་བྱེད་པའི་སྔོན་ཚུད་ཀྱི་ཉེན་བརྡ་དང་གེགས་འགོག་གེགས་སེལ་ལ་ཁ་གཏད་གཅོག་པའི་ནུས་པ་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད།

        སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ནས་ཁོར་ཡུག་ལེགས་སུ་ཆེན་པོ་གཏོང་རྒྱུར་འགན་ལེན་བྱེད་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་སྒྱུར་བཅོས་དེ་གནས་བབ་མངོན་གསལ་དོད་པོའི་ཐོག་དེ་བས་འཇོག་དགོས་པ་དང་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ནས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཐད་ཚད་བརྒལ་གསར་པ་ཡོང་བ་ཧུར་ཐག་བྱེད་དགོས་པ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་ནང་སར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་ནས་སྒོ་མོ་འབྱེད་རྒྱུར་བརྟེན་ནས་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གསར་སྤེལ་བྱ་རྒྱུར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག “ནང་དུ་གདན་འདྲེན་ཞུ་བ ”དང “ཕྱིར་བསྐྱོད་རྒྱུ ”མཐའ་འཁྱོངས་བྱས་ནས་ཁྱབ་ཁོངས་དེ་བས་ཆེ་བ་དང་ས་ཁོངས་དེ་བས་ཆེ་བའི་ཐོག་ནས་ནང་སའི་ཁེ་ལས་དང་སྦྲེལ་མཐུད་དང་། མཉམ་ལས། མཉམ་འབྲེལ་བཅས་བྱས་ནས་མེས་རྒྱལ་ནང་ས་དང་། ལྷག་པར་དུ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་གལ་ཆེན་བཅས་དབར་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་དུས་མཚུངས་འཚོང་འགུག་མ་འདྲེན་བྱ་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ། ཞབས་ཞུ་བྱ་ཤུགས་ཆེ་རུ་གཏོང་བར་སྲིད་འཛིན་ཞིབ་མཆན་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་བྱ་བ་སྒྲུབ་པའི་ལྷུ་ཚིགས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། བྱ་བ་སྒྲུབ་པའི་གོ་རིམ་སྟབས་བདེ་ཡོང་བ་བྱེད་པ། བྱ་བ་སྒྲུབ་ཡུན་ཐུང་དུ་གཏོང་དགོས་པ་བཅས་བྱེད་དགོས། ཁོར་ཡུག་ལེགས་སུ་གཏོང་བར་སྤྱོད་གཙང་ནུས་མཐོའི་སྲིད་དོན་ཁོར་ཡུག་དང་། གཞུང་དྲང་ཁ་གསལ་གྱི་ཁྲིམས་ལུགས་ཁོར་ཡུག འདྲ་མཉམ་དྲང་བདེན་གྱི་ཁྲོམ་རའི་ཁོར་ཡུག ལྷུག་པོ་དང་ཞི་མཐུན་གྱི་ཁོར་ཡུག་དངོས་བཅས་སྔར་བས་བཏོད་དེ་འཛུགས་སྐྲུན་ཆེན་པོ་དང་། འཕེལ་རྒྱས་ཆེན་པོ། མཆོང་སྐྱོད་ཆེན་པོ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྔར་བས་གཏོད་དགོས།

        “ལོ་ལྔ་ཚན་བཅུ་གཅིག་པར ”གྲུབ་འབྲས་གཡུར་ཟ་ཐོབ་ཡོད་པ་དང “ལོ་ལྔ་ཚན་བཅུ་གཉིས་བའི ”མདུན་ལམ་མི་སེམས་འགུལ་བ་ཞིག་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཡིན་པའི་དུས་སང་གི་དཔལ་འབྱོར་ལས་དོན་གྱི་དམིགས་ཚད་ལས་འགན་དང་། ལས་ཀའི་གཙོ་གནད། སྲིད་ཇུས་བྱ་ཐབས་བཅས་གཏན་འཁེལ་བྱས་ཡོད་ལ་མདུན་སྐྱོད་ཁ་ཕྱོགས་ཀྱང་གཏན་འཁེལ་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། གཙོ་རྐང་ཡོངས་སུ་ཁྱབ་པར་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། ལས་ཀ་ཏན་ཏིག་བྱེད་པ། སེམས་ནུས་གང་ཡོད་འདོན་པ་དང་འགན་འཁྲི་འཁུར་བ། དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མྱུར་པོ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།