དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁྱད་ལྡན་སྤུས་རྟགས་བཏོད་དེ་རིག་གནས་ཐོན་ཟོག་ཕུན་སུམ་ཚོགས་སུ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ལ་བརྟེན་ནས་སྣ་མང་ཅན་གྱི་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་གྱི་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་གནས་འཛུགས་སྐྱོང་དང་མི་རིགས་རིག་གནས་སྲུང་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་བཏང་བས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བ་དང་། འཕེལ་རྒྱས་དང་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་པ། བྱ་གཞག་དང་ཐོན་ལས་མཉམ་དུ་གོང་འཕེལ་ཡོང་བ་བྱེད་པ། རིག་གནས་དང་དཔལ་འབྱོར་ཟུང་དུ་འབྲེལ་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད།

        དེང་རབས་ཤེས་དཔལ་ཁྱབ་སྤེལ་བཏང་ནས་བོད་སྐད་ཡིག་གི་རིག་གནས་ཐོན་ཟོག་གི་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།

        སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ་30 ཡི་ནང་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་ཚད་མཐོའི་མཐོང་ཆེན་འོག་རང་ལྗོངས་ཀྱི་རྒྱ་ཆེའི་གསར་འགྱུར་དཔེ་སྐྲུན་མི་སྣས་ཁྱད་ལྡན་ཡུལ་སྐོར་སྤྲོ་འཆམ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ས་མཐོའི་སྐྱེ་དངོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སོགས་གཙོ་བོར་བྱས་ཏེ་རིམ་རྩིས་ལྟར་ན་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་དེབ་སྣ་ཚོགས་རིགས་ཁྲི་ 1.53 དང་དེབ་དུང་ཕྱུར་ 2.9 དཔེ་སྐྲུན་བྱས་ཡོད་པ་རེད། ལྗོངས་ཡོངས་སུ་ད་ཆ་ཚགས་པར་རིགས 18 དང་དུས་དེབ་རིགས 34 ཡོད་པ་དང་ས་ཁུལ་དང་གྲོང་ཁྱེར་ 7 ཚང་མར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚགས་པར་ཡོད་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་ཆབས་ཅིག་གསར་འགྱུར་དཔེ་སྐྲུན་སྡེ་ཚན་གྱིས་ལོ་ལྟར་དཔེ་དེབ་ཁྲི་ 10 ལྷག་ཙམ་གཤམ་སྤྲོད་བྱེད་ཀྱི་ཡོད་པ་དང་བོད་ཡིག་ཚགས་པར་ཁྲི་ 700 ལྷག་ཙམ་རིན་མེད་ཐོག་གཤམ་སྤྲོད་བྱེད་ཀྱི་ཡོད་པས་གཞི་རིམ་མང་ཚོགས་ལ “དཔེ་དེབ་དང་ཚགས་པར་དཀོན་པའི ”གནད་དོན་ཐག་གཅོད་ནུས་ལྡན་བྱུང་ཡོད་པ་རེད།

        བོད་སྐད་བཪྙན་འཕྲིན་ལེ་ཚན་ནས་བོད་ཡིག་གི་འཕྲིན་ཐུང་བར་དང་བོད་སྐད་ཡིག་སློབ་ཁྲིད་བྱེད་པ་ནས་བོད་ཡིག་གི་དཔེ་དེབ་དང་ཡིག་ཆ་དང་ཁྲིམས་སྲོལ་བར་ད་ཆ་བོད་སྐད་ཡིག་དེ་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཚང་མའི་ཐོག་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད་པ་རེད། བོད་ལྗོངས་སྒྲ་བཪྙན་དཔེ་སྐྲུན་ཁང་དང་བོད་ལྗོངས་རྒྱལ་སྤྱིའི་རིག་གནས་གློག་བཪྙན་དང་བཪྙན་འཕྲིན་ཀུང་སིས་བོད་ཡིག་གིས་གཙོ་བོ་བྱས་པ་དང་བོད་མི་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་གི་སྒྲ་བཪྙན་ཐོན་ཟོག་དང་གློག་བཪྙན་དང་བཪྙན་འཕྲིན་གྱི་བརྩམས་ཆོས་དཔེ་སྐྲུན་འགྲེམས་སྤེལ་བྱས་པར་མི་སེར་གྱི་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད། བོད་སྐད་ཀྱི་བཪྙན་འཕྲིན་འཕྲིན་ལམ་གྲུབ་འབྲས་ཐོབ་པའི་ངང་སྲུང་སྐར་ཐོག་ནས་བསྟན་ཐུབ་པ་བྱུང་བ་དང་བོད་སྐད་ལེ་ཚན་ 20 ཡོད་པ་དང་། བོད་ལྗོངས་སྲུང་སྐར་བཪྙན་འཕྲིན་བོད་སྐད་འཕྲིན་ལམ་བདེ་བླག་ངང་ནེ་པ་ལར་བསྟན་ཐུབ་པ་བྱུང་བ། བོད་སྐད་ཀྱི་བཪྙན་འཕྲིན་ལེ་ཚན་ཆུ་ཚོད་ 24 མཚམས་མི་བཞག་པར་བསྟན་ཐུབ་པ་བྱུང་བ་བཅས་རེད། རྒྱ་ཆེའི་བོད་རིགས་མང་ཚོགས་ཚོས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱ་ཆེད་ལྗོངས་ཡོངས་སུ་ཁྱོན་བསྡོམས་བོད་སྐད་ཡིག་ཡིག་སྒྱུར་ཚན་པ་ 100 ལྷག་ཙམ་དང་མི་ 1000 ཙམ་གྱིས་ཆེད་མངགས་ཡིག་སྒྱུར་དང་བོད་སྐད་ཡིག་གི་ལས་དོན་སྒྲུབ་ཀྱི་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་ལྟར་ཡིག་སྒྱུར་བྱེད་ཚད་རྒྱ་ཡིག་ཡིག་འབྲུ་ཁྲི་ 5000 ལྷག་ཙམ་ཟིན་གྱི་ཡོད་པ་རེད།

        ཉེ་བའི་ལོ་ཤས་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་དང་ལྷ་མོ་རུ་ཁག་གིས་ལོ་ལྟར་ཞིང་འབྲོག་ཁུལ་གྱི་གཞི་རིམ་དུ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་གྱི་རྣམ་པའི་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་བསམ་པའི་རྒྱགས་ཕྱེ་ཟམ་མི་ཆད་པར་མཁོ་འདོན་བྱེད་ཀྱི་ཡོད་པ་དང་རྩོམ་རིག་རྩོམ་པ་པོས་བོད་ཡིག་གི་བརྩམས་སྒྲུང་རིང་འབྲིང་མང་པོ་དཔེ་སྐྲུན་བྱེད་ཀྱི་ཡོད་པ་དང་བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུ་དང་དེ་བཞིན་དར་མ་ཐག་པའི་བོད་སྐད་ཀྱི་དགོད་བྲོ་བའི་ཟློས་གར་དེ་ནི་བོད་རིགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་ཤོས་ཤིག་རེད། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་གྲགས་ཅན་འཁྲབ་གཞུང་རྩོམ་པ་པོ་ཉི་མ་དོན་གྲུབ་ཀྱིས་རྩོམ་པའི་བོད་སྐད་ཀྱི་དགོད་བྲོའི་འཁྲབ་གཞུང 《སྤྲོ་སྣང་ལྡན་པའི་འཚོ་བ 》ཞེས་པ་དེ་ནི་བོད་རིགས་མང་ཚོགས་མང་པོས་ཉིན་ལྟར་ངེས་པར་དུ་ལྟ་དགོས་པའི་ལེ་ཚན་ཞིག་ལ་གྱུར་ཡོད་པ་རེད།

        བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་རྒྱུ་དར་སྤེལ་བཏང་ནས་གཙོ་གནད་རིག་རྩལ་བརྩམས་ཆོས་འཆར་འགོད་དང་གསར་རྩོམ་ཐད་སྒྲིག་འཛུགས་ཞིབ་ཚགས་བྱས་པ།

        དུས་རབས་ཕྱེད་ཀ་ཙམ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་ལས་རིགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ “གཉིས་ལ་ཞབས་འདེགས་ཞུ་བའི ”ཁ་ཕྱོགས་དང། “མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང ”གི་བྱེད་ཕྱོགས། “འབྲེལ་འདྲིས་གསུམ ”གྱི་རྩ་དོན་བཅས་མཐའ་འཁྱོངས་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་བརྩམས་ཆོས་རྩེ་གྲ་མང་དག་ཅིག་བཏོན་ཡོད་པ་རེད།

        དོན་དངོས་རྩོམ་རིག 《བོད་ཀྱི་མཐའ་མཇུག་གི་ཚྭ་པ 》དང 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན 》ཅིན་ཅུས་ཟློས་གར་དང་ལྷ་མོ 《འུན་ཤིང་ཀོང་ཇོ 》གསར་རྩོམ་ལྷ་མོ 《རྡོ་གཞོང་གི་དཔྱིད་ཀ 》གླུ་གར་དགོང་ཚོགས 《ཇོ་མོ་གླང་མ 》《མཁའ་དབྱིངས་ཀྱི་བོད་ལྗོངས 》《མཐུན་སྦྱོར་ལ་བསྟོད་པ 》གཏམ་བརྗོད་ཟློས་གར 《བཀྲ་ཤིས་སྒང 》《རྫོང་རིའི་བླ་སྲོག 》སོགས་ཕུལ་བྱུང་བརྩམས་ཆོས་ཁག་གཅིག་གིས་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། སྒྱུར་བཅོས་སྒོ་དབྱེ་ཡག་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཡག་པ་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་གངས་ལྗོངས་ས་མཐོར་ཁྱབ་པ་བྱས་པ་དང་བོད་ལྗོངས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པ་དང་རང་ལྗོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ་མི་དེ་བས་མང་བ་ཞིག་གིས་རྩོམ་རིག་གི་སྒྱུ་རྩལ་རྣམ་པ་དང་གླུ་གར་གྱི་ཐོག་ནས་བོད་ཀྱི་འཕེལ་རྒྱས་གསར་པ་དང་འཕོ་འགྱུར་གསར་པ་ཤེས་རྟོགས་ཐུབ་པ་བྱས་ཡོད་པ་རེད།

        ལྗོངས་ཕྱི་ནང་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྤུས་རྟགས་རབ་དང་རིམ་པ་བཏོད་པ།

        མིག་སྔར་རང་ལྗོངས་ལ་ཁྱོན་རིག་གནས་གཉེར་སྐྱོང་ཚན་པ་3000ཙམ་དང་རིགས་20ལྷག་ཙམ་ཡོད་པར་བརྟེན་གཉེར་སྐྱོང་གི་སྣ་ཁ་དང་། རྣམས་གྲངས། ཁྲལ་ཚད་བཅས་རིམ་གྱིས་མང་དུ་འགྲོ་བཞིན་ཡོད་ཅིང་། རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་8བསྐྲུན་པ་དེའི་ནང་གི་རྟེན་གཞི་གཅིག་ལ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི་མིང་བཏགས་ཡོད་པ་དང་ལྷ་ས་ཉང་བྲན་དམངས་སྲོལ་ལྡུམ་ར་དང་གདང་ལའི་སྒྱུ་རྩལ་ལྟེ་གནས་སོགས་སྣེ་འདྲེན་རིག་གནས་ཁེ་ལས་ཁག་གཅིག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད། གདོད་མའི་གླུ་གར 《བདེ་སྐྱིད་ཀྱི་ལམ་བུའི་ཐོག 》དང་མི་རིགས་ཀྱི་གླུ་གར 《ཧི་མ་ལ་ཡ 》དང་། 《ཚོན་མདངས་རྣམ་པར་བཀྲ་བའི་བོད་ལྗོངས 》《ཡར་ཀླུང་གཙང་པོའི་བརྩེ་སེམས 》སོགས་ཁྱད་ལྡན་འཁྲབ་སྟོན་ལེ་ཚན་ལ་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོབ་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ཅུང་ལེགས་པོ་ཐོབ་ཡོད། རིག་གནས་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱུང་བ་དང་གཞིས་རྩེའི་ཞིང་པའི་སྲོལ་རྒྱུན་གྱི “ལྷ་རྩེའི་སྟོད་གཞས ”ཀྲུང་དབྱང་བཪྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཐོག་འཁྲབ་སྟོན་བྱེད་ཐུབ་པ་བྱུང་བ་མ་ཟད། གྲུབ་འབྲས་ཐོབ་པའི་ངང་ཁྲོམ་རའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད།

        འདི་ལོའི་ཟླ་5པར་འཚོགས་པའི་རིག་གནས་སྟོན་ཚོགས་ཐོག་རང་ལྗོངས་ཀྱི་རིག་གནས་ཐོན་ལས་རྣམ་གྲངས་ལ་གདེང་འཇོག་ལེགས་པོ་ཐོབ་ནས་རྣམ་གྲངས་11ལ་སྒོར་དུང་ཕྱུར་6.6གི་མ་འཇོག་གི་འདོད་མཐུན་བྱུང་བ་དང་རིག་གནས་ཐོན་རྫས་བྲིན་ཚོང་བྱེད་ཚད་སྒོར་ཁྲི་47ལོན་ཡོད།

        སྲོལ་རྒྱུན་གྱི་མི་རིགས་རིག་གནས་དུས་ཆེན་ཁག་གཅིག་སླར་གསོ་དང་གསར་གཏོད་བྱས་པ་དང་འབྲེལ་དེ་དག་ས་ཁོངས་རང་བཞིན་གྱི་མི་རིགས་རིག་གནས་ཀྱི་སྤུས་རྟགས་ལ་རིམ་གྱིས་གྱུར་པ་དེས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་ཤུགས་ཆེན་ཐེབས་ཡོད། ལྷ་སའི་ཞོ་སྟོན་དང་། གཞིས་རྩེ་ས་ཁུལ་གྱི་ཇོ་རིའི་རིག་གནས་སྒྱུ་རྩལ་དུས་ཆེན། ལྷོ་ཁ་ས་ཁུལ་གྱི་ཡར་ཀླུང་སྒྱུ་རྩལ་དུས་ཆེན། ཉིང་ཁྲི་ས་ཁུལ་གྱི་སྟག་མ་མེ་ཏོག་སྒྱུ་རྩལ་དུས་ཆེན། ཆབ་མདོ་ས་ཁུལ་གྱི་ཁམས་པའི་སྒྱུ་རྩལ་དུས་ཆེན། མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་སྒྱུ་རྩལ་དུས་ཆེན། ནག་ཆུ་ས་ཁུལ་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་བཅས་ཀྱིས་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

        ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཀྱིས་རིག་གནས “ཕྱིར་སྐྱོད་པའི ”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་སྔ་རྗེས་སུ་རིག་གནས་དང་རིག་རྩལ་ཚོགས་པ (ཚོགས་ཆུང )200ལྷག་ཙམ་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ལ་འཚམས་འདྲི་བྱེད་པར་མངགས་གཏོང་བྱས་ཏེ་ཕྱི་རྒྱལ་གྱི་གྲོང་ཁྱེར་110ལྷག་ཙམ་ལ་རིག་གནས་སྤེལ་རེས་འཁྲབ་སྟོན་དང་འགྲེམས་སྟོན་བྱས་པར་ལྟད་མོ་བ་དང་ལྟ་སྐོར་བ་མི་ཐེངས་ཁྲི་500ལྷག་ཙམ་ལོན་ཡོད། ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་ལ་གཞོགས་འདེགས་ཀྱིས་དབྱི་ཐ་ལི་དང་། ཁ་ན་ཏ། ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་དུ “ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར ”སྐབས་བདུན་སྔ་རྗེས་སུ་གཉེར་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་བོད་དང་བོད་ཀྱི་རིག་གནས་ལ་ཤེས་རྟོགས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ནང་ས་དང་རིག་གནས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ 《ཡིད་དབང་འཕྲོག་པའི་བོད་ལྗོངས 》དང་《བཀྲ་ཤིས་ཨའོ་རྩལ་འགྲན་ཚོགས 》《མཁའ་དབྱིངས་ཀྱི་བོད་ལྗོངས 》སོགས་ཁྱད་ལྡན་ལེ་ཚན་པེ་ཅིང་དུ་འཁྲབ་སྟོན་བྱས་པ་དང་། ཧྲེན་ཀྲེན་དུ 《བོད་དུ་སྐྱོད་པ 》ཞེས་པའི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་གཉེར་བ། ཤང་ཀང་དང་ཨའོ་མོན་ས་ཁུལ་དང་ནང་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་མཉམ་འབྲེལ་གྱིས་རི་མོ་དང་པར་རིས་འགྲེམས་སྟོན་སོགས་རིག་གནས་བྱེད་སྒོ་གཉེར་ཡོད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱིས་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རང་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་ཁུལ་ཆེན་ནས་རིག་གནས་སྟོབས་ལྡན་ཁུལ་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། རིག་གནས་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་ཕྱོགས་བསྡུས་ལེགས་ཆར་བརྟེན་ནས་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རིག་གནས་ཐོན་ལས་དེ་རང་ལྗོངས་ཀྱི་དཔལ་འབྱོར་གྱི་འཕར་གཞི་གསར་པ་དང་། ཁྱད་ལྡན་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་གསར་པ། ཐབས་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་གསར་པ་བཅས་ལ་སྐྱེད་བསྲིང་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།