དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒྱུར་བཅོས་དང་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་དར་རྒྱས་སུ་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        འཛམ་གླིང་རིག་གནས་ཤུལ་བཞག་ནང་རེ་ཞུ་བྱེད་ཉེར་ཡོད་པའི་ལྷ་སའི་ཞོ་སྟོན་དེ་ཉིད་ཟླ་8པར་ལྷ་སས་འཛམ་གླིང་གི་སྤྱན་ལམ་དུ་ཕུལ་བའི་མིང་བྱང་ལྟ་ན་སྡུག་པ་ཞིག་ཏུ་གྱུར་པ་དང་། བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སྐབས་དང་པོ་དེས་བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཕུལ་བྱུང་གི་རིག་གནས་སྤུས་རྟགས་གཏོད་པར་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ལྗོངས་ཕྱི་ནང་གི་སྒྱུ་རྩལ་པ་གྲགས་ཅན་གྱིས་ཐུན་མོང་ཐོག་གསར་རྩོམ་བྱས་པའི་གདོད་མའི་གླུ་གར་སྙན་ངག 《བདེ་སྐྱིད་ཀྱི་ལམ་བུ 》ཞེས་པ་དེ་ལས་བོད་ཀྱི་ཁྱད་ཆོས་ལྡན་པའི་གདོད་མའི་སྒྱུ་རྩལ་རྩེ་གྲ་སླར་ཡང་བཏོད་པ་སོགས་དེ་དག་ལས་རང་ལྗོངས་ཀྱིས་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོར་སྐུལ་མ་བཏང་བར་ཐོབ་པའི་གྲུབ་འབྲས་གསར་པ་སྒོ་ཀུན་ནས་མངོན་ཡོད་པ་རེད།

        སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོར་སྐུལ་མ་གཏོང་བའི་ཆེས་རྩ་བའི་ལས་འགན་ཞིག་ནི་སྤྱི་ཚོགས་ཀྱི་ཕན་ནུས་ལྡན་ལ་དཔལ་འབྱོར་གྱི་ཕན་འབྲས་ཡག་པོའང་ཡོད་པའི་ཕུལ་བྱུང་གི་རིག་གནས་ཐོན་རྫས་འབོར་ཆེན་ཞིག་གསར་རྩོམ་དང་ཐོན་སྐྱེད་བྱེད་དགོས་པ་དེ་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་རིག་གནས་འཐབ་ཕྱོགས་ལ་འཕྲད་པའི་ལས་འགན་གལ་ཆེན་ཞིག་ནི་སྒྱུར་བཅོས་དང་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཁྲོད་ཀྱི་རིག་གནས་ཀྱི་སྐུལ་འདེད་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ་བརྩམ་བྱ་རྩེ་གྲས་མང་ཙམ་འདོན་པ་དང་ཤེས་ལྡན་པ་མང་ཙམ་གསོ་སྐྱོང་བྱས་ནས་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་དར་རྒྱས་ཧུར་ཐག་གཏོང་དགོས་པ་དེ་རེད།

        རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་དར་རྒྱས་སུ་གཏོང་བར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་རིག་གནས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྔོན་ཐོན་རིག་གནས་དར་རྒྱས་དང་གོང་འཕེལ་གཏོང་དགོས། བོད་སྐད་ཡིག་གི་རིག་གནས་ཐོན་རྫས་ཕུལ་བྱུང་ཐོན་སྐྱེད་དང་མཁོ་འདོན་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། བོད་སྐད་ཡིག་གི་བརྩམ་བྱ་གསར་རྩོམ་བྱེད་རྒྱུར་སྐུལ་ལྕག་གཏོང་བ། བོད་སྐད་ཡིག་གི་སྒྲ་བཪྙན་བཟོ་རྫས་དང་དཔེ་དེབ་དང་། ཚགས་པར། དུས་དེབ་སོགས་རིག་གནས་ཐོན་རྫས་པར་སྐྲུན་འགྲེམས་སྤེལ་བྱེད་པར་དམ་འཛིན་ཡག་པོ་བྱེད་པ། བོད་ཡིག་པར་སྐྲུན་དངོས་པོ་རིན་མེད་གཟིགས་འབུལ་བྱེད་རྒྱ་ཆེ་རུ་གཏོང་བ། བོད་སྐད་ཀྱི་རླུང་འཕྲིན་དང་གློག་བཪྙན་བཪྙན་འཕྲིན་གྱི་ལེ་ཚན་གསར་རྩོམ་དང་སྒྱུར་བཟོ་བྱེད་མང་དུ་གཏོང་བ་བཅས་ཀྱི་ཐོག་ནས་དེང་རབས་ཤེས་དཔལ་གྱི་འདུ་ཤེས་རྒྱ་ཁྱབ་ངང་ཁྱབ་སྤེལ་གཏོང་དགོས། དྲིལ་བསྒྲགས་དང་རིག་གནས་སྡེ་ཚན་གྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས “ཆེད་དུ་གཉིས ”ཀྱི་ཁ་ཕྱོགས་དང “མཉམ་བཞད་འགྲན་གླེང ”གི་བྱེད་ཕྱོགས་མཐའ་འཁྱོངས་དང་རྟ་དབྱངས་གཙོ་བོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྣ་མང་ཅན་དར་སྤེལ་གཏོང་བ་དང་རིག་རྩལ་ལས་དོན་པས་དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་བྱ་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་ཏེ་ཕུལ་བྱུང་གི་རིག་རྩལ་བརྩམ་བྱར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་ལ་སྣེ་ཁྲིད་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་སྟོབས་དང་ལྡན་པའི་རིག་གནས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་རིག་གནས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས།

        རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་དར་རྒྱས་སུ་གཏོང་བར་ངེས་པར་དུ་བརྩམ་བྱ་རྩེ་གྲས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་བརྩམ་བྱ་ཕུལ་བྱུང་གི་ཕྱོགས་སྟོན་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིག་གནས་ཐོན་རྫས་ཐོན་སྐྱེད་དང་། བཟོ་སྐྲུན། འགྲེམས་སྤེལ་བཅས་བྱེད་མཁན་ཚན་པ་ཡོངས་ཀྱིས་ཕུལ་དུ་བྱུང་བའི་བསམ་པའི་ཐོན་རྫས་ནི་སྔོན་ཐོན་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ལས་དོན་ཁྲོད་ཀྱི་རིག་གནས་གསར་རྩོམ་གྱི་ལྟེ་བའི་གནས་བབ་སྔར་བས་གཏན་འཁེལ་བྱས་ནས་དུས་རབས་ཀྱི་བླང་བྱ་དང་མཐུན་པ་དང་མི་དམངས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་བརྩམ་བྱ་སྤུས་ལེགས་ཧུར་ཐག་གསར་རྩོམ་བྱེད་དགོས། དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྐྱོན་བྲལ་དང་ཕན་ཡོད་ཀྱི་རིག་གནས་ལ་རྒྱབ་སྐྱོར་བྱེད་པ། རྗེས་ལུས་ཀྱི་རིག་གནས་སྒྱུར་བཀོད་ཧུར་ཐག་བྱེད་པ། རུལ་སུངས་རིག་གནས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། “གཅིག་རེ་ལྔའི་འདུ་འགོད ”གཙོ་གནད་དུ་འཛིན་ནས་རིག་རྩལ་བརྩམ་བྱ་རྩེ་གྲའི་འཐབ་ཇུས་ལག་ལེན་ཧུར་ཐག་བསྟར་བ་དང་། བརྗོད་བྱ་འཆར་འགོད་བྱེད་པར་ཤུགས་སྣོན་རྒྱག་པ། ཐོན་ཁུངས་བཟང་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྐུལ་སློང་གིས་རིག་རྩལ་བརྩམ་བྱ་རྩེ་གྲས་གསར་རྩོམ་དང་ཐོན་སྐྱེད་བྱེད་པའི་སྒྲིལ་ཤུགས་སྟོབས་ཆེན་ཞིག་ཆགས་གང་ཐུབ་བྱེད་དགོས།

        རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་དར་རྒྱས་སུ་གཏོང་བར་ངེས་པར་དུ་རྒྱ་ཆེའི་རིག་རྩལ་ལས་དོན་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་དང་རིག་གནས་སྡེ་ཚན་གྱིས་རིག་གནས་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་རྒྱུན་ཆད་མེད་པར་ངོས་འཛིན་བྱེད་པ་དང་ཁོང་དུ་ཆུད་པ་བྱེད་པ་དང་སྤྱི་ཁོག་དོ་དམ་དང་སྒྲིག་འཛུགས་སྣེ་ཁྲིད་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་གནད་ཆེའི་བརྩམ་བྱའི་གསར་རྩོམ་འཆར་འགོད་བཟོ་བ་དང་། ཚན་རིག་དང་མཐུན་ལ་ལས་ཕྱོད་ཀྱང་ཆེ་བའི་མ་འཇོག་དང་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རིག་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ། བསམ་པའི་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་བྱེད་པའི་ཐབས་ལམ་གསར་པ་དང་། བྱེད་ཐབས་གསར་པ། ཐབས་ཤེས་གསར་པ་བཅས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ་བཅས་ཀྱི་ཐོག་ནས་རིག་རྩལ་གྱི་གནམ་ས་གསར་པ་ཞིག་གསར་འབྱེད་བྱེད་པ་དང་རིག་གནས་ཀྱི་འཕེལ་རྒྱས་གསར་པར་སྐུལ་མ་གཏོང་དགོས། བྱ་དགའ་འདེམས་ཐོན་གྱི་དོ་དམ་བྱེད་ཐབས་སྔར་བས་འཐུས་ཚང་དུ་གཏོང་བ་དང་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་ཆེ་རུ་བཏང་སྟེ་མང་ཚོགས་ཀྱིས་ཁས་ལེན་དང་ཁྲོམ་རས་ཁས་ལེན་བྱས་པའི་བརྩམ་བྱ་ཡག་པོ་འདེམས་ཐོན་བྱས་ནས་རིག་རྩལ་བརྩམ་བྱ་རྩེ་གྲས་ཀྱི་དཔེ་སྟོན་དང་ཕྱོགས་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དྲིལ་བསྒྲགས་འོས་སྦྱོར་དང་རིག་རྩལ་དཔྱད་མོལ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ཕུལ་བྱུང་གི་བརྩམ་བྱ་དེ་རྫོགས་ལྡན་དུས་མཚམས་སུ་སྟོན་པ་དང་དྲིལ་བསྒྲགས་དང་དཔྱད་མོལ་རྩོམ་ཡིག་པར་ངོས་གལ་ཆེན་ཐོག་བཀོད་དེ་སྤྱི་ཚོགས་ཐོག་ཡོད་པའི་རིག་རྩལ་བརྩམ་བྱ་རྩེ་གྲས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་དགོས།

        རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་དར་རྒྱས་སུ་གཏོང་བར་ངེས་པར་དུ་ནུས་ལྡན་གྱི་སྒྲིག་འཛུགས་དང་མཐུན་སྦྱོར་ཤུགས་ཆེར་གཏོང་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་ཕྱོགས་སྡོམ་ནན་ཏན་བྱས་ནས་རིག་རྩལ་བརྩམ་བྱ་རྩེ་གྲས་གསར་རྩོམ་དང་ཐོན་སྐྱེད་བྱ་རྒྱུ་དེ་རིག་གནས་འཛུགས་སྐྱོང་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཕྱོགས་ཤིག་ཏུ་བརྩིས་ཏེ་སྒྲིག་འཛུགས་དང་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་རིག་རྩལ་བརྩམ་བྱ་རྩེ་གྲས་གསར་རྩོམ་དང་ཐོན་སྐྱེད་ལ་སྐུལ་མ་གཏོང་བ་དང་འགན་ལེན་བྱེད་པའི་ལམ་སྲོལ་ཞིག་ཆགས་གང་ཐུབ་བྱེད་དགོས། གནད་ཆེའི་རིག་རྩལ་བརྩམ་བྱ་འཆར་འགོད་བྱ་རྒྱུ་དང་གསར་རྩོམ་དང་ཐོན་སྐྱེད་བྱ་རྒྱུ་སྒྲིག་འཛུགས་གང་ལེགས་བྱེད་པ་དང་གནད་ཆེའི་བརྗོད་བྱ་གསར་རྩོམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་རྟ་དབྱངས་གཙོ་བོ་དར་སྤེལ་གཏོང་བ་དང་དུས་རབས་ཀྱི་སྙིང་སྟོབས་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་རིག་རྩལ་བརྩམ་བྱ་རྩེ་གྲས་རྒྱུན་ཆད་མེད་པར་གསར་རྩོམ་བྱེད་དགོས། ཚད་མཐོའི་འགན་འཁྲིའི་འདུ་ཤེས་དང་འགན་ཁུར་བསམ་པའི་ཐོག་ནས་སྔོན་ཐོན་རིག་གནས་ཁྱབ་སྤེལ་གཏོང་བ་དང་། མི་ཡུལ་ཁམས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ། མཛེས་སྡུག་ལྡན་པའི་སེམས་ཁམས་གཏོད་པ་བཅས་ཀྱི་ཕུལ་བྱུང་བརྩམ་བྱ་དེ་བས་མང་བ་གསར་རྩོམ་བྱེད་པ་དང་བསམ་པའི་བདུད་རྩི་ལེགས་ཤོས་མི་དམངས་མང་ཚོགས་ལ་ཕུལ་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རིག་གནས་བརྩམ་བྱ་རྩེ་གྲ་དེ་བས་མང་བ་ཞིག་གསར་རྩོམ་དང་ཐོན་སྐྱེད་བྱས་ནས་སྤྱི་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་། མི་དམངས་ལ་སློབ་གསོ་རྒྱག་པ། འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་རིག་གནས་ཀྱི་ནུས་པ་ཚད་ཆེ་ཤོས་ཀྱི་ཐོག་ནས་འདོན་སྤེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།