དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་རྩ་བཅོས་བྱེད་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ནག་ཆུ་ས་ཁུལ་དུ་ལོ་གསུམ་རིང་སྤེལ་བའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ཐད་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་ཕུད། ནག་ཆུ་ས་ཨུད་ཀྱིས་ནག་ཆུ་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཏན་ཏིག་དང་ཕན་ནུས་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། བྱེད་ཐབས་དེ་དག “གཙོ་གནད་མངོན་གསལ་དང་། ཟིལ་ཤུགས་ལྡན་པ། བརྒྱུད་རིམ་ལྡན་པའི་སྐུལ་འདེད། རྨང་གཞི་བརྟན་གཏོང ”བཅས་སུ་བསྡུས་ན་ཆོག་ཅིང་། དེའི་དམངས་གིས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་མང་ཚོགས་ཀྱི་སློབ་གསོའི་ལས་དོན་ཐད་གཟུགས་ལངས་གྲིབ་ཐོན་གྱི་ཕན་འབྲས་ཐོན་པ་མ་ཟད། གཞི་རིམ་གྱི་རྨང་གཞིའི་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་རྩ་བཅོས་བྱེད་ཐབས་སུ་གྱུར་ཡོད།

        གཙོ་གནད་མངོན་གསལ་ཐད་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་སྒྲུབ་ཕྱོགས་གཙོ་བོ་དང་མང་ཚོགས་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་མང་ཚོགས་ཀྱི་སློབ་གསོའི་ལས་དོན་གྱི་གཙོ་གནད་དེ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་ཡོད། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས་གནད་ལ་འཕིགས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་ཐོན་ཆེད་དྲིལ་བསྒྲགས་བྱེད་ཐབས་ལ་འགྱུར་ལྡོག་བཏང་ནས་རྒྱུན་དུ་ཤོད་པ་དང་སློབ་གསོའི་ཁ་གཏད་ཀྱི་དོན་དངོས་དང་བསྟུན་ནས་ཡང་ཡང་བཤད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱས་ཁར “གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་མེད་པ ”དང་། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པ ”སོགས “གཞི་རྩའི་བསམ་བློའི་འདེགས་སྐྱོར་བརྒྱད ”བརྟན་པོ་བཙུགས་པར་བརྟེན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡིན་མིན་གསལ་འབྱེད་ཀྱི་ནུས་པ་ཆེ་རུ་ཕྱིན་པ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་པ་མ་ཟད། མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་བཅས་ལ་འཆང་བའི་མོས་སེམས་ཆེ་རུ་ཕྱིན་ཡོད།

        ཟིལ་ཤུགས་ལྡན་པའི་ཐད་ས་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཁར་ས་གནས་དང་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོ་ཡང་ཕྱོགས་མང་གི་ཐོག་ནས་ད་ཐེངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་ཞུགས་ཡོད།

        ས་ཁུལ་དེ་ཡོངས་ཀྱིས་སྔ་རྗེས་སུ་རིམ་ཁག་ལས་བྱེད་པ་5000ཙམ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་500གཞི་རིམ་དུ་བཏང་བ་དང་ས་ཨུད་ཀྱིས་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་པའི་ཐོག་གཤམ་འོག་ཏུ་མང་ཚོགས་ཀྱི་སློབ་གསོའི་ཚོགས་ཆུང་དང་། གཞོན་ནུ་ལོ་ཆུང་གི་སློབ་གསོའི་ཚོགས་ཆུང་། དགོན་པའི་སློབ་གསོའི་ཚོགས་ཆུང་། རྣམ་གྲངས་དོན་འཁྱོལ་ཚོགས་ཆུང་། ཆེད་དོན་བཅོས་སྒྲིག་ཚོགས་ཆུང་། རྩ་འཛུགས་མི་དོན་ཚོགས་ཆུང་སོགས་བཙུགས་ནས་རང་འགན་རང་འཁུར་བྱས་ཡོད། དེ་དང་ཆབས་ཅིག་བྱེད་སྒོའི་སྤྱིའི་ཇུས་གཞི་དང་ལོ་འཁོར་ལས་དོན་གྱི་འཆར་གཞི་དང་དེ་བཞིན་ལས་ཀའི་བླང་བྱ་བཟོས་པ་མ་ཟད། སློབ་གསོའི་ཀློག་དེབ་དང་དྲིལ་བསྒྲགས་དཔྱད་ཡིག་རྩོམ་འབྲི་བྱས་པའི་ཐོག་མཛུབ་ཁྲིད་ཡིག་ཆ་རྒྱུན་ཆད་མེད་པར་བཀྲམས་ནས་མཛུབ་ཁྲིད་དང་། འབྲེལ་མཐུད། མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་སྣོན་བརྒྱབ་པར་བརྟེན་ལོ་གསུམ་རིང་གི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་འཕེལ་རྒྱས་རྒྱུན་འཁྱོངས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད།

        བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བའི་ཐད་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་འགལ་ཟླ་གྲལ་བཤེར་དང་། རྩོད་གཞི་འདུམ་འགྲིག མི་མངོན་པའི་རྐྱེན་ངན་མཐིལ་རྟོགས་སོགས་བྱས་ཏེ་ཐོན་སྐྱེད་དང་འཚོ་བའི་ནང་གི་མང་ཚོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐད་ཀྱི་དཀའ་ངལ་བསལ་བ་དང་ཁྲིད་སྟོན་བྱས་ཡོད། ལྷག་པར་དུ་ལོ་གསུམ་རིང་གི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་ཕྱོགས་གཅིག་ནས་མང་ཚོགས་ཀྱི་སློབ་གསོའི་བྱེད་སྒོར་དམ་འཛིན་བྱས་ནས་ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ཏཱ་ལའི་སྡིག་ཉེས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ་དང་། གཅིག་ཤོས་ནས་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་སྤེལ་ཤུགས་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཐོག་མང་ཚོགས་ལ་སློབ་གསོ་གཏིང་ཟབ་ཐེབས་པ་དང་ཏཱ་ལའི་རུ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་ཐུབ་པ་བྱས་ཡོད།

        རྨང་གཞི་བརྟན་གཏོང་གི་ཐད་ལོ་གསུམ་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི “རྨང་གཞི་ལྔ ”བརྟན་དུ་ཧུར་ཐག་བཏང་བ་སྟེ། གཏིང་ཟབ་དང་རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། ཁྲིམས་ལུགས་དྲིལ་བསྒྲགས། མི་རིགས་དང་ཆོས་ལུགས་སྲིད་ཇུས་སོགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་དང་། ཏན་ཏིག་དང་གཏིང་ཟབ་ཀྱི་སྒོ་ནས་མང་ཚོགས་ཀྱི་ལས་དོན་སྤེལ་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། མང་ཚོགས་ཀྱི་བློ་ཁ་བརྟན་དུ་གཏོང་བ། མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་པ། རྩ་འཛུགས་འཐུས་ཚང་དང་། ལམ་ལུགས་འཐུས་ཚང་། འགན་འཁྲི་ཁ་གསལ། གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་སོགས་བྱས་ཏེ་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་བརྟག་དཔྱད་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆེད་དོན་བཅོས་སྒྲིག་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་བྱས་ཏེ་བརྟན་ལྷིང་གི་རྨང་གཞི་བརྟན་དུ་བཏང་བ། འཕེལ་རྒྱས་ཀྱི་རྣམ་གྲངས་དོན་འཁྱོལ་དང་དམངས་འཚོ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་སྟེ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཡོད།

        ལོ་གསུམ་གྱི་ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཐད་ད་དུང་དེ་བས་གལ་འགངས་ཆེ་བའི་རྒྱུ་རྐྱེན་ཞིག་ཡོད་པ་དེ་ནི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་ཞུགས་མཁན་ས་ཁུལ་དེ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བརྩེ་སེམས་བཅངས་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་པ་དང་སྤྲོ་བ་འཕེལ་བཞིན་མང་ཚོགས་ཀྱི་བསམ་བློར་སློབ་གསོ་བཏང་བ་དེ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།