དབུ་ཤོག>གསར་འགྱུར།
  • ནད་གཞི་ཆུང་གྲས་སྡེ་ཁུལ་དུ་ལྟ་ཐུབ་པ་དགོས།

  •     རྩོམ་པ་པོ།  ལེའོ་ཡུན་ལུའུ་ཡིས།   |     སྤེལ་དུས།  2015-05-08

    ནང་སའི་གྲོང་ཁྱེར་དང་བསྡུར་ན་རང་ལྗོངས་ཀྱི་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུར་གོམ་པ་སྤོ་འགོར་བ་དང་འཕེལ་རྒྱས་འགོར་བ་སོགས་ཀྱི་གནད་དོན་འཕྲད་ཡོད། དེར་བརྟེན་བྱ་ཐབས་ནུས་ལྡན་སྤྱད་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཏེ།

    གཅིག་ནས། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ནི་རིམ་ཁག་སྲིད་གཞུང་གིས་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ལག་བསྟར་བྱེད་པའི་ཞིབ་ཕྲའི་བླང་བྱ་ཞིག་ཡིན་པས་ས་གནས་ཁག་གིས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་འཛུགས་པའི་འཆར་འགོད་དེ་ས་གནས་དེ་གའི་གྲོང་ཁྱེར་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ནང་བཅུག་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་པ་དང་འབྲེལ་ནོར་ཤུགས་འཕར་བ་དང་ཆབས་ཅིག་མ་འཇོག་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་ཀའི་འགྲོ་གྲོན་གྱི་གཞི་རྩའི་དགོས་མཁོ་འགན་ལེན་ཏན་ཏིག་བྱེད་དགོས། དུས་མཚུངས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ལམ་སྲོལ་དང་། དོ་དམ་ལམ་ལུགས། ལག་རྩལ་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་ནོར་དོན་ལམ་ལུགས་ནན་པོ་ཡོང་བ་བྱས་ཏེ་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་།

    གཉིས་ནས། གྲོང་ཁྱེར་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་གསར་པ་འཛུགས་པར་ནོར་ཤུགས་ཡོད་དགོས་ལ་མི་ཤུགས་ཀྱང་ཡོད་དགོས། “བློས་འགེལ་ཆོག་པ་དང་། སྤྱོད་ཐུབ་པ། སེམས་པ་གནས་ཐུབ་པ”བཅས་ཀྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་པ་དེས་གྲོང་ཁྱེར་གྱི་གྲོང་མིའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར་རང་ལྗོངས་ཀྱི་་འཁོར་རྒྱུག་བྱེད་བཞིན་པའི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་བལྟས་ན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དེ་ཤེས་ལྡན་པ་སྤྱོད་པ་དང་། སྒྲིག་གཞི་འཛུགས་པ། སྒྲིག་ཁུངས་ཚད་ལྡན་བཅས་ཀྱི་ཐད་ད་དུང་འཐུས་ཚང་དུ་གཏོང་དགོས་ཤིང་། ཕྱོགས་གཅིག་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དོན་དངོས་ལ་གཞིགས་ནས་མཁོ་ཆོད་སྨན་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་དང་ལས་གནས་བརྗེ་སྒྱུར་གྱི་གསོ་སྦྱོང་བྱས་ཏེ་རང་ལྗོངས་ཀྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མི་གནས་ཐུབ་པའི་ལམ་སྲོལ་བཙུགས་ནས་སྲིད་གཞུང་གིས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་དང་གཞི་རྩའི་སྨན་བཅོས་ཞབས་ཞུར་གཏོང་ཆ་གཏོང་རྒྱུ་འགན་ལེན་བྱེད་པ་དང་། གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་སྒྲིག་གཞིའི་བགོ་བཤའི་ལམ་ལུགས་ལ་སྒྱུར་བཅོས་ཀྱིས་ལས་རྗེས་གླ་ཆའི་ལམ་ལུགས་བཙུགས་ནས་ཐོབ་ཐང་ལེགས་སུ་བཏང་སྟེ་མི་སེམས་གནས་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།