དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཆར་རླུང་ཁྲོད་ནས་རླབས་ཆེན་གྱི་སྙིང་སྟོབས་མངོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-05-09

        རླབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་བརྗོད་ན་ཆག་སྒོའི་ཁྲོད་འགྲན་སློང་འཕྲད་པ་མ་ཟད་རྒྱལ་ཁབ་དེ་གའི་གནད་དོན་འཕྲལ་གཅོད་བྱེད་ནུས་ལའང་སྦྱོང་བརྡར་ཐེབས་ཀྱི་ཡོད། དཔའ་ངར་ཆེ་བའི་མི་རིགས་ཤིག་གི་ངོས་ནས་བརྗོད་ན་ཆག་སྒོས་ཉེན་ཁ་མཚོན་པ་མ་ཟད་མི་རིགས་ཀྱི་སྙིང་སྟོབས་ལའང་སྦྱོང་བརྡར་ཐེབས་ཀྱི་ཡོད།

        འབྲུབ་འགོག་ཐན་འགོག་བྱེད་པ་དང་གེགས་འགོག་གེགས་སེལ་བྱེད་པའི་འཐབ་རྩོད་ནི་ཉམས་ཚོད་ནན་པོ་ཞིག་ཡིན་པ་མ་ཟད་བརྟག་བཤེར་གལ་ཆེན་ཞིག་ཀྱང་ཡིན། འབྲུབ་འགོག་ཐན་འགོག་དང་གེགས་འགོག་གེགས་སེལ་བྱེད་རིང་དཀའ་ངལ་ལ་མི་སྐྲག་པ་དང་སྙིང་རུས་ཆེན་པོས་འབད་འཐབ་བྱེད་པའི་ཀྲུང་གོ་མི་དམངས་ཀྱི་མགོ་མི་སྒུར་བའི་སྙིང་སྟོབས་ལ་སྦྱོང་བརྡར་ཐེབས་པ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁ་ཐོབ་རྒྱུར་བརྩོན་ལེན་བྱེད་ཕོད་པའི་འགྱུར་མེད་དད་སེམས་མངོན་པར་བྱས་པ། མི་སེམས་གཅིག་སྒྲིལ་གྱིས་འབད་འབུངས་སྟོབས་བརྩོན་བྱེད་པའི་བླ་ན་མ་མཆིས་པའི་ཉམས་འགྱུར་དཔང་པོ་བྱས་པ། མི་རྩ་བར་འཛིན་པ་དང་དེ་བཞིན་ཚེ་སྲོག་དང་ཚན་རིག་གོང་དུ་བཀུར་བའི་ཏང་དང་སྲིད་གཞུང་གི་སྲིད་སྐྱོང་འདུ་ཤེས་དང་དཀའ་ཉེན་འཕྲད་སྐབས་ཀྱི་འཕྲལ་གཅོད་བྱེད་ནུས་མངོན་པར་བྱས་པ་བཅས་རེད།

        མི་རྩ་བར་འཛིན་པའི་རྒྱལ་ཁབ་ཀྱི་སྙིང་སྟོབས་དེ་ཆར་རླུང་ཁྲོད་ནས་མངོན་པ་སྟེ། “གེགས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དེ་ལས་དོན་ཐམས་ཅད་ཀྱི་ཨང་དང་པོར་འཇོག་དགོས་པ ”ནས་ཐབས་བརྒྱ་ཇུས་སྟོང་ངང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་འོས་འཚམས་བྱ་རྒྱུའི་བར་དང་། རྒྱལ་དར་དེ་རང་བྱུང་གནོད་འཚེའི་ཁྲོད་གྲོངས་མཁན་སྤུན་ཟླར་ཕབ་པ་ནས་གེགས་བར་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་མྱུར་པོ་གཏོང་བའི་བར། “གང་ཟག ”དེ་འབྲུབ་འགོག་ཐན་འགོག་བྱེད་པ་དང་གེགས་འགོག་གེགས་སེལ་བྱེད་རིང་གལ་ཆེའི་ནང་གི་འགངས་ཆེར་གྱུར་པ་བཅས་མངོན་ཞིང་། འདུ་ཤེས་དེ་དམིགས་བསལ་གློ་ཚད་འགོག་བཅོས་དང་དེ་བཞིན་དབུན་ཁྲོན་དང་ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་བྱེད་དུས་ནས་རིམ་གྱིས་ཟབ་ཏུ་ཕྱིན་ནས་རྒྱལ་སྐྱོང་སྲིད་སྐྱོང་གི་རང་རེའི་ཏང་གི་ལྟེ་བའི་རྩ་དོན་དུ་གྱུར་ཡོད།

        ཚན་རིག་གོང་དུ་བཀུར་བའི་དུས་རབས་ཀྱི་སྙིང་སྟོབས་ཆར་རླུང་ཁྲོད་ནས་མངོན་པ་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐབས་ཇུས་བཏོན་ནས་ཚན་རིག་དང་མཐུན་པའི་ངང་བཀོད་འདོམས་བྱས་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྒྲིག་འཛུགས་ནུས་ལྡན་དང་མཐུན་སྦྱོར་ཡག་པོ་བྱས་པ། རྒྱ་ཆེའི་དམག་དམངས་ཀྱིས་ལུགས་མཐུན་ངང་ཁ་གཏད་གཅོག་པ་དང་ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་བྱས་པ་བཅས་ཀྱི་སྙིང་སྟོབས་མཚོན་ཡོད། འཕྲལ་སྒྲུབ་མ་ལག་འཐུས་ཚང་དུ་གཏོང་བ་ནས་དེ་མ་ཉིད་དུ་རོགས་སྐྱོབ་བྱེད་པའི་བར་མཉམ་ཤུགས་ཆགས་པ་བྱས་ནས་ཁ་གཏད་བཅག་སྟེ་གེགས་བར་བྱུང་རྗེས་ཀྱི་བསྐྱར་སྐྲུན་དང་སླར་གསོ་བྱེད་པའི་བར་ཚན་རིག་ལག་རྩལ་སྤྱོད་པ་དང་ཚན་རིག་དང་མཐུན་པའི་ངང་དོ་དམ་བྱེད་པའི་འགངས་ཆེའི་ནུས་པ་བཏོན་ནས་འབྲུབ་འགོག་ཐན་འགོག་དང་གེགས་འགོག་གེགས་སེལ་གྱི་ལས་དོན་དེ་གོ་རིམ་ལྡན་པའི་ངང་སྤེལ་ཡོད། ཚན་རིག་དང་མཐུན་པའི་སྙིང་སྟོབས་དེ་རིགས་ཀྱི་འདེགས་སྐྱོར་ཡོད་ཚེ་ཆག་སྒོ་ཆེན་པོ་བྱུང་བའི་ལོ་ལའང་འཕེལ་རྒྱས་ཆེན་པོ་བྱུང་བའི་ངོ་མཚར་བཏོད་ཐུབ་པ་དང་གོ་སྐབས་འཕྲད་སྐབས་གཞི་ནས་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་ཐུབ།

        ཕྱར་བ་གྲུ་འདེགས་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་ཆར་རླུང་ཁྲོད་ནས་མངོན་པ་སྟེ། ཆུ་ལོག་དང་ཐན་པའི་གནོད་འཚེ་ཚབས་ཆེན་འཕྲད་སྐབས་གོང་འོག་དང་། ལས་བྱེད་པ་དང་མང་ཚོགས། ཏང་ཡོན་དང་མང་ཚོགས། དམག་དམངས། མདུན་ཕྱོགས་དང་རྒྱབ་ཕྱོགས་བཅས་དབར་སེམས་པ་གཅིག་ཏུ་འགྲིལ་བས་དཀའ་ངལ་ཁྱད་བསད་བྱེད་མི་ཐུབ་པ་མེད་པ་དང་ཕྱོགས་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་མངོན་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་དང་ཡང་ན་རང་སྲོག་བློས་གཏོང་གིས་མི་སྐྱོབ་པའི་བག་མེད་བློ་ཡངས་བར་དང་། བློ་དཀར་སེམས་དཀར་ངང་ལས་གནས་བརྟན་སྲུང་བྱེད་པའི་འགན་འཁྲི་དང་ཡང་ན་དཀའ་གནད་སྒྲོལ་བའི་སེམས་མཐུན་སྟོབས་སྒྲིལ་བར་ཚང་མར་མི་རིགས་ཀྱི་སྙིང་སྟོབས་དེར་ནང་དོན་གསར་པ་བསྣན་ཡོད། སྙིང་སྟོབས་དེ་རིགས་མུ་འཐུད་དར་སྤེལ་བཏང་སྟེ་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་ཐབས་བྱས་ཚེ་ང་ཚོའི་བྱ་གཞག་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་ཐུབ་པ་དང་ང་ཚོའི་རྒྱལ་ཁབ་དེ་བས་སྟོབས་འབྱོར་ལྡན་པར་འགྱུར་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།