དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་ཡོང་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་སྐབས་ཀྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་ཡོང་ཐུབ་པ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། གལ་ཏེ་བསམ་ཕྱོགས་ཡག་པོ་བསྒྲུབས་རྗེས་དང་ཚན་རིག་དང་མཐུན་པའི་ཇུས་འགོད་ཅིག་གཏན་འཁེལ་བྱས་རྗེས་ནུས་ཤུགས་ཡོད་རྒུས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། དོན་འཁྱོལ་དོན་འཁྱོལ་སླར་ཡང་དོན་འཁྱོལ་བྱས་ཚེ་བརྗིད་ཆེའི་དམིགས་ཚད་དེ་གཞི་ནས་དངོས་སུ་འགྲུབ་ཐུབ།

        ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་ཡོང་ཐུབ་པ་བྱེད་པར་བསམ་བློ་ཡོད་རྒུ་གཏོང་བ་དང་བསམ་བློར་བཅིངས་འགྲོལ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་བསམ་བློར་བཅིངས་འགྲོལ་གཏོང་བའི་སྤྱི་དོན་དེར་དམིགས་ཏེ་འདུ་ཤེས་ཪྙིང་པའི་འཆིང་རྒྱ་ལས་སྒྲོལ་ཐུབ་པ་བྱེད་པ་དང་། ལམ་བུ་ཪྙིང་པ་དང་། བྱེད་ཐབས་ཪྙིང་པ། དཔེ་དབྱིབས་ཪྙིང་པ་བཅས་ཀྱི་ཚོད་འཛིན་ལས་བརྒལ་བ། བཀག་རྒྱ་སྣ་ཚོགས་ཀྱི་ཚོད་འཛིན་སེལ་བ་བཅས་ཀྱི་ཐོག་ནས་བསམ་ཕྱོགས་གསར་འབྱེད་དང་། རྒྱུན་སྲོལ་ལས་བརྒལ་བ། བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་མཐོང་རྒྱ་སྔར་བས་ཆེ་བའི་ཐོག་ནས་རང་ཉིད་ལ་ལྟ་ཞིབ་བྱེད་པ་དང་། གནས་ས་དེ་བས་མཐོ་བའི་ཐོག་ནས་བསམ་ཕྱོགས་ཇུས་འགོད་བྱེད་པ། བྱ་ཐབས་དེ་བས་ཆེ་བའི་ཐོག་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་དོན་ཆེན་དོན་གཉེར་བྱེད་པ་དང་བྱ་གཞག་ཆེན་པོ་གཏོད་དགོས། བོད་ལ་ཕན་ཐོགས་པའི་བྱ་བ་དང་བོད་མི་དམངས་ལ་བདེ་བ་སྐྲུན་པའི་བྱ་བ་ཡིན་ཕྱིན་བློ་ཁོག་ཆེན་པོས་ཚོད་ལྟ་དང་། བློ་ཁོག་ཆེན་པོས་མདུན་སྐྱོད། བློ་ཁོག་ཆེན་པོས་ལས་སྒྲུབ་བཅས་བྱས་ནས་གསར་གཏོད་རང་བཞིན་ངང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས།

        ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་པར་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ནུས་པ་མཐོ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། ལྗོངས་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་འབད་བརྩོན་ཆེན་པོའི་ཐོག་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་གཏོང་བའི་བླང་བྱ་དང་རང་འགུལ་ངང་འཚམ་པ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་སློབ་སྦྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་ཚུལ། བྱེད་ཐབས་བཅས་ཀྱི་ཐོག་ནས་གནད་དོན་ལ་ལྟ་ཞིབ་དང་། གནད་དོན་ལ་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་བྱ་རྒྱུའི་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སྤྱད་དེ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལས་དོན་གང་ཞིག་སྒྲུབ་སྐབས་གང་ཞིག་སློབ་སྦྱོང་བྱེད་པ་དང་གང་ཞིག་མི་འདང་ཚེ་དེ་སློབ་སྦྱོང་བྱེད་པའི་བླང་བྱ་གཞིར་བཟུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་འགོད་བཀོད་སྒྲིག་རབ་དང་རིམ་པ་སློབ་སྦྱོང་ནན་ཏན་བྱེད་པ་དང་ཁོང་དུ་འཕྱུགས་མེད་ཆུད་པ་བྱས་ནས་ཕྱོགས་ཁག་གི་ཤེས་བྱ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཤེས་བྱའི་གྲུབ་ཆ་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱང་ཚད་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

        ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་པར་རང་གིས་རང་ལ་གནོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་འགན་འཁྲི་ཞིབ་བཟོ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། ལྗོངས་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ལས་ཀའི་འགན་འཁྲི་དེ་བྱ་གཞག་སྒྲུབ་སེམས་དང་འགན་ཁུར་བསམ་པ་ཆེན་པོ་དང་དམིགས་ཚད་ཀྱི་འདུ་ཤེས་བརྟན་པོའི་ཐོག་བཞག་ནས་དངོས་སྒྲུབ་བྱེད་ཐུབ་ཚེ་ཆུ་ཚད་ཡིན་པ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་ཐུབ་ཚེ་ནུས་པ་ཡིན་པ། བྱ་གཞག་སྒྲུབ་ཐུབ་ཚེ་ཆབ་སྲིད་ཀྱི་བྱས་རྗེས་ཡིན་པ་བཅས་ཀྱི་འདུ་ཤེས་འཛུགས་དགོས། འགན་འཁྲིའི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་བ་དང་ལས་གནས་ཀྱི་འགན་འཁྲི་གསལ་བཟོ་བྱས་ནས་དུས་ཚོད་དང་ནུས་ཤུགས་གཅིག་སྡུད་ཀྱིས་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། གོ་སྐབས་ཀྱི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་ནས་བོད་ཀྱི་འཕྲད་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་འཛིན་པ་དང་གཟིགས་སྐྱོང་གི་སྲིད་ཇུས་དང་ས་གནས་དེ་ག་དང་སྡེ་ཚན་དེ་གའི་སྦྲེལ་མཐུད་བྱེད་ས་འཕྱུགས་མེད་ངང་བཙལ་ནས་འཕེལ་རྒྱས་ཀྱི་བར་ཁྱམས་རྒྱ་ཆེར་གཏོང་བ་དང་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་བཏང་ཐོག་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་དེ་དག་འཕེལ་རྒྱས་མགྱོགས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་སྒྱུར་ཐུབ་པ་བྱེད་དགོས།

        ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་ཐུབ་པ་བྱེད་པར་དམིགས་ཚད་བརྟན་པོར་ངེས་པ་དང་སྤྱོད་ཚུལ་འགྱུར་ལྡོག་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་སྒུག་ཐབས་བྲལ་བ་དང་། བརྟེན་ཐབས་བྲལ་བ། ལེན་ཐབས་བྲལ་བ་བཅས་ཡིན་པར་བརྟེན་ངེས་པར་དུ་ལས་ཀའི་སྤྱོད་ཚུལ་སྔར་བས་འགྱུར་ལྡོག་བཏང་ནས་ལས་ཀ་ཏན་ཏིག་བྱས་པ་བརྒྱུད་དངོས་སྒྲུབ་ཐུབ་པ་བྱེད་དགོས། ཏང་གི་དམིགས་ཚད་མཐའ་འཁྱོངས་ཀྱིས་གཞི་རིམ་ཁྲོད་སྐྱོད་པ་དང་དཀའ་ངལ་ཆེ་བའི་ས་གནས་དང་མི་རིགས་ཁག་གི་མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ཀྱི་བསམ་ཚུལ་ཚོར་ཐུབ་པ་དང་། མང་ཚོགས་ཀྱི་འབོད་སྒྲ་ཉན་པ། མང་ཚོགས་ཀྱི་དཀའ་སྡུག་ཤེས་རྟོགས་ཐུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་བདེ་སྡུག་རྟག་ཏུ་སེམས་ནང་འཇོག་པ་དང་མང་ཚོགས་ལ་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་ཧུར་ཐག་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཆེད་དོན་བཟང་བསྒྲུབས་པ་དང་དོན་དངོས་སྒྲུབ་དགོས། ཕྱོགས་བསྡུས་ལས་དོན་ཡག་པོ་བསྒྲུབས་ནས་སེམས་ནུས་ནི་ལས་དོན་ཁག་བསྒྲུབ་རྒྱུའི་ཐད་འཇོག་པ་དང་། ནུས་པ་ནི་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུའི་ཐད་འཇོག་པ། འཇོན་ཐང་ནི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཐད་འཇོག་པ་བཅས་བྱེད་དགོས།

        ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་པར་ཁོར་ཡུག་བཅོས་སྐྱོང་བྱེད་པ་དང་གཟུགས་བཪྙན་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁོར་ཡུག་ལེགས་གཏོང་དང་འཛུགས་སྐྱོང་བྱ་རྒྱུའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་བྱ་ཐབས་མཐའ་གཅིག་ཏུ་སྤྱད་དེ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། མང་ཚོགས་ལ་སློབ་གསོ་རྒྱག་རྒྱུ་དང་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་བྱེད་པ་དང་གཞི་རིམ་དུ་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་སྟེ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་རྫོང (ཤང )གྲོང་རིམ་པ་གསུམ་གྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་བཅའ་ཁྲིམས་དང་། སྲིད་ཇུས། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་བྱེད་ཐབས་དང་སློབ་གསོ་དང་། མཐུན་སྦྱོར། ལམ་སྟོན་སློབ་ཁྲིད་བཅས་ཀྱི་ཐབས་ཤེས་ཕྱོགས་བསྡུས་ངང་བེད་སྤྱོད་གཏོང་མཁས་པའི་ངང་བརྩེ་དུང་ཟབ་མོ་འཆང་བཞིན་དུ་ལས་དོན་བསྒྲུབས་པ་དང་གཙོ་གནད་ཐོག་བསམ་བློ་དང་ཆབ་སྲིད་ཀྱི་ཐོག་ནས་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་སྣེ་ཁྲིད་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཡོད་རྒྱུའི་འགན་ལེན་བྱེད་དགོས།

        ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་པར་དཔྱད་ཞིབ་དང་དཔྱད་བསྡུར་གཟབ་ནན་བྱེད་པ་དང་ལམ་སྲོལ་གསར་གཏོད་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་ཁྱོན་ཡོངས་དོན་གཉེར་དང་ཕུགས་ལ་དོ་དམ་བྱེད་པའི་རྨང་གཞི་ཞིག་ཡིན་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད། དམ་པ་དོན་གཉེར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་རྒྱུ་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ཧུར་ཐག་བསལ་ནས་གསོན་ཤུགས་ཀྱིས་ཁེངས་པ་དང་། ཕན་འབྲས་ལྡན་པ། སྔར་བས་སྒོ་མོ་འབྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཕན་ཐོགས་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཧུར་ཐག་བཟོ་དགོས། སྒྲིག་སྲོལ་དང་ལམ་སྲོལ་ཁག་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀ་བྱེད་པ་དང་མི་བྱེད་པ་དང་། ལས་ཀ་མང་ཉུང་བྱེད་མིན། ལས་ཀ་ཡག་པོ་བྱེད་མིན་བཅས་ཐད་ཤོད་ཚུལ་གསལ་པོ་ཡོད་པ་བྱས་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་རྒྱུའི་འགན་ལེན་བྱེད་དགོས།

        “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་དམིགས་ཚད་ཆེད་འབད་འཐབ་བྱ་རྒྱུའི་དུང་བརྡ་བཏང་ཟིན་པས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ནུས་ཤུགས་ཡོད་རྒུ་བཏོན་ནས་འབུལ་འོས་པའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་ཡོན་ཡོངས་ཀྱིས་ཏང་གི་དམིགས་ཚད་བརྟན་པོར་ངེས་ནས་མི་དམངས་མང་ཚོགས་ཀྱིས་གུང་ཁྲན་ཏང་ཡོན་ནི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འདོན་སྤེལ་བྱེད་པའི་གདོང་ལེན་དང་དཔེ་བཟང་གི་ནུས་པ་མྱོང་ཚོར་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།