དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྲ་ཞིང་བརྟན་པའི་བཙན་རྫོང་ཞིག་སྐྲུན་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་དུ་ད་དུང་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་བྱེད་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་གྱི་འགལ་བ་གནས་ཡོད་པ་དང་དམིགས་བསལ་འགལ་བ་དེས་བོད་ཀྱི་ལས་དོན་གྱི་བརྗོད་དོན་གྲས་ཤིག་ནི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་ནི་ཡུན་རིང་བདེ་འཁོད་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པས་གནས་བབ་གལ་ཆེན་བཟུང་ཡོད་ལ་ཚབ་བྱེད་ཐབས་བྲལ་བའི་ནུས་པའང་འདོན་སྤེལ་བྱས་ཡོད་ཅེས་བསྟན་ཡོད།   

        བོད་ཀྱི་དམིགས་བསལ་འགལ་བའི་ཁྲོད་ང་ཚོས་ངེས་པར་དུ་དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་སྟངས་འཛིན། མི་སེམས་འགུགས་ཐབས་བྱེད་པ། རྩ་སྲ་རྨང་བརྟན་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཕུགས་ཀྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་གཏོང་གི་བྱ་ཐབས་སྤྱོད་པ་དང་། གྲ་སྒྲིག་ལས་དོན་ལེགས་པར་སྤེལ་བ། རང་འགུལ་དམག་འཐབ་ལེགས་པར་རྒྱག་པ། རང་འགུལ་དབང་ཆ་སྟངས་འཛིན་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྲ་ཞིང་བརྟན་པའི་བཙན་རྫོང་ཞིག་བསྐྲུན་དགོས།

        བློ་བརྟན་འགྱུར་མེད་ཀྱིས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དེ་བོད་དུ་སྤྱི་ཡོངས་ནས་བེད་སྤྱོད་བྱེད་པ་དང་མཚོན་པར་བྱེད་པ་ཞིག་དང་བོད་ཀྱི་ལས་དོན་གྱི་སྤྱིའི་རྩ་འཛིན་ཞིག་ཡིན་པས་བོད་ཀྱི་དོན་དངོས་དང་རྦད་དེ་འཚམ་པ་ཞིག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་འདུན་དང་རེ་འདུན་དང་ཡང་འཚམ་པ་ཞིག་རེད། ལོ་ཤས་ནང་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་ཆེས་གལ་ཆེ་ཤོས་ནི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དེ་ཡིན།

        དེང་སྐབས་རང་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྲ་ཞིང་བརྟན་པའི་བཙན་རྫོང་བསྐྲུན་པར་ངེས་པར་དུ་མཛུབ་ཁྲིད་བསམ་བློ་དེ་མཐའ་འཁྱོངས་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་གཏོང་རྒྱུ་མེད། མཛུབ་ཁྲིད་བསམ་བློ་དེས་བསམ་བློར་དྲག་ཆས་སྤྲོས་དགོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། གཏམ་སྤྱོད་ཚད་ལྡན་ཡོང་བ་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཛུབ་ཁྲིད་བསམ་བློ་དེས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་ཁྲིད་སྟོན་བྱེད་པ། མང་ཚོགས་གོང་བུ་གཅིག་ཏུ་འགྲིལ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཁག་གཏིང་ཟབ་ཀྱི་ཕྱོགས་སུ་མུ་མཐུད་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་དངོས་པོའི་རྨང་གཞི་སྔར་བས་བརྟན་པོ་འདིང་དགོས། མིག་སྔར་རང་ལྗོངས་འདི་ཉིད་ད་དུང་འཕེལ་རྒྱས་ཆེན་པོ་མེད་པའི་ས་ཁུལ་ཞིག་ཡིན་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ད་དུང་དེ་ཙམ་གྱིས་ཕྱུག་པོ་མེད་པས་ང་ཚོས་འཕེལ་རྒྱས་ནི་བོད་ཀྱི་གནད་དོན་ཡོད་དོ་ཅོག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པའི་བསམ་བློ་བརྟན་པོ་འཛུགས་དགོས། རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བར་འཕེལ་རྒྱས་ལ་བརྟེན་དགོས་པ་དང་། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་འཕེལ་རྒྱས་ལ་བརྟེན་དགོས་པ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པར་འཕེལ་རྒྱས་ལ་བརྟེན་དགོས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དངོས་པོའི་རྨང་གཞི་དེ་ཡང་འཕེལ་རྒྱས་ལ་བརྟེན་དགོས། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་པ་དང་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དང་། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བར་བརྟེན་ནས་ཏཱ་ལའི་རུ་ཚོགས་ཀྱིས་དཀྲོག་གཏམ་ཤོད་པ་དང་། དམའ་འབེབས་གཏོང་བ། ཚིག་མཚོན་འདེབས་པ་བཅས་ཀྱི་མཐིལ་རྟོལ་བ། རྩོད་ཐབས་བྲལ་བའི་འཕེལ་རྒྱས་ཀྱི་དོན་དངོས་ལས་མི་རིགས་ཁག་གི་མང་ཚོགས་ཀྱིས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཏོགས་སེམས་དང་། ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས། རླབས་ཆེན་མེས་རྒྱལ་གྱི་སྤོབས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

        བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་དང་། བོད་མི་དམངས་ཚུད་པའི་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན། མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བཅས་ཡིན། ཏཱ་ལའི་རུ་ཚོགས་ནི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འགོག་རྐྱེན་ཆེ་ཤོས་དང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་དབང་བཅས་ལ་གནོད་འཚེ་གཏོང་བའི་ཆག་སྒོ་ཆེ་ཤོས་དེ་ཡིན། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ཀྱི་ངོ་བོ་ནི་དར་ཆ་སྲུང་སྐྱོབ་དང་། འགྲོ་ལམ་སྲུང་སྐྱོབ། སྲིད་དབང་སྲུང་སྐྱོབ་བཅས་བྱེད་པའི་སྒམ་བརླིང་གཟབ་ནན་གྱི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཡིན། བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཚེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་གཞི་ནས་དེ་བས་བརྟན་དུ་གཏོང་ཐུབ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོ་མི་རིགས་གང་ཞིག་ཡིན་རུང་མེས་རྒྱལ་གྱི་ཁེ་ཕན་དེ་ཐམས་ཅད་ལས་ལྷག་པ་ཡོད་པས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་གནས་ལུགས་ཤེས་པ་བྱས་ཏེ་ཐོབ་པར་དཀའ་བའི་གཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དེར་གཅེས་འཛིན་ལྡབ་བརྒྱ་བྱེད་དགོས། ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། བྱ་སྤྱོད་འཕྲལ་ཐག་ཆོད་པོ། བློ་བརྟན་འགྱུར་མེད་བཅས་ཀྱིས་ཏཱ་ལའི་རུ་ཚོགས་དང་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་བྱེད་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་དོགས་ཟོན་དང་རྡུང་རྡེག་ནན་པོ་བཏང་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        དུས་མཚུངས་ད་དུང་ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་མི་རིགས་ལས་དོན་ཐད་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། ཆབ་སྲིད་ཀྱི་རྨང་གཞི་བཅས་སྔར་བས་བརྟན་པོ་འདིང་དགོས།

        ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་དབར་སྤེལ་རེས་དམ་ཟབ་དང་། གཅིག་ལ་གཅིག་བརྟེན། སྤེལ་རེས་བྱེད་པ་དང་མཉམ་དུ་འདྲེས་པ། བདག་གཞན་མཉམ་བརྗེ་བཅས་བྱས་ནས་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་དང་སྤུན་ཟླའི་བརྩེ་སེམས་བཅངས་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཐུན་མོང་སྲུང་སྐྱོབ་བྱས་པ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་བཏང་བ་བཅས་བྱས་ཡོད། དེང་སྐབས་ང་ཚོས་ལྗོངས་ཡོངས་ཀྱི “མི་རིགས་མཐུན་སྒྲིལ་ཟླ་བ ”ཐེངས་20པ་དེ་གོ་སྐབས་སུ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་སྲུང་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་རང་ལྗོངས་ཀྱི་མི་རིགས་འབྲེལ་བ་དེ་བས་གཞི་མཐུན་དང་མི་རིགས་མཐུན་སྒྲིལ་དེ་བས་སྲ་བརྟན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་མདུན་ཕྱོགས་སུ་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།