རང་ལྗོངས་ཀྱི་རིག་གནས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་བསྐྲུན་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ནི་གཙོ་གནད་ཡིན་པ་དང་། དེ་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་བོད་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
ཧྲུའུ་ཅི་ཀྲང་ཆིང་ལིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་བསྐྲུན་རྒྱུ་དེ་ནི་བསམ་བློ་དང་རིག་གནས་འཛུགས་སྐྱོང་ཐད་ཀྱི་རང་རེའི་ཏང་གི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་ཡིན་པས་རྒྱུན་བསྲིང་ལྷོད་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་ཏང་ཡོན་ལས་བྱེད་པར་དྲག་ཆས་སྤྲོས་པ་དང་མི་རིགས་ཁག་གི་མི་དམངས་ལ་སློབ་གསོ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་སྲོག་ཤིང་དུ་བྱེད་པའི “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་གྱི་མོས་སེམས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མོས་སེམས་བཅས་སྔར་བས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད། མཛུབ་ཁྲིད་བསམ་བློ་གལ་ཆེན་དེས་རང་ལྗོངས་ཀྱི་རིག་གནས་སྒྲིག་གཞི་སྒྱུར་བཅོས་ཀྱི་གཞི་རྩ་གསལ་སྟོན་བྱས་ཡོད་ལ་སྒྱུར་བཅོས་ཀྱི་གཙོ་གནད་ཁ་གསལ་བསྟན་ཡོད་པས་རང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་མཛུབ་ཁྲིད་ཀྱི་བྱེད་ཕྱོགས་ཤིག་ཡིན།
སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དེར་བོད་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་སྐྲུན་སྐབས་ཏང་དང་རྒྱལ་ཁབ་ཀྱི་རིག་གནས་སྲིད་ཇུས་དང་བོད་ཀྱི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭ་རིག་གནས་ཀྱི་གཅིག་གྱུར་རང་བཞིན་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ཀྱི་སྣ་མང་རང་བཞིན་ཟུང་འབྲེལ་བྱ་རྒྱུ་དེ་ནི་བོད་ཀྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་བོད་ཀྱི་རིག་གནས་དེ་ས་མཐོ་ནས་འཛམ་གླིང་གི་ཕྱོགས་སུ་སྐྱོད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་དང་དམངས་སེམས་གཅིག་སྒྲིལ་གྱིས་བོད་ཀྱི་རིག་གནས་ལ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བ་བྱེད་པའི་དུས་རབས་ཀྱི་དགོས་མཁོ་ཞིག་ཡིན། འོན་ཀྱང་ཏཱ་ལའི་རུ་ཚོགས་ཀྱིས་མགོ་སྐོར་གཏོང་བའི་དྲིལ་བསྒྲགས་ཀྱི་བྱེད་ཐབས་ལ་བརྟེན་ནས “བོད་ཀྱི་རིག་གནས་རྩ་མེད་གཏོང་བ ”ཟེར་བ་རྫུན་བཟོ་བྱེད་པ་དང་དཀྲོག་གཏམ་བཤད་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་དམའ་འབེབས་གཏོང་བ་དང་གཏོར་བཤིག་གཏོང་བ་དེ་ནི་བོད་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བ་བྱེད་པའི་འགོག་རྐྱེན་ཆེ་ཤོས་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་བསྐྲུན་རྒྱུ་དེ་ནི་ཁ་ཕྲལ་རིང་ལུགས་པས་བཟོས་པའི་འགོག་རྐྱེན་མཐའ་དག་གཙང་སེལ་བྱས་ནས་བོད་མི་དམངས་ཀྱིས་མི་རིགས་རིག་གནས་འཕེལ་རྒྱས་གཏོང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་རིག་གནས་ཀྱི་གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གྱི་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པར་ངེས་པར་དུ་གཙོ་གནད་དམ་འཛིན་ནན་པོ་བྱེད་པ་དང་ཏན་ཏིག་ངང་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ནང་གནས་ཀྱི་བསམ་པའི་བླ་སྲོག་ཅིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཐོག་བརྩེགས་ཁང་ཆེན་གྱི་རྨང་རྡོ་ཞིག སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་གཞི་རྩ་ཞིག་བཅས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དེ་ནི་རང་ལྗོངས་ཀྱི་རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཞི་རྩའི་རག་ལས་ས་ཞིག་ཡིན་ལ་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། ཡར་ཐོན་བཅས་ཀྱི “སྲོག་རྩ ”ཞིག་ཀྱང་ཡིན། དེར་བརྟེན་ང་ཚོས་ངེས་པར་དུ་ཕྱོགས་བཞིའི་ཐད་ཀྱི་གཙོ་གནད་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས་པ་སྟེ། གཅིག་ནི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་གི་བླ་སྲོག་ཁོང་དུ་ནན་པོ་ཆུད་པ་བྱེད་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་གི་བརྗོད་བྱ་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱེད་པ། གསུམ་ནི་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་སྲོག་ཤིང་དུ་བྱེད་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”བཅས་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་གི་སྙིང་བཅུད་ཁོང་དུ་ནན་པོ་ཆུད་པ་བྱེད་པ། བཞི་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་དང་ཞེ་ཁྲེལ་ལྟ་བ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་གི་རྨང་གཞི་ཁོང་དུ་ནན་པོ་ཆུད་པ་བྱེད་པ་བཅས་བྱེད་དགོས། གོང་གསལ་ཕྱོགས་བཞི་པོ་དེ་ཁོང་དུ་ཡག་པོ་ཆུད་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་བསྐྲུན་རྒྱུའི་གཙོ་གནད་ཁོང་དུ་ཆུད་ཐུབ་པ་དང་། གཙོ་གནད་དེ་ཁོང་དུ་ཆུད་ཚེ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཐུབ།
སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་མངོན་གསལ་དོད་པོར་བཞག་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་ཏཱ་ལར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་དེ་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གཏན་འཁེལ་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱིས་གཙོ་ཁྲིད་གནས་བབ་བཟུང་ཡོད་མོད། འོན་ཀྱང་དམིགས་བསལ་གྱི་རྒྱུ་རྐྱེན་སྣ་ཚོགས་དང་ལྷག་དོན་དུ་ཏཱ་ལའི་ཁ་ཕྲལ་རུ་ཚོགས་ཀྱིས་གཏོར་བཤིག་བྱེད་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་བ་དང་བསམ་བློའི་ཐད་སིམ་འཛུལ་བྱས་པའི་དབང་གིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ལ་སྔར་བཞིན་འགྲན་སློང་འཕྲད་ཡོད། དེར་བརྟེན་ང་ཚོས་ཡང་དག་པའི་གླེང་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་གིས་རིག་གནས་ལས་དོན་ཁག་ལ་སྣེ་ཁྲིད་ཐུབ་པ་བྱས་ཏེ་མཐུན་སྒྲིལ་དང་བརྟན་ལྷིང་དང་ངར་ཤུགས་གཅིག་སྒྲིམ་བཅས་དང་དྲང་ཕྱོགས་དྲིལ་བསྒྲགས་ཀྱིས་གཙོ་བོར་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། མི་དམངས་ཀྱི་བསམ་འདུན་མཚོན་པར་བྱེད་པ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། སྣ་མང་ཅན་དར་སྤེལ་གཏོང་བ་བཅས་བྱས་ནས་དགེ་མཚན་ལྡན་པ་དང་སྐྱོན་དང་བྲལ་བའི་བསམ་བློའི་གླེང་ཕྱོགས་ཀྱི་རྣམ་པ་ཧུར་ཐག་བཏོད་དེ་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་བསྐྲུན་རྒྱུར་ཕྱོགས་ཡོངས་དང་ནུས་ལྡན་ངང་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་མུ་མཐུད་དེ་ཏཱ་ལར་ཐེར་འདོན་དགག་རྒྱག་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཡུན་རིང་གི་གལ་ཆེའི་ལས་འགན་ཞིག་ཏུ་བརྩིས་ནས་ཏཱ་ལའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། གཞན་ཡང་ད་དུང་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པའི་ལས་དོན་ཤུགས་ཆེན་སྤེལ་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་འཛུགས་སྐྲུན་གྱི་སྤྲོ་སེམས་འཕེལ་བར་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དེ་ནི་དུས་རབས་དང་དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་ཡིན། ང་ཚོས་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལས་དོན་ཐད་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་དང་རིག་གནས་སྒྲིག་གཞི་སྒྱུར་བཅོས་བདེ་བླག་ངང་སྤེལ་ཐུབ་པ་བྱུང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་ངེས་ཡིན།