དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་གྱི་མདུན་སྐྱོད་གླུ་དབྱངས་ལེན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཟླ་དགུ་པའི་ས་མཐོར་སྟོན་མདངས་རབ་ཏུ་རྒྱས་པ་དང་གང་སར་ལོ་ལེགས་ཀྱི་མཛེས་ལྗོངས་མངོན། རང་སྐྱོང་ལྗོངས་ཀྱིས “མི་རིགས་མཐུན་སྒྲིལ་ཟླ་བ ”བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བཪྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་ཚོགས་འགོ་ཚུགས་ཤིང་། ཐེངས་དེའི་ཚོགས་འདུ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཏུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་དུས་སྐབས་གལ་ཆེན་དུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེ་མོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོར་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་དབར་ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ཡོང་བ་བྱས་ནས་སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་གྱི་མདུན་སྐྱོད་གླུ་དབྱངས་ལེན་པ་དང་། འབྱོར་འབྲིང་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཐུན་མོང་ཐོག་གཏོད་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཐོག་རང་ལྗོངས་ཀྱི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱེད་དགོས་པ་དེ་རེད།

        མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་བདེ་རྩ་ཞིག་ཡིན་པ་དང་དེ་ནི་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་སྔོན་འགྲོ་དང་འགན་ལེན་ཞིག་རེད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། “མི་རིགས་མཐུན་སྒྲིལ་ཟླ་བ ”བཙུགས་ནས་ལོ་20སོང་ཚུན་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཇི་ཙམ་བསྒྲུབས་པ་དེ་ཙམ་གྱིས་ཡག་ཏུ་སོང་བ་དང “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དེ་བས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱེད་པ་དང་མི་རིགས་ཁག་དབར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་བྱ་གཙོ་བོ་མཐའ་འཁྱོངས་བྱས་པས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་སོང་ཡོད། ད་ཆའི་བོད་དུ་མི་རིགས་ཁག་དབར་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་འབྲེལ་བཅས་བྱ་རྒྱུ་དེ་མི་རིགས་འབྲེལ་བའི་བརྗོད་དོན་གཙོ་བོར་གྱུར་བ་དང་། མི་རིགས་ཁག་དབར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་གངས་ལྗོངས་ས་མཐོའི་ཐོག་གསར་འབྱེད་ཡར་བརྩོན་བྱེད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་བསམ་འདུན་དུ་གྱུར་པ། མི་རིགས་ཁག་གིས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཐུན་མོང་གི་དོན་གཉེར་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད། དེང་སྐབས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་མཚོན་རྟགས་སུ་བྱས་ནས་བོད་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད།

        སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་གྱི་མདུན་སྐྱོད་གླུ་དབྱངས་ལེན་པར་མི་རིགས་ཁག་དབར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་བྱ་གཙོ་བོ་དེ་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་ཟབ་མོ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཡིན།

        སྤྱི་ཚོགས་བརྟན་ལྷིང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན། མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་བྱེད་པའི་དར་ཆ་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོར་པོར་བསྒྲེང་ནས་རྒྱུན་བསྲིང་ལྷོད་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོན་ལས་བྱེད་པར་དྲག་ཆས་སྤྲོས་པ་དང་མི་རིགས་ཁག་གི་མི་དམངས་ལ་སློབ་གསོ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་གསར་གཏོད་ཀྱིས་སྲོག་ཤིང་བྱས་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་ཀྱིས་སྲོག་ཤིང་བྱས་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”བཅས་དར་སྤེལ་ཤུགས་ཆེན་བཏང་ནས་རླབས་ཆེན་མེས་རྒྱལ་ལ་འཆང་བའི་སྤོབས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་འཆང་བའི་གཏོགས་སེམས། ཀྲུང་ཧྭའི་རིག་གནས་ལ་འཆང་བའི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་རང་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ལྗོངས་སུ་འགྱུར་བ་བྱེད་དགོས།

        སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་གྱི་མདུན་སྐྱོད་གླུ་དབྱངས་ལེན་པར་མཐུན་སྒྲིལ་ལ་སྣང་ཆེན་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གིས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དེ་དམ་འཛིན་ནན་པོ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ནི་རྨང་གཞི་དང་། བརྟན་ལྷིང་ནི་སྔོན་འགྲོའི་ཆ་རྐྱེན། མཐུན་སྒྲིལ་ནི་འགན་སྲུང་བཅས་ཡིན། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་བཏང་སྟེ་མཐུན་སྦྱོར་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ལ་དེ་བས་གཅེས་འཛིན་བྱེད་པ་དང། ཏཱ་ལའི་རུ་ཚོགས་དང་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་དང་གཅིག་གྱུར་སྲུང་སྐྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྩ་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་ཐོག་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་གྱི་གཅིག་གྱུར་བདེ་འཇགས་སྲུང་སྐྱོང་དང་བོད་འདི་ཉིད་རྩ་བའི་ཆ་ནས་བརྟན་ལྷིང་དང་རྒྱུན་བསྲིང་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

        སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་གྱི་མདུན་སྐྱོད་གླུ་དབྱངས་ལེན་པར་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་དགོས། རྒྱལ་གཅེས་རིང་ལུགས་ནི་མི་དམངས་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་སློང་དང་སྐུལ་ལྕག་བྱེད་པའི་དར་ཆ་ཞིག་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་བློའི་ཀ་རྟེན་ཞིག་ཡིན། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་དུས་སྐབས་ཁག་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་དང་ཉམས་མྱོང་དང་འབྲེལ་བ་དམ་ཟབ་བྱེད་པ་དང་ལོ་རྒྱུས་དང་དོན་དངོས། རིགས་པའི་གཞུང་ལུགས་དང་ལག་ལེན། གྲུབ་འབྲས་དང་ཉམས་མྱོང་བཅས་ཟུང་འབྲེལ་བྱེད་པའི་མཐོ་ཚད་ཐོག་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་གུང་ཁྲན་ཏང་ཡག་པ་དང། སྤྱི་ཚོགས་རིང་ལུགས་ཡག་པ། སྒྱུར་བཅོས་སྒོ་དབྱེ་ཡག་པ། མི་དམངས་དམག་དཔུང་ཡག་པ། མི་རིགས་ཁག་གི་མང་ཚོགས་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ་བཅས་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གང་གི་དུས་སུའང་ངེས་པར་དུ་རྒྱལ་ཁབ་དང་། རྩ་ཁྲིམས། བཅའ་ཁྲིམས་བཅས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་སློབ་གསོ་བཏང་སྟེ་གྲ་རྒྱས་སྟོབས་འབྱོར་གྱི་མེས་རྒྱལ་ཞིག་ཡོད་པར་སྤོབས་པ་བྱེད་པ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཡོད་པར་སྤོབས་པ་བྱས་ཐོག་སྒེར་གྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་དེ་མེས་རྒྱལ་གྱི་མདུན་ལམ་དང་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་མེས་རྒྱལ་ལ་དགའ་ཞེན་དང་ཀྲུང་ཧྭ་དར་རྒྱས་ཡོང་བ་བྱ་རྒྱུ་དེ་བོད་ལ་དགའ་ཞེན་དང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱེད་དགོས། སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་གྱི་མདུན་སྐྱོད་གླུ་དབྱངས་ལེན་པར་བོད་གསར་ཪྙིང་བསྡུར་བའི་སློབ་གསོའི་འགག་རྩ་དེ་དམ་འཛིན་ཏན་ཏིག་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུར་དམ་འཛིན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་ངང་བོད་གསར་འཛུགས་སྐྲུན་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་གང་ལེགས་མངོན་པ་བྱེད་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་སུས་བོད་ལ་བདེ་སྐྱིད་བསྐྲུན་པ་དང་སུས་བོད་ལ་གནོད་འཚེ་གཏོང་བ་དེ་དངོས་འབྲེལ་ཤེས་པ་བྱས་ཏེ་ཏང་ལ་དགའ་ཞེན་བྱེད་པ་དང་། མེས་རྒྱལ་ལ་དགའ་ཞེན་བྱེད་པ། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པ་བཅས་ཀྱི་མི་རིགས་ཁག་གི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་་གཏོང་བ་དང་འབྲེལ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་གྲ་རྒྱས་དང་འཕེལ་རྒྱས་ཡོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དད་སེམས་སྔར་བས་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།