“ལོ་ལྔ་ཚན་བཅུ་གཅིག་པའི ”ཚུན་དུ་གྲུབ་ཆ་ལེགས་སྒྲིག་བྱས་པ་དེས་རང་ལྗོངས་ཀྱི་ཞིང་འབྲོག་ལས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་མངོན་གསལ་དོད་ཙམ་བྱུང་ནས་ཞིང་འབྲོག་ལས་བཀོད་སྒྲིག་བྱ་ཚུལ་དང་སྣ་ཁའི་གྲུབ་ཆ་ལེགས་སུ་ཕྱིན་ཡོད་པས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དེ་དེ་བས་ཁྲོམ་རའི་དགོས་མཁོ་དང་འཚམས་ཐུབ་པ་བྱུང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་གཞི་རྒྱ་ཆེར་སོང་ནས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་པ། ཞིང་འབྲོག་པའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཕན་ནུས་ཆེ་རུ་ཕྱིན་ཡོད་པས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་ཡོང་ཁུངས་གསར་པ་བཏོད་ཡོད་པ་རེད།
ལག་ལེན་གྱི་ཐོག་ནས་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་བཏང་ཚེ་གཞི་ནས་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཁྱབ་ཁོངས་གསར་པ་ཞིག་གཏོད་ཐུབ་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་ཞིག་ཀྱང་སྣོན་ཐུབ་པས་ཞིང་འབྲོག་པར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཡོང་ཁུངས་གསར་པ་ཞིག་བཏོད་ཐུབ་པའི་ར་སྤྲོད་བྱུང་ཡོད།
ཞིང་འབྲོག་ལས་ཀྱི་གྲུབ་ཆར་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེ་དེང་རབས་ཀྱི་ཞིང་འབྲོག་ལས་ལ་བསྒྱུར་བ་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆར་རིམ་བཞིན་རིམ་འཕར་ཡོང་བའི་བརྒྱུད་རིམ་ཞིག་རེད། འབྲུ་རིགས་དང་། བཟའ་སྣུམ། ཤ་སོགས་ཞིང་ཕྱུགས་ཐོན་ཟོག་གཙོ་བོ་ཐོན་སྐྱེད་ཀྱི་བདེ་འཇགས་དང་ནུས་ལྡན་མཁོ་སྤྲོད་འགན་ལེན་དང་གྲུབ་ཆ་ལེགས་སྒྲིག་དབར་དང་། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གྲུབ་ཆ་དང་ཞིང་ཕྱུགས་ཐོན་ཟོག་གི་དགོས་མཁོའི་གྲུབ་ཆའི་དབར། ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་དབར་བཅས་ཀྱི་འགལ་བ་ཐག་གཅོད་བྱེད་པར་ངེས་པར་དུ་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཚན་རིག་དང་མཐུན་པ་དང་ནུས་ལྡན་གྱི་ཐོན་སྐྱེད་གྲུབ་ཆའི་དོ་དམ་བྱ་ཐབས་བཏོད་དེ་ཞིང་འབྲོག་ལས་ཀྱི་གྲུབ་ཆ་དང་། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་ནུས་ཞིང་འབྲོག་པའི་འབབ་འཕར་ཡོང་ནུས་བཅས་ཟམ་མི་ཆད་པར་རིམ་འཕར་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས།
ཞིང་འབྲོག་ལས་ཀྱི་གྲུབ་ཆར་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་ཁྲོམ་ར་ཅན་དུ་འགྱུར་རྒྱུ་གཙོ་གནད་བྱེད་པའི་ལམ་ལུགས་གསར་གཏོད་བྱེད་མགྱོགས་སུ་གཏོང་དགོས། མིག་སྔར་རང་ལྗོངས་ཀྱིས་གྲངས་ཚད་དང་སྤུས་ཚད་དང་། གཞི་ཁྱོན་དང་ཐོན་ལས་ཅན། ཐོན་སྐྱེད་ཆུང་གྲས་དང་སྤྱི་ཚོགས་ཅན་གྱི་ཁྲོམ་ར་ཆེན་པོའི་དབར་བཅས་ཀྱི་འགལ་བ་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བྱས་ནས་རིགས་ཁག་གི་ཆེད་ལས་མཉམ་ལས་རྩ་འཛུགས་དང་བར་ཁེ་བའི་དཔུང་ཁག་སོགས་གསོ་སྐྱོང་བྱས་ཏེ་ཞིང་འབྲོག་པར་མྱུར་ལ་སྟབས་བདེ་བ་དང་མ་གནས་དམའ་བའི་ཁྲོམ་རའི་འབྲེལ་མཐུད་ཐབས་ལམ་མཁོ་འདོན་དང་། ཐོན་ལས་ཅན་གཉེར་སྐྱོང་བྱ་རྒྱུར་དངོས་པོའི་ཆ་རྐྱེན་མཁོ་འདོན། ཁྲོམ་རར་སྤུས་ལེགས་དང་བདེ་འཇགས་ཀྱི་ཐོན་རྫས་མཁོ་འདོན་བཅས་བྱེད་དགོས།
ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་དོ་སྙོམས་མེད་པའི་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་ལེགས་ཆའི་ཐོན་ལས་གང་མགྱོགས་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་བྱེད་དགོས། སླད་རང་ལྗོངས་ཀྱིས་མུ་མཐུད་འདུ་ཤེས་དེ་རྒྱུན་འཁྱོངས་བྱས་ནས་ས་ཁོངས་མི་འདྲ་བའི་ལེགས་ཆར་གཞིགས་ཏེ་འཕེལ་རྒྱས་ཀྱི་མདུན་ལམ་ལེགས་པ་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ལེགས་ཆའི་ཐོན་ལས་བདམས་ནས་དོ་སྙོམས་མེད་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྤྱད་དེ་གཙོ་གནད་ཐོག་རོགས་སྐྱོར་བྱེད་པ་དང་འཕེལ་རྒྱས་གཏོང་དགོས།