དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞི་རིམ་ཏང་འཛུཊ་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ“ལོ་ལྔ་ཚན་བཅུ་གཉིས་པའི”འབད་འཐབ་དམིཊ་ཚད་མངོན་འགྱུར་བྱེད་ཆེད་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུཊ་ཀྱི་འགན་ལེན་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཏུ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ། དེ་བཞིན་ལྗོངས་ཏང་ཨུད་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང “ལོ་ལྔ་ཚན་བཅུ་གཅིག་པའི ”འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་ལེགས་གྲུབ་ཐུབ་ཉེར་ཡོད་པ་དང་གོམ་ཞེང་ཆེན་པོས “ལོ་ལྔ་ཚན་བཅུ་གཉིས་པའི ”ཕྱོགས་སུ་སྐྱོད་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་འགག་རྩའི་དུས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐོང་ཚོགས་གནང་བའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚོགས་འདུའི་ཐོག་རང་ལྗོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་ཕན་འབྲས་དང་བསགས་པའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”འབད་འཐབ་དམིགས་ཚད་ལ་དམ་པོར་བསྟུན་པ་དང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་སྒོ་ཀུན་ནས་བཀོད་སྒྲིག་བྱས་པ་རེད།

        ད་ཕན་ལོ་ཤས་རིང་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་དང་། ཀྲུང་དབྱང་རྩ་འཛུགས་པུའི་ཐུགས་ཁུར་རོགས་རམ་དང་མཛུབ་ཁྲིད་ནུས་ལྡན། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱ་རྒྱུ་སྔ་ཕྱི་བར་གསུམ་མཐའ་འཁྱོངས་བྱེད་པ། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་བྱེད་པ། ཞིང་འབྲོག་ཁུལ་དང་། ཁྲོམ་གཞུང་གི་སྡེ་ཁུལ། སློབ་གྲྭ་བཅས་གཙོ་གནད་དུ་བྱེད་པ། “ལེགས་པོ་ལྔ ”དམིགས་ཚད་དུ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྲུན་ལྟེ་བར་བྱེད་པ། ཏང་ནང་ཁུལ་གྱི་ཆེད་དོན་གཅིག་སྡུད་བྱེད་སྒོས་འདྲེན་རྟེན་བྱེད་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་འགན་ལེན་དུ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཆེད་དུ་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད་པ་རེད།

        ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཧྲིལ་པོ་དང་འཐབ་ནུས་ཀྱི་རྨང་གཞི་ཡིན་པ་དང་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་བྱེད་པ་དང་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་བྱེད་པའི་དམག་འཐབ་མཁར་རྫོང་ཡིན། བོད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ཏང་གི་ལྟེ་བའི་ལས་འགན་དང་བླང་བྱར་གཞིགས་ནས་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་ང་ཚོའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་འཐབ་ལམ་ཁྲོད་རྒྱལ་ཁ་གསར་པ་ཡང་ནས་ཡང་དུ་ལེན་པའི་འབྱུང་ཁུངས་གལ་ཆེན་ཡིན་ལ་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ནམ་ཡང་མི་ཕམ་པའི་གནས་སུ་གནས་པར་བྱེད་པའི་མཆོག་ནོར་གལ་ཆེན་ཞིག་ཡིན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་དང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག བོད་དུ་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་བཅས་ཡིན།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་མཚོན་རྟགས་སུ་བྱས་ཏེ་བོད་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླར་ཡང་སླེབས་ཡོད། གྲོལ་མ་ཐག་པའི་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་ཁྲིད་བྱས་པ་དང་དུས་རབས་གསར་པའི་ལོ་ལྔ་ཚན་གསུམ་པའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཟོས་ཡོད། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་འཆར་འགོད་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་གྱུར་བྱེད་པ་བཅས་ཀྱི་འགག་རྩ་ནི་ཏང་ལ་ཐུག་ཡོད་པ་དང་འགག་རྩ་དེ་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱེད་ཐུབ་མིན་ལ་ཐུག་ཅིང་། འགག་རྩ་དེ་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཐུན་མོངས་ཐོག་འབད་འཐབ་བྱེད་ཐུབ་མིན་ལ་ཐུག་ཡོད་པར་བརྟེན་ང་ཚོས་ངེས་པར་དུ་བསམ་བློ་སྔར་བས་བཅིངས་འགྲོལ་གཏོང་བ་དང་སྒྱུར་བཅོས་གསར་གཏོད་བྱས་ཏེ་སྤྲོ་སེམས་ཀྱིས་ཁེངས་པ་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

        གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཇེ་ཆེར་བཏང་སྟེ་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ལངས་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་བསམ་བློར་དྲག་ཆས་སྤྲོད་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པའི་ཐོག་བསམ་བློ་གཅིག་གྱུར་ཡོང་བ་བྱེད་པ། ཕུགས་བསམ་བརྟན་པོ་འཛུགས་པ་དང་། ཁ་ཕྱོགས་གསལ་པོ་བཟོ་བ། དམིགས་ཚད་གསལ་པོ་ཤེས་པ་བཅས་ཏན་ཏིག་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས་ཤིང་། མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི ”དང “སྨྲ་བ་གཉིས ”སོགས་ཀྱི་བསམ་བློའི་སློབ་གསོ་སྣ་ཚོགས་གཏིང་ཟབ་ངང་སྤེལ་བ་དང་རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་། སྒོ་དབྱེ་གསར་གཏོད་ཀྱིས་སྲོག་ཤིང་བྱས་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་ཀྱིས་སྲོག་ཤིང་བྱས་པའི “བོད་བསྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཏང་ཡོན་དང་ལས་བྱེད་པ་རྣམས་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་མིག་དཔེར་འགྱུར་བ་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་མ་ལག་འཐུས་ཚང་ཤུགས་ཆེར་བཏང་ནས་ཏང་གི་རྩ་འཛུགས་དང་ལས་ཀའི་ཁྱབ་ཚད་ཆེ་རུ་གཏོང་དགོས། མི་དམངས་མང་ཚོགས་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་དམིགས་པ་དང་། ཁྱབ་ཁོངས་ཁག་གི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་མངོན་འགྱུར་ཡོང་བ་བྱེད་པ། ཚན་རིག་དང་མཐུན་ལ་ནན་པའི་རྩ་འཛུགས་ཀྱི་སྒྲོམ་གཞི་ཞིག་ཆགས་པ་བྱེད་པ་བཅས་བྱས་ཏེ་ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་ཁྱོན་ཡོངས་ནས་ཁྱབ་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་ཏང་གི་སྲིད་སྐྱོང་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་འཆར་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་ཏང་ཡོན་གྱི་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཏང་ནང་ཁུལ་གྱི་སྐུལ་ལྕག་དང་། ཐུགས་ཁུར། རོགས་སྐྱོར་བཅས་ཀྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས་པ། ཏང་ཡོན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་ཡོན་དོ་དམ་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཏང་ཡོན་གྱི་དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ལམ་སྲོལ་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་བཅས་བྱེད་དགོས། གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། “ཧྲུའུ་ཅི་གཉིས ”ཀྱི་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ནས་གཞི་རིམ་ལས་ཀའི་སྟོབས་ཤུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་བློ་གཅིག་སེམས་གཅིག་ངང་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་། མང་ཚོགས་ལ་བརྩི་འཇོག་གང་ལེགས་བྱེད་པ། མང་ཚོགས་ལ་དམ་པོར་བརྟེན་པ། མང་ཚོགས་ཀྱི་རེ་འབོད་ནན་ཏན་སྒོ་ནས་ཉན་པ། དུས་ཐོག་ཏུ་མང་ཚོགས་ཀྱི་འདུན་པ་སྙན་སེང་ཞུ་བ། རང་འགུལ་ངང་མང་ཚོགས་ཀྱི་དཀའ་ངལ་ལ་དོ་ཁུར་བྱེད་པ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དངོས་སེལ་རོགས་བྱེད་པ། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་འཚོལ་བ་བཅས་ཏན་ཏིག་བྱས་པས་ཏང་ཡོན་ལ་སློབ་གསོ་ཐོབ་པ་དང་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་དགོས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་པོ་སྐྱོང་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བཀོད་སྒྲིག་དང་བྱེད་ཐབས་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་པ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་གཞི་རིམ་ཏང་འཛུགས་ལས་དོན་གྱི་འགོ་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱ་རྒྱུ་དེ་རང་འགན་ཡིན་པ་དང་། དམ་འཛིན་མ་བྱས་ཚེ་འགན་འཛོལ་བ། དམ་འཛིན་ཡག་པོ་མ་བྱས་ན་ལས་སྒོ་འཕེར་མ་ཐུབ་པ་ཞིག་ཡིན་པ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་བྱེད་པ། ལས་རིགས་ཁོངས་གཏོགས་ཀྱིས་ཞིབ་ཕྲའི་མཛུབ་ཁྲིད་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ། རིམ་པ་བཞིན་དུ་དོན་འཁྱོལ་བྱེད་པ། རིམ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་འགོ་ཁྲིད་ལམ་སྲོལ་བཅས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་དོ་དམ་བྱེད་པ་དང་ཧྲུའུ་ཅིས་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པའི་འགན་འཁྲི་སྔར་བས་ཆེ་རུ་བཏང་ནས་རིམ་ལྔའི་ཧྲུའུ་ཅིས་མཉམ་དུ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱེད་པའི་ཆགས་སྟངས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། གཞི་རིམ་ཏང་འཛུགས་སྐྱོང་བྱེད་པའི་ལས་ཀའི་འགྲོ་གྲོན་འགན་སྲུང་ཏན་ཏིག་བྱས་ནས་ནོར་སྲིད་ཀྱི་གཏོང་ཆ་གཙོར་བཟུང་དང་། ཏང་གྲོན་གྱིས་རྒྱབ་སྐྱོར་བྱ་རྒྱུ་ཕལ་པར་འཇོག་པ། བོད་སྐྱོར་མ་དངུལ་གྱིས་ཁ་གསབ་བྱེད་པ་བཅས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་འགྲོ་གྲོན་འགན་སྲུང་ལམ་སྲོལ་འཛུགས་པ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལོ་རེ་བཞིན་ཆེ་རུ་འགྲོ་བའི་འགུལ་ཚུལ་འཕར་བའི་ལམ་སྲོལ་དང་བསྟུན་ནས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་བྱེད་སྒོ་སྤེལ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་ཆེད་དངོས་པོའི་འགན་སྲུང་བྱེད་དགོས། དཔེ་མཚོན་དཔེ་སྟོན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སྤྱི་ཚོགས་ཧྲིལ་པོར་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་ལ་ཡར་གཏོད། སྔོན་གཏོད་ལེགས་བརྩོན་བཅས་བྱེད་པའི་གླེང་ཕྱོགས་ཁྲིད་སྟོན་དང་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།