དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་བབ་གསར་པའི་འོག་གི་མང་ཚོཌ་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གསོན་ཉམས་ལྡན་པའི་ལག་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        བོད་བྱང་ཐང་དུ་དགའ་བའི་རྣམ་པ་འཕྱུར། ནག་ཆུ་ས་ཁུལ་གྱིས་2008ལོ་ནས་བཟུང་ས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་ལོ་གསུམ་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བར་བརྟེན་བོད་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་ཁུལ་དེའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་། བསམ་པའི་ཉམས་འགྱུར། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་སོགས་ཕྱོགས་མང་པོའི་ཐད་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་ཕྱིན་ཡོད།

        ད་ཐེངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ཕྱོགས་སྡོམ་བྱེད་སྐབས་དེར་ཐོབ་པའི་གྲུབ་འབྲས་ཀྱི་འགག་རྩ་ཆེ་ཤོས་དེ་ནི་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྒྲུབ་ཕྱོགས་གཙོ་བོ་དེ་དམ་འཛིན་ཡག་པོ་བྱས་ཡོད་པ་དེ་ཡིན། ད་ཐེངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དེ་ནི་དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ཞེས་བརྗོད་ཆོག ད་ཕན་ལོ་ཤས་རིང་ས་ཁུལ་དེ་ཡོངས་སུ་སྤེལ་བའི་ཁྱབ་རྒྱ་ཆེ་བ་དང་། མི་ཞུགས་ཚད་མང་བ། དུས་ཚོད་རིང་བ། མ་དངུལ་གཏོང་མང་བ་བཅས་ཀྱི་མང་ཚོགས་རང་བཞིན་གྱི་སློབ་གསོའི་བྱེད་སྒོ་དེས་གསོན་ཉམས་ལྡན་པ་དང་ཕྱོགས་ཡོངས་ཀྱི་ཐོག་ནས་ཏང་གི་མང་ཚོགས་ལས་དོན་གྱི་ནང་དོན་ཟབ་མོ་དང་དུས་བབ་གསར་པའི་འོག་མང་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དོན་སྙིང་གལ་ཆེན་མངོན་ཡོད།

        མང་ཚོགས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་གི་ལས་དོན་ཡོད་དོ་ཅོག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་མི་དམངས་མང་ཚོགས་ནི་ང་ཚོའི་སྲིད་འཛིན་གྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཀྱང་ཡིན། མང་ཚོགས་ཀྱི་རྨང་གཞི་དང་བློ་ཕྱོགས་གཏད་མིན་དེ་ཏང་གི་སྲིད་འཛིན་རྨང་གཞི་བརྟན་པོ་ཡོང་མིན་དང་སྲིད་འཛིན་དམིགས་ཚད་མངོན་འགྱུར་ཡོང་མིན་དང་འབྲེལ་བ་ཡོད། དེར་བརྟེན་ཏང་གི་མང་ཚོགས་ལས་དོན་ནི་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་དང་སྲིད་འཛིན་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་གལ་འགངས་ཆེ་བའི་འགན་འཁྲི་ཞིག་ཀྱང་ཡིན། ད་ཕན་ལོ་ཤས་རིང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་བྱུང་བའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་ཐོན་པའི་བླང་བྱ་གསར་པ་དང་འགྲན་སློང་གསར་པས་ཏང་གི་མང་ཚོགས་ལས་དོན་ཐད་བརྗོད་གཞི་གསར་པ་བཏོན་ཡོད། ལྷག་པར་དུ་ནག་ཆུ་ས་ཁུལ་དུ་ལོ་རྒྱུས་དང་རང་བྱུང་ཆ་རྐྱེན་སོགས་དབང་གིས་བོད་ཀྱི་ས་ཁུལ་གཞན་དང་བསྡུར་ན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་སོགས་བལྟོས་བཅས་ངང་རྗེས་སུ་ལུས་ཡོད། ཇི་ལྟར་བྱས་ཏེ་དུས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་ནག་ཆུའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་འཕྲད་པའི་ཛ་དྲག་གི་འགྲན་སློང་ཞིག་ཡིན།

        སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན། ཚན་རིག་དང་མཐུན་ལ་ཤེས་དཔལ་ལྡན་པའི་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་སྲོལ་གཏོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དམིགས་ཚད་དང་། ལས་འགན། བླང་བྱ་གསར་པ་བཅས་མངོན་འགྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། རྩ་འཛུགས་ཀྱི་རྨང་གཞི། བརྟན་ལྷིང་གི་རྨང་གཞི། འཕེལ་རྒྱས་ཀྱི་རྨང་གཞི་བཅས་བརྟན་གཏོང་བྱེད་པར་ངེས་པར་དུ་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དོན་དེར་ནག་ཆུ་ས་ཨུད་ཀྱི་འགོ་ཁྲིད་ཚན་ཁག་ལ་ངོས་འཛིན་གསལ་པོ་བྱུང་བ་མ་ཟད། མང་ཚོགས་ལས་དོན་གྱི་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མང་ཚོགས་ལས་དོན་གྱི་རྩ་བ་དེ་དམ་བཟུང་ཐུབ་པ་དང་འབྲེལ་མང་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་གཞི་རྟེན་དེ་འཚོལ་ཐུབ་པ་བྱུང་ཡོད། ལོ་གསུམ་རིང་ལས་བྱེད་པ་སྟོང་ལ་ཉེ་བས་གཞི་རིམ་དུ་ངསྐྱོད་ནས་ཏན་ཏིག་ངང་ཕན་ནུས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ལག་ལེན་ལས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་མང་ཚོགས་ལས་དོན་གྱི་སྲོག་ཤིང་མངོན་པ་དང་འབྲེལ་ནག་ཆུའི་དོན་དངོས་དང་བསྟུན་ནས “རྒྱུན་དུ་མང་ཚོགས་ལ་སློབ་གསོ་གཏོང་བ་དང་། མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱེད་པ། ལྷག་བསམ་རྣམ་དག་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཁྲིད་སྟོན་ཡང་དག་བྱེད་པ ”བཅས་ཀྱི་དུས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཕན་ནུས་ལྡན་པའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད།

        རྒྱུན་དུ་མང་ཚོགས་ལ་སློབ་གསོ་གཏོང་རྒྱུའི་ཐད་མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རིམ་ཁག་ཏང་ཨུད་སྲིད་གཞུང་གི་གལ་འགངས་ཆེ་བའི་འགན་འཁྲིར་བརྩི་བ་དང་། མང་ཚོགས་ཀྱི་བསམ་བློའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་བ། མང་ཚོགས་ལ་སློབ་གསོ་གཏོང་རྒྱུ་དེ་ཏང་ཨུད་དང་། སྲིད་གཞུང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་རྒྱུན་ལྡན་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་བ་བཅས་བྱས་ཏེ་འགན་འཁྲི་ཁ་གསལ་དང་རྒྱུན་བསྲིང་ལྷོད་མེད་ངང་དམ་འཛིན་བྱས་པ་མ་ཟད། ཁ་གཏད་མི་འདྲ་བར་དམིགས་ཏེ་རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སློབ་གསོ་དང་། གྲུབ་འབྲས་སློབ་གསོ། ཁྲིམས་ལུགས་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སློབ་གསོ། གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་སློབ་གསོ་སོགས་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་གཅེས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས། སྐྱོན་བྲལ་གྱི་འཛད་སྤྱོད་འདུ་ཤེས་སོགས་མང་ཚོགས་ཀྱི་སེམས་ནང་བརྟན་པོ་ཟུག་ཐུབ་པ་བྱས་ཡོད། མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱ་རྒྱུའི་ཐད་གཞི་རིམ་ཏང་རྩ་འཛུགས་དང་མང་ཚོགས་རང་བཞིན་གྱི་རྩ་འཛུགས་སྣ་ཚོགས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་གཞི་རིམ་གྱི་སྔོན་ཐོན་སྟོབས་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཚང་མ་རྩ་འཛུགས་ཚང་མའི་ནང་ཞུགས་ཐུབ་པ་བྱས་ནས་སློབ་གསོ་ཐེབས་པ་བྱས་པ་མ་ཟད། སྐྱོན་བྲལ་ཡར་ཐོན་གྱི་ཁོར་ཡུག་ཁྲོད་འཚར་ལོངས་ཡོང་བ་བྱས་ཐོག་ཏང་དར་ཞིང་འབྲོག་ཁུལ་དུ་མཐོན་པོར་གཡོ་བ་བྱས་ཏེ་མང་ཚོགས་ལས་དོན་ལ་འདེགས་སྐྱོར་དང་འགོ་འཛུགས་ས་བརྟན་པོ་ཞིག་ཡོང་བ་བྱས་ཡོད། ལྷག་བསམ་རྣམ་དག་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གཞི་རིམ་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དངོས་ཕན་ཐོབ་པ་བྱས་ནས་གཞི་རིམ་མང་ཚོགས་ཀྱི་ཆེད་དུ་དཀའ་ངལ་སེལ་ཡོད། མང་ཚོགས་ལ་སྣེ་ཁྲིད་ཡང་དག་པ་བྱེད་པའི་ཐད་སློབ་གསོ་སྔོན་ལ་འཇོག་པ་དང་། དཔེ་མཚོན་ཐོག་ནས་ལམ་འདྲེན། ཐབས་ལམ་རྒྱ་ཆེར་གཏོང་བ། རོགས་སྐྱོར་ཧུར་ཐག་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་པ་དང་སྦྲགས་དུས་ཐོག་ཏུ་རིགས་མི་འདྲ་བའི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་བསལ་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཕྱོགས་གཅིག་ནས་མང་ཚོགས་ཀྱི་བསམ་བློའི་སློབ་གསོར་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་བཏང་ཡོད།

        ཏན་ཏིག་དང་ཕན་འབྲས་ལྡན་པའི་སྒོ་ནས་དུས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བྱ་ཐབས་གལ་ཆེན་དེ་དག་གིས་ནག་ཆུ་ས་ཁུལ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་གྲུབ་འབྲས་གང་ལེགས་ཐོབ་རྒྱུར་འགན་ལེན་ཐུབ་པ་མ་ཟད། ཕྱིས་འབྱུང་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ཡག་པོ་སྒྲུབ་པར་རྩ་ཆེའི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད། ནག་ཆུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་ལག་ལེན་ཐོག་ནས་ངེས་པར་དུ་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་པའི་ཆེས་རྩ་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་དང་ལས་དོན་ཡོད་ཚད་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་དགོས་པའི་གསལ་བཤད་བྱས་ཡོད། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། བརྟན་ལྷིང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་བཅས་བྱས་ཚེ་གཞི་ནས་ཞིང་འབྲོག་ཁུལ་གྱི་ཏང་གི་སྲིད་འཛིན་ལ་དེ་བས་བརྟན་པའི་རྨང་གཞི་འདིང་ཐུབ་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་རྒྱུར་འགན་ལེན་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།