དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མི་སེམས་ལ་གཏིང་ཟབ་ཟུག་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ཤར་རྒྱུད་ཀྱི་གྲོག་རོང་ནས་མངའ་རིས་ས་མཐོ་བར་དང་། བོད་བྱང་ཐང་གི་རྩྭ་ཐང་ནས་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཉིང་ཁྲི་བར་ལོ་མང་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་བོད་ལྗོངས་གསར་པ་དང་། འཕེལ་རྒྱས་གསར་པ། འཕོ་འགྱུར་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཁར་མང་ཚོགས་རང་བཞིན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཆེ་མོའི་སློབ་གསོ། “ཡག་པོ་དྲུག ”གི་སློབ་གསོ། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་སློབ་གསོ། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི ”སློབ་གསོ་བཅས་གཏིང་ཟབ་ངང་སྤེལ་ཏེ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་འགན་ལེན་བྱ་ཆེད་བསམ་བློའི་འགན་ལེན་ནུས་ལྡན་དང་། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། བསམ་པའི་སྒུལ་ཤུགས་བཅས་མཁོ་འདོན་བྱས་ཡོད་པ་རེད།

        རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པ།

        མང་ཚོགས་རང་བཞིན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་ཆེད་ལྗོངས་ཡོངས་ཀྱིས་གསར་བརྗེའི་གླུ་དབྱངས་ལེན་པའི་བྱེད་སྒོ་དེ་དུས་སྟོན་གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་པས་བྱེད་སྒོའི་ནང་ཞུགས་མཁན་གྲས་སུ་རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་དང་། རིགས་ཁག་གི་སློབ་གྲྭའི་སློབ་མ། ཞིང་འབྲོག་ཁུལ་གྱི་མང་ཚོགས། བཅའ་སྡོད་དཔུང་སྡེའི་དཔོན་དམག གྲོང་ཁྱེར་གྱི་ཕྱོགས་མི་བཅས་ཡོད་པ་དང་སྤྱི་ཚོགས་ཡོངས་སུ་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་ཡོད།

        རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་གཅེས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

        དཔའ་ཤོད་རྫོང་གིས “སྒྲོག་འགྲེལ་ཐེངས་བརྒྱ་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་བ ”དང “བྱ་བ་དངོས་བརྒྱ་སྒྲུབ་ནས་དམངས་འཚོ་འགན་ལེན་བྱེད་པ ”“གླུ་གཞས་བརྒྱ་བླངས་ནས་མེས་རྒྱལ་ལ་བསྟོད་གླུ་འབུལ་བ ”སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་བ་བརྒྱུད་མང་ཚོགས་རང་བཞིན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་པ་རེད།

        སྟེང་ཆེན་རྫོང་གིས་རྫོང་སྐུད་ཡོད་བཪྙན་འཕྲིན་ལས་ཁུངས་དང་། རྫོང་གྲོང་གི་བཪྙན་ཤེལ་ཆེ་བའི་བཪྙན་འཕྲིན། སྐོར་སྐྱོད་གློག་བཪྙན་སྟོན་བྱེད་རླངས་འཁོར་སོགས་གང་ལེགས་སྤྱད་དེ་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བའི་རྒྱལ་གཅེས་རིང་ལུགས་ཀྱི་ཕུལ་བྱུང་གློག་བཪྙན་བརྒྱ་སྟོན་པའི་བྱེད་སྒོ་སྤེལ་བ་དང་། ལོ་རེའི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་སུ་ཤང་ཁག་ཏུ་བཅའ་སྡོད་དབྱར་རྩྭ་དགུན་འབུ་འཐུ་བའི་ཐོན་ཁུངས་ཀྱི་རྩོད་གཞི་འདུམ་སྒྲིག་ལས་དོན་ཚོགས་ཆུང་གིས་ཐོན་ཁུངས་ཀྱི་རྩོད་གཞི་འདུམ་སྒྲིག་ཡག་པོ་བྱེད་པ་དང་ཆབས་ཅིག་འཕྲེད་འགེལ་སྦྱར་ཚིག་འགེལ་བ་དང་། དྲིལ་བསྒྲགས་ཀྱི་ཤོག་ལྷེ་སྤྲོད་པ། མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་དང་སྒྲོག་འགྲེལ་ཚོགས་ཆེན་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་བོད་ཪྙིང་པའི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་གདུག་རྩུབ་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལྡན་པའི་པང་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱས་པར་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་སྒྲོག་འགྲེལ་བྱས་པ་རེད།

        རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ།

        ལོ་མང་རིང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣས་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་མཁན་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་གང་ཐུབ་ཅི་ཐུབ་ཀྱིས་སྟབས་བདེ་བསྐྲུན་པ་མ་ཟད་ད་དུང་ཕྱིར་བསྐྱོད་དེ་ཧུར་བརྩོན་དང་རང་འགུལ་ངང་སློབ་གྲྭ་དང་འབྲེལ་བ་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་འགན་འཁྲི་ཏན་ཏིག་ངང་བསྒྲུབས་ཡོད་པ་རེད།

        ལོ་བཅུ་ཕྲག་ཁ་ཤས་ནང་རྒྱལ་རྩེ་རྫོང་གིས་རྫོང་རིའི་དབྱིན་འགོག་རྗེས་ཤུལ་གྱི་སློབ་གསོའི་རྟེན་གཞི་གཞི་རྟེན་དུ་བྱེད་པ་དང་ལོ་རྒྱུས་ཀྱི་དོན་དངོས་གཞི་འཛིན་སར་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་དཔེར་ན། ཏང་ཡོན་གསར་པ་ཏང་ནང་ཞུགས་པ་དང་སྡེ་ཚོགས་ཀྱི་ཚོགས་མི་གསར་པ་སྡེ་ཚོགས་ནང་ཞུགས་སྐབས་ཀྱི་དམ་བཅའ་འཇོག་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་གསར་པ་སློབ་གྲྭར་ཞུགས་པ། བཅའ་སྡོད་དཔུང་སྡེའི་དམག་མི་གསར་པ་དམག་ནང་ཞུགས་པ་དང་དམག་མི་རྒན་གྲས་དམག་ཁོངས་ནས་ཕྱིར་ལོག་པའི་སློབ་གསོ། མི་རྒན་ཆགས་པ་སྟེ་ལོ་18ལ་སླེབས་པ་སོགས་ཀྱི་མཛད་སྒོ་ཚང་མ་རྟེན་གཞིར་སྤེལ་གྱི་ཡོད་པ་རེད། རྒྱལ་རྩེའི་དབྱིན་འགོག་རྗེས་ཤུལ་དེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུ་བ་དང་། རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་བྱེད་པ། རྒྱལ་རྩེ་དྲིལ་བསྒྲགས་བྱེད་པ། སྤྱི་ཚོགས་རིང་ལུགས་ལ་བསྟོད་གླུ་འབུལ་བ། ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པ་བཅས་ཀྱི་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

        སྣེ་གདོང་རྫོང་དུ་ཡོད་པའི་ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་འདི་ཉིད་ལོ་མང་རིང་ལྷོ་ཁ་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་ལྷོ་ཁའི་གསར་བརྗེའི་ཡུལ་སྐོར་སྤྲོ་འཆམ་གྱི་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཏུ་བརྩི་གི་ཡོད། རྟག་ཏུ་དྭངས་གསལ་དུས་ཆེན་དང་། “ལྔ་བཞི ”གཞོན་ནུའི་དུས་ཆེན། “བརྒྱད་གཅིག ”དམགས་འཛུགས་དུས་ཆེན་སོགས་དུས་ཆེན་དང་གུང་གསེང་སླེབས་རིམ་བཞིན་བཅའ་སྡོད་དམག་དཔུང་གི་བཀོད་འཐབ་པ་དང་། ལས་བྱེད་པ། བཟོ་པ། ཞིང་འབྲོག་པ། གཞོན་ནུ་ལོ་ཆུང་སློབ་མ་བཅས་ཚང་མས་གཅིག་མཇུག་གཉིས་མཐུད་ངང་དེར་དཔའ་བོའི་བང་སོ་གཙང་ཕྱགས་བྱེད་པར་ཡོང་ནས་སྔོན་གཤེགས་དཔའ་བོ་ཚོའི་རླབས་ཆེན་བྱས་རྗེས་བསམས་པ་དང་སྔོན་གཤེགས་དཔའ་བོ་ཚོའི་གསར་རྗེའི་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ཏེ་མཐའ་མཚམས་འཛུགས་སྐྲུན་དང་མཐའ་མཚམས་སྲུང་སྐྱོང་བྱེད་པའི་བརྗིད་ཆེའི་བློ་སྟོབས་འཕེལ་བ་བྱེད་ཀྱི་ཡོད་པ་རེད།

        སློབ་གྲྭའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ནུས་ལྡན་ངང་སྤེལ་བ།

        ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་གཙོ་གཉེར་སྡེ་ཚན། རྒྱ་ཆེའི་སློབ་གྲྭ་བཅས་ཀྱིས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་གསར་པའི་ཐོག་ནས་གསར་གཏོད་དང་། ལག་ལེན། དྲིལ་བསྒྲགས་བཅས་ཀྱི་ལས་དོན་གསུམ་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བརྗོད་བྱ་གཙོ་བོར་བྱས་པའི་ལག་ལེན་གྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། མར་ཁེ་སིའི་རིང་ལུགས་ཀྱི “ལྟ་བ་བཞི ”དང “སྨྲ་བ་གཉིས ”ཀྱིས་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་གནས་ཚུལ་དང་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་གྱི་སློབ་གསོ་སྤེལ་བ། བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཁར་མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་གཞོན་ནུ་ལོ་ཆུང་གི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

        མང་ཚོགས་རང་བཞིན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཆེད་བོད་ལྗོངས་སློབ་ཆེན་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་རྒྱུ་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་དེབ་ནང་འགོད་རྒྱུ་དང་། སློབ་ཁྲིད་བྱ་རྒྱུ། སློབ་ཕྲུག་གི་ཤེས་པ་བྱ་རྒྱུ་བཅས་ཀྱི་ལས་དོན་གསུམ་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

        ཉེ་བའི་ལོ་ཤས་རིང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འཆད་ཁྲིད་ཉན་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གློག་བཪྙན་ལྟ་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་སྐྱོད་པ། རྒྱལ་གཅེས་རིང་ལུགས་ཀྱི་གླུ་གཞས་ལེན་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་མྱོང་ཚོར་འབྲི་བ། རྒྱལ་གཅེས་རིང་ལུགས་ཀྱི་གཏམ་བཤད་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་ཤེས་བྱའི་འགྲན་བསྡུར་ནང་ཞུགས་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ་སྤེལ་སྟབས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་གསོན་ཉམས་དོད་པོ་ཞིག་སྤེལ་ཐུབ་པ་བྱུང་ལ་རྒྱ་ཆེའི་དགེ་སློབ་ཚོའི་དགའ་བསུ་དང་བསྔགས་བརྗོད་ཀྱང་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།

        རྒྱལ་གཅེས་རིང་ལུགས་ནི་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་བས་ཆེ་རུ་ཕྱིན་པ་དང་བརྟན་ལྷིང་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། འཕེལ་རྒྱས་སྐུལ་འདེད་བཅས་བྱེད་པའི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་སོང་ནས་རང་ལྗོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པར་འགན་ལེན་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།