“རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཕན་ཚུན་ཁ་འབྲལ་ཐབས་མེད ”པའི “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློའི་ཐོག་ནས་རང་རྒྱལ་གྱི་མི་རིགས་ཁག་གི་འཕེལ་རྒྱས་ཐད་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་དོན་དངོས་གསོན་ཉམས་ལྡན་པའི་ངང་མཚོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེ་ལ་གསོན་ཉམས་ལྡན་པའི་ལག་ལེན་དངོས་ནང “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ངོས་འཛིན་ལ་གྱུར་བ་དང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་འགན་ལེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་ལྗོངས་སུ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་གཏན་འཁེལ་བྱས་པ་དང་དམིགས་ཚད་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ནས་ངེས་པར་དུ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་བས་བརྟན་པོ་བཙུགས་ཏེ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་ཀྱི་འདུ་ཤེས་དང་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་ལ་ནུས་ལྡན་གྱི་འགན་ལེན་བྱེད་དགོས།
བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ལོ་60ཙམ་གྱི་འོད་སྟོང་འཕྲོ་བའི་ལོ་ཟླ་འདས་ཟིན་པ་དང་ལོ་60ཙམ་གྱི་ལོ་རྒྱུས་ཐོག་ནས་དུས་གང་ཞིག་ཏུ་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་ཤུགས་སྣོན་ཐེབས་ཚེ་བོད་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་གོམ་སྟབས་མགྱོགས་སུ་འགྲོ་ཐུབ་པ་དང་། དུས་གང་ཞིག་ཏུ་མི་རིགས་མཐུན་སྒྲིལ་གྱི་དུས་བབ་བཟང་པོར་ཏཱ་ལའི་རུ་ཚོགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་ཕོག་ཚེ་བོད་ཀྱི་འཕེལ་རྒྱས་དང་མདུན་སྐྱོད་གོམ་སྟབས་ལ་འགོག་རྐྱེན་འཕྲད་ཀྱི་ཡོད་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངན་པ་ཚབས་ཆེན་ཕོག་གི་ཡོད་པ་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་ཐུབ་ཡོད།
དངོས་ཡོད་དང་འབྱུང་འགྱུར་ལ་ཕྱོགས་སྐབས་བོད་འཕེལ་རྒྱས་གཏོང་བའི་ལས་འགན་དེ་བས་དཀའ་ཚེགས་ཆེན་པོ་ཡོད་པས་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚང་མས “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་བས་བརྟན་པོ་འཛུགས་དགོས་པ་མ་ཟད། རང་རྟོགས་ཀྱི་འདུ་ཤེས་དང་བྱ་སྤྱོད་ཅིག་ཏུ་གྱུར་བ་བྱས་ནས་ལྗོངས་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་སྟེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ཏང་གིས་ང་ཚོར་དཀྲིས་པའི་གཟི་བརྗིད་ཀྱི་ལས་འགན་འཁུར་བ་དང་དུས་རབས་ཀྱིས་ང་ཚོར་སྤྲད་པའི་གཟི་བརྗིད་ཀྱི་འགན་འཁྲི་འཁུར་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་བ་བྱེད་དགོས།
“ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་བས་བརྟན་པོ་བཙུགས་ནས “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་ཀྱི་འདུ་ཤེས་དང་བྱ་སྤྱོད་ཅིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་པར་མུ་མཐུད་རྒྱུན་བསྲིང་ལྷོད་མེད་དང་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་དམངས་ཡོངས་ཀྱི་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་དགོས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བར་དང་ཐོག་བརྗོད་བྱ་གཙོ་བོ་ཡིན་པའི་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་སྟངས་འཛིན་ནན་པོ་བྱེད་དགོས། དུས་རབས་ཀྱི་བླང་བྱར་གཞིགས་ནས་སློབ་གསོའི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་དང་སློབ་གསོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་ལ་དེ་བས་གལ་ཆེ་བ་ཞིག་ནི་སློབ་གསོའི་བྱེད་སྒོ་དེ་ཡུན་རིང་གི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་རྒྱུན་བསྲིང་ལྷོད་མེད་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། སློབ་གསོའི་བྱེད་སྒོ་གཏིང་ཟབ་དང་རྒྱུན་མཐུད་ངང་སྤེལ་བ་བརྒྱུད་ལེ་དབར་ཁྲི་ཡི་ས་མཐོར་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མང་ཚོགས་ཡག རླབས་ཆེན་མེས་རྒྱལ་ཡག་བཅས་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས་མི་རིགས་ཁག་གི་མི་དམངས་ཚོར་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ཚེ་བོད་ལ་གཞི་ནས་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཡོང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོང་ཐུབ་པ་བྱེད་དགོས།
“ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་བས་བརྟན་པོ་ཞིག་བཙུགས་ཏེ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་འདུ་ཤེས་དང་བྱ་སྤྱོད་ཅིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས་ན་རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་ཏཱ་ལར་ཐེར་འདོན་དགག་རྒྱག་དང་རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་དགོས། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་ནི་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་ལ་དོགས་ཟོན་བྱེད་པ་དང་ཁ་ཕྲལ་གཏོང་རྒྱུ་བཀག་འགོག་བྱེད་པའི་མཚོན་ཆ་རྣོན་པོ་ཞིག་རེད། ཏཱ་ལའི་རུ་ཚོགས་ཀྱིས་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་སྤྱད་དེ་ཁ་ཕྲལ་གཏོང་བའི་ལྐོག་གཡོ་གཤོམ་མཚམས་སྔར་ནས་ད་བར་འཇོག་མྱོང་མེད་ཅིང་། ཏཱ་ལའི་རུ་ཚོགས་ཀྱིས་གཡོ་ཐབས་ཡང་ཡང་བརྗེས་ཏེ་རྩོད་ཪྙོག་སློང་བ་དང་། ཟིང་ཆ་སློང་བ། མི་རིགས་ཕན་ཚུན་ཁ་གཏད་དུ་ལངས་རྒྱུ་དང་མི་རིགས་ཕན་ཚུན་འཁོན་འཛིན་བཟོ་རྒྱུའི་ངན་སྐུལ་བྱེད་པ་ལ་སོགས་པའི་ཐོག་ནས་མི་རིགས་འབྲེལ་བའི་ཐད་ཁ་ཤོ་བརྟོལ་ཐབས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་རྒྱུའི་ངོ་ཚ་ཁྲེལ་མེད་ཀྱི་དམིགས་ཡུལ་དེ་སྒྲུབ་རེ་བྱེད་ཀྱི་ཡོད། མེས་རྒྱལ་ཁ་ཕྲལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མི་རིགས་ཁ་ཕྲལ་གཏོང་བ་བཅས་ཀྱི་ཏཱ་ལའི་རུ་ཚོགས་ཀྱི་སྡིག་ཉེས་ཆེ་བའི་དམིགས་ཡུལ་ཐེར་འདོན་དགག་རྒྱག་བྱེད་དགོས་ན་བོད་རང་བཙན་ཡོང་རྒྱུའི་རེ་ངན་འཆང་བ་དང་། བོད་ཪྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་ཡོང་ཐབས་བྱེད་པ། བོད་མི་དམངས་སླར་ཡང་བྲན་དུ་བཀོལ་བ་བཅས་ཀྱི་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་གསལ་རྟོགས་ཐུབ་པ་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་དང་མཛའ་མཐུན་བྱུང་ཚེ་བོད་གཞི་ནས་འཕེལ་རྒྱས་དང་ཡར་རྒྱས་ཡོང་བ་དང་མི་དམངས་གཞི་ནས་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པ་དངོས་འབྲེལ་གསལ་པོ་ཞིག་ཤེས་པ་བྱེད་དགོས་པ་དང་། མི་རིགས་དབར་ཁ་ཕྲལ་དང་གདོང་ཐུག་བྱུང་ཚེ་སྤྱི་ཚོགས་བརྟན་པོ་མི་ཡོང་བ་དང་མི་སེམས་བརྟན་པོ་མི་ཡོང་ལ་བོད་འཕེལ་རྒྱས་འགྲོ་རྒྱུར་ཡང་འགོག་རྐྱེན་ཚབས་ཆེན་འཕྲད་ནས་མི་དམངས་ལ་ཆག་སྒོ་ཡོང་རྒྱུ་ཡིན་པའི་དོན་དངོས་དེ་དངོས་འབྲེལ་གསལ་པོ་ཞིག་ཤེས་པ་བྱེད་དགོས་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་རྟོགས་ཚེ་རྨང་གཞི་བརྟན་པོ་གདིང་ཐུབ་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་ཐུབ།
ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་བས་བརྟན་པོ་ཞིག་བཙུགས་ཚེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ་དང་གསར་འབྱེད་ཡར་བརྩོན་བྱེད་པའི་མི་རིགས་ཀྱི་སྟོབས་ཤུགས་རླབས་ཆེན་ཞིག་གཅིག་ཏུ་སྒྲིལ་ནས་བོད་ཀྱི་བྱ་གཞག་ཁག་མདུན་ཕྱོགས་སུ་རྒྱལ་ཁའི་ངང་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།