དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        སྒྱུར་བཅོས་ནི་ང་ཚོའི་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་དང་རྩ་བའི་ཐབས་ལམ་ཡིན། གང་དུ་སྒྱུར་བཅོས་བྱས་ཚེ་དེ་གར་འཕེལ་རྒྱས་གསར་པ་ཡོང་ཐུབ་པ་དང་གང་དུ་སྒྱུར་བཅོས་བྱས་ཚེ་དེ་གར་རྣམ་པ་གསར་པ་ཐོན་ཐུབ། རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ནི་ལམ་ལུགས་ལ་སྒྱུར་བཅོས་ཟབ་མོ་བྱས་པ་ཞིག་ཡིན་པ་མ་ཟད། རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་རྩ་བའི་ཐབས་ལམ་ཞིག་ཀྱང་ཡིན། རིག་གནས་བྱ་གཞག་སྒོ་ཀུན་ནས་དར་རྒྱས་གཏོང་བ་དང་རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་པོ་གཏོང་བ་དེ་སྒྱུར་བཅོས་ལ་བརྟེན་དགོས་ལ་སྒྲིག་སྲོལ་གསར་པས་རིག་གནས་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་ཪྙིང་པ་ལས་རྣམ་པར་རྒྱལ་རྒྱུའི་ཐད་མངོན་པར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་22 པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པར་འཕེལ་རྒྱས་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུ་ལྟེ་བར་འཛིན་དགོས་པའི་ནན་བཤད་གནང་ཡོད། རྣམ་བཤད་དེས་རང་ལྗོངས་ཀྱི་རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་དང་། རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རང་ལྗོངས་ཀྱི་རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་དེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས “སྒྲིག་སྲོལ་གསར་གཏོད་དང་། ལམ་སྲོལ་བརྗེ་སྒྱུར། ཁྲོམ་རར་ཕྱོགས་པ། འཕེལ་ཤུགས་ཆེར་གཏོང ”བཅས་ཀྱི་བླང་བྱ་ལྟར་རིག་གནས་བྱ་གཞག་ཚན་པའི་ནང་ཁུལ་གྱི་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཚན་པ་ཁེ་ལས་སུ་བསྒྱུར་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། གོང་གསལ་གྱི་སྒྱུར་བཅོས་བྱས་པ་བརྒྱུད་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་རིག་གནས་ཐོན་ལས་ཀྱི་ལེགས་ཆར་གང་མགྱོགས་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་རིག་གནས་ཐོན་ཁུངས་ཆེ་ཁུལ་ནས་རིག་གནས་སྟོབས་ལྡན་ཁུལ་དུ་བསྒྱུར་རྒྱུའི་འཐབ་ཇུས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་རིག་གནས་དེ་ཡུལ་སྐོར་སྤྲོ་འཆམ་དང་སྣོད་བཅུད་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས།

        རང་ལྗོངས་ཀྱི་རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རིག་གནས་བྱ་གཞག་ཚན་པའི་ནང་ཁུལ་གྱི་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རིམ་ཁག་རིག་གནས་བྱ་གཞག་ཚན་པ་ནི་རང་ལྗོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་ཡུལ་གཙོ་བོ་ཡིན་པ་དང་དེས་རིག་གནས་བྱ་གཞག་འཛུགས་སྐྱོང་བྱེད་པ་དང་། འཕེལ་རྒྱས་གཏོང་བ། དར་རྒྱས་གཏོང་བ་བཅས་ཀྱི་ལས་འགན་ལྕི་པོ་འཁུར་བ་མ་ཟད་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐོང་རྒྱུའི་ལས་འགན་ལྕི་པོའང་འཁུར་ཡོད། རིག་གནས་བྱ་གཞག་ཚན་པའི་ནང་ཁུལ་གྱི་ལམ་སྲོལ་སྒྱུར་བཅོས་བྱེད་རིང་སྤྱི་ཕན་རང་བཞིན་གྱི་རྩ་དོན་དང་སྲིད་གཞུང་གིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་ལམ་སྲོལ་བརྗེ་སྒྱུར་གྱིས་འཕེལ་ཤུགས་ཆེར་གཏོང་དང་ཞབས་འདེགས་ཡག་པོ་ཞུ་རྒྱུ་གཙོ་བོར་འཛིན་ནས་རིག་གནས་འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་གསར་པ་གཏོད་དགོས། མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མེད་པ་བཟོས་ནས་སྒུལ་ཤུགས་སྣོན་པ་དང་། འཕེལ་ཤུགས་ཆེ་རུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་སྦྲགས་རིག་གནས་བྱ་གཞག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་བྱ་གཙོ་བོར་འཛིན་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་གང་མགྱོགས་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་པ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་བཅས་བྱས་ཏེ་ལས་ཀའི་གཙོ་གནད་བཙལ་འཚོལ་དང་ཁོང་དུ་ཆུད་པ་བྱས་ནས་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་བསམ་གཞིགས་ལ་བརྟེན་ནས་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

        རང་ལྗོངས་ཀྱི་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཚན་པ་ཁེ་ལས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་བོར་འཛིན་ནས་རིག་གནས་ཁྲོམ་ར་གསར་པ་སྐྱེད་བསྲིང་ཧུར་ཐག་བྱས་ཏེ་ཁྲོམ་རའི་ལམ་སྲོལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དེ་དང་ཆབས་ཅིག་རིག་གནས་དོ་དམ་གི་ལམ་སྲོལ་སྔར་བས་གསར་གཏོད་བྱེད་པ་དང་། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཀྱི་ཁྲིམས་འཛིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། རིག་གནས་ཁྱབ་ཁོངས་ཀྱི་སྤྱི་ཁོག་སྟངས་འཛིན་སྙོམས་སྒྲིག་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། སྒྱུར་བཅོས་བྱེད་རིང་ཚན་རིག་དང་མཐུན་པའི་སྒྱུར་བཅོས་ཀྱི་ཐབས་ལམ་མི་འཕྱུགས་པའི་ངང་བཙལ་འཚོལ་བྱེད་པར་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དབྱེ་བ་གསལ་པོ་ཕྱེ་ནས་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་དང་གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཐོན་ལས་གཉིས་ཀར་དམ་འཛིན་དང་གཉིས་ཀར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཡུན་རིང་ནང་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་གྱི་སྐྱོན་ཆ་ཆེ་རིགས་ཤིག་ནི་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་དང་གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཐོན་ལས་གཉིས་པོའི་ངོ་བོ་ཕན་ཚུན་འདྲེས་པ་དང་བྱ་གཞག་གི་འགན་ནུས་དང་ཁེ་ལས་ཀྱི་ནུས་པ་ཕན་ཚུན་མཉམ་འདྲེས་བྱས་པ་དེ་ཡིན། རང་ལྗོངས་ཀྱི་རིག་གནས་ཀྱི་སྒྲིག་སྲོལ་ལ་སྒྱུར་བཅོས་གཏིང་ཟབ་བྱེད་པར་སྒྲིག་སྲོལ་གྱི་སྐྱོན་ཆ་དེ་ཧུར་ཐག་བསལ་ཏེ་ཕྱོགས་གཅིག་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་། མ་དངུལ་གཏོང་ཤུགས་ཆེར་གཏོང་། ལམ་སྲོལ་བརྗེ་སྒྱུར། འཕེལ་ཤུགས་ཆེར་གཏོང་། ཞབས་འདེགས་ཡག་པོ་ཞུ་བ་བཅས་ལ་བརྟེན་ནས་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྒྲིག་སྲོལ་གསར་གཏོད་དང་། ལམ་སྲོལ་བརྗེ་སྒྱུར། ཁྲོམ་རར་ཕྱོགས་པ། སྟོབས་ཤུགས་ཆེར་གཏོང་བཅས་ལ་བརྟེན་ཏེ་གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་ཐོག་དེ་གཉིས་པོ་འཕེལ་རྒྱས་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཀྱི་ཁེ་དབང་འགན་ལེན་བྱེད་དགོས་པ་མ་ཟད་ཕྱོགས་མང་དང་། རིམ་པ་མང་བ། སྣ་མང་ཅན་བཅས་ཀྱི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས་པ་དང་བྱ་གཞག་དང་ཐོན་ལས་གཉིས་པོ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་པོ་གཅིག་གྱུར་ཡོང་བ་བྱེད་དགོས།

        རིག་གནས་འཕེལ་རྒྱས་གཏོང་བ་དང་འཕོ་འགྱུར་བྱུང་བ་དེ་སྤྱི་ཚོགས་ཁྱོན་ཡོངས་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་ལ་རྒྱལ་ཁབ་དང་མི་རིགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་དང་ཡང་འབྲེལ་བ་ཡོད། རང་ལྗོངས་ནི་རིག་གནས་ཐོན་ཁུངས་འདུས་ཆེ་ཁུལ་ཞིག་ཡིན་པས་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད། ང་ཚོས་རིག་གནས་སྒྲིག་སྲོལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་རྒྱལ་ཁབ་ཀྱི་སྤྱིའི་བླང་བྱ་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་མཛུབ་སྟོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གོ་སྐབས་མི་ཤོར་བར་རང་ལྗོངས་ཀྱི་རིག་གནས་ཀྱི་སྒྲིག་སྲོལ་ལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་པ་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་ནས་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་རིག་གནས་ཐོན་ལས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཐོག་རང་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་འདུས་ཆེ་ཁུལ་ནས་རིག་གནས་ཐོན་ཁུངས་ཀྱི་སྟོབས་ལྡན་ཁུལ་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་སྦྲགས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་སྔར་བས་བཏོད་པ་དང་འཕེལ་རྒྱས་བཏང་ནས་རང་ལྗོངས་ཀྱི་རིག་གནས་ཀྱི་དངོས་ཤུགས་དང་ཁྱོན་ཡོངས་ཀྱི་འགྲན་ནུས་ཆེ་རུ་བཏང་ཐོག་རང་ལྗོངས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་རྒྱུ་དང་རྒྱུན་མཐུད་ངང་དར་རྒྱས་ཡོང་བ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།