དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁ་ཕྱོགས་སྔར་ལས་གསལ་སྟོན་གྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་འཆར་གཞིའི་བརྗོད་བྱ་གཙོ་བོ་དང་། གཙོ་རྐང་། རྩ་བའི་བླང་བྱ་བཅས་སྟངས་འཛིན་ནན་པོ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་བོད་ཀྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་བྱས་པ་དང་རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བ་ཞིག་སྟངས་འཛིན་བྱས་པའི་རྨང་གཞིའི་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞིར་བརྗོད་བྱ་གཙོ་བོ་དང་གཙོ་རྐང་གསལ་པོ་དང་རྩ་བའི་བླང་བྱ་བཏོན་སྟབས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། བློ་གྲོས་དང་སྟོབས་ཤུགས་བླང་བྱ་དེ་དག་ཐོག་གོང་བུ་གཅིག་ཏུ་འགྲིལ་བ་བྱས་ནས་བརྗོད་བྱ་གཙོ་བོ་སྟངས་འཛིན་ནན་པོ་བྱེད་པ་དང་གཙོ་རྐང་དམ་པོར་བཟུང་ནས་རྩ་བའི་བླང་བྱ་དོན་ཐོག་ཏུ་གཏིང་ཟབ་འཁྱོལ་བ་བྱས་ཐོག་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུར་འབད་འཐབ་ལྷོད་མེད་བྱེད་དགོས།

        “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་སྐབས་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཤིག་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞི་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རིང་གི་འགག་རྩའི་འཆར་གཞི་ཞིག་རེད། ཁྲིད་སྟོན་ཁ་གསལ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་གསལ་པོ་ཞིག་བཏོན་པ་དེ་ནི་ཕྱོགས་ཁག་ལ་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བརྗེས་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་བྱ་རྒྱུ། འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་བཅས་ལ་གལ་ཆེ་བ་ཞིག་ཡོད་པར་བརྟེན་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རླབས་ཆེན་གྱི་འགྲོ་ལམ་ཁྲོད་ང་ཚོས་ངེས་པར་དུ་བརྗོད་བྱ་གཙོ་བོ་སྟེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ཡིན་པ་དེ་སྟངས་འཛིན་ལེགས་པར་བྱེད་དགོས། བརྗོད་བྱ་གཙོ་བོ་དེ་ནི་རང་ལྗོངས་སུ་ལྷག་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་ལས་གཏན་འཁེལ་བྱུང་བ་ཞིག་རེད། འཕེལ་རྒྱས་ནི་གནས་ལུགས་ཁུངས་བཙན་ཞིག་དང་བོད་ཀྱི་གནད་དོན་ཡོད་དོ་ཅོག་ཐག་གཅོད་བྱེད་པའི་འགག་རྩ་ཞིག་རེད། བརྟན་ལྷིང་ནི་འགྱུར་མེད་ལས་འགན་ཞིག་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། བརྟན་ལྷིང་མེད་ན་འཕེལ་རྒྱས་འགྲོ་མི་སྲིད་པ་དང་། འཕེལ་རྒྱས་མེད་ན་ཡུན་རིང་བརྟན་ལྷིང་ཡོང་མི་སྲིད་པར་བརྟེན་ང་ཚོས་ངེས་པར་དུ་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་འདི་གཉིས་དམ་པོར་བཟུང་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བསྐྲུན་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་རང་རྟོགས་ངང་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ཞིག་ལ་བརྩིས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་དང་། ལས་བྱེད་པ། མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རྒྱུའི་དམིགས་ཚད་སྒྲུབ་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས།

        གཙོ་གནད་དམ་འཛིན་གྱིས་བྲེལ་བརྩོན་ཆེ་ཡང་ཟང་ཟིང་མི་ཡོང་བ་བྱས་ན་གནད་དོན་མང་པོ་རང་ཤུགས་ངང་ཐག་གཅོད་བྱེད་ཐུབ། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”བརྗིད་ཆེའི་དཔེ་རིས་ནང་ང་ཚོས་ངེས་པར་དུ་གཙོ་རྐང་གཅིག་པུ་དེ་དམ་འཛིན་ལྷོད་མེད་བྱེད་དགོས། ཐོན་ལས་དང་པོ་ཆུ་ཚད་ལ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་གཏོང་བའི་བྱེད་སྟངས་ལག་ལེན་བསྟར་དགོས། གཙོ་རྐང་དེ་ནི་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་ཐབས་ལམ་དང་ཐབས་ཤེས་ཤིག་རེད། ཀྲུང་གོའི་ཁྱད་ཆོས་ནི་ང་ཚོར་སྣེ་ཁྲིད་ཀྱིས་མདུན་སྐྱོད་བྱེད་པའི་དར་ཆ་ཞིག་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ནི་བོད་ཀྱི་ཞིབ་ཕྲའི་དོན་དངོས་མཚོན་པར་བྱས་པ་ཞིག་རེད། རང་ལྗོངས་ཀྱི་ཐོན་ལས་གནས་ཚུལ་ལ་བལྟས་ན། ཕྱོགས་གཅིག་ནས་ཞིང་འབྲོག་པས་ལྗོངས་ཡོངས་ཀྱི་མི་འབོར་གྱི་80%ཙམ་བཟུང་བ་དང་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཆུ་ཚད་དམའ་ཙམ་ཡོད་པས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རང་ལྗོངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པ། ཐོན་ལས་གཉིས་པ་འཕེལ་རྒྱས་གཏོང་བའི་མི་མངོན་པའི་ནུས་པ་ཆེ་བ། ཡུལ་སྐོར་ལས་རིགས་ཀྱིས་སྣེ་ཁྲིད་བྱས་པའི་ཐོན་ལས་གསུམ་པར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་བཅས་ཡོད་པར་བརྟེན་ང་ཚོས་ངེས་པར་དུ་དོན་དངོས་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གཙོ་གནད་ཚད་བརྒལ་ཡོང་བ་བཅས་བྱས་ཏེ་ཁྱད་ཆོས་མངོན་པ་དང་ཁྱད་ཆོས་ལས་ཕན་འབྲས་ཆེ་རུ་འགྲོ་བ་བྱས་ནས་རང་ངོས་ཀྱི་ལེགས་ཆ་དང་མི་མངོན་པའི་ནུས་ཤུགས་འདོན་སྤེལ་གང་ལེགས་ཀྱིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་རིམ་འཕར་ཡོང་རྒྱུར་སྐུལ་འདེད་དང་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས།    

        “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་འཆར་གཞི་ཕུན་སུམ་ཚོགས་པོའི་ངང་བསྒྲུབ་རྒྱུ་འགན་ལེན་བྱེད་པར་ད་དུང་ང་ཚོས་མཐའ་འཁྱོངས་དྲུག་གི་རྩ་བའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་ཚད་བརྒལ་དྲུག་ཡོང་གང་ཐུབ་བྱེད་དགོས། འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་འཕེལ་རྒྱས་འགྲོ་ནུས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་ཚད་བརྒལ་ཡོང་བ་བྱེད་པ་དང་། འཕེལ་རྒྱས་མཉམ་སྐྱོད་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུའི་ཐད་གཙོ་གནད་དུ་ཚད་བརྒལ་ཡོང་བ་བྱེད་པ་དང་། རྒྱུན་བསྲིང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་གཙོ་གནད་དུ་ཚད་བརྒལ་ཡོང་བ་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཡུན་རིང་བདེ་འཁོད་ཀྱི་ནུས་པ་འཛུགས་སྐྱོང་ཐད་གཙོ་གནད་དུ་ཚད་བརྒལ་ཡོང་བ་བྱེད་པ། འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བར་སྟོང་འཕེལ་རྒྱས་བཀོད་སྒྲིག་ལེགས་སྒྲིག་བྱ་རྒྱུར་གཙོ་གནད་དུ་ཚད་བརྒལ་ཡོང་བ་བྱེད་པ། གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་ཡོང་བ་བྱ་རྒྱུའི་ཐད་གཙོ་གནད་དུ་ཚད་བརྒལ་ཡོང་བ་བཅས་བྱེད་དགོས།

        མདོར་ན། ང་ཚོས་ངེས་པར་དུ་ལོ “ལྔ་ཚན་བཅུ་གཉིས་པའི ”འཆར་གཞིའི་བརྗོད་བྱ་གཙོ་བོ་དང་། གཙོ་རྐང་། རྩ་བའི་བླང་བྱ་བཅས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་སྟངས་འཛིན་བཅས་བྱས་ཏེ་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་གཏོང་བ་དང་། ཕྲག་ཐོག་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲིར་ངོས་འཛིན་གཏིང་ཟབ་བྱེད་པ། ལོ་རྒྱུས་ཀྱིས་དཀྲིས་པའི་ཐོབ་པར་དཀའ་བའི་གོ་སྐབས་དམ་འཛིན་བྱེད་པ། ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལེགས་པར་འདོན་པ། དངོས་འཛིན་དངོས་སྒྲུབ་བྱེད་པ། དུས་བསྟུན་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”སྐབས་ཀྱི་ལས་འགན་ཁག་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་ཧུར་ཐག་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།