དབུ་ཤོག>གསར་འགྱུར།
  • བསྐྱར་བསྐྲུན་གྱི་ཁྲོད་ནས་རེ་བའི་མེ་ཏོག་བཞད།

  •     སྤེལ་དུས།  2015-05-07

    འཇིག་རྟེན་འདི་ན་གཉེན་ཉེ་དང་གསོན་བྲལ་དུ་སོང་བ་ལས་ཆེ་བའི་སྡུག་བསྔལ་མེད་ལ། འཇིག་རྟེན་འདི་ན་འཕྱར་བ་གྲུ་འདེགས་གིས་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་པ་ལས་དྲོད་ཁོལ་ཆེ་བའི་བྱ་བ་དེ་བས་མེད། ཉིན་ཤས་གོང་གི་སྤྱི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1གི་གནོད་འཚེ་ཆེན་པོ་ཞིག་བྱུང་། གནོད་འཚེ་དེས་བོད་དུ་ཤུགས་རྐྱེན་ཆེན་པོ་བྱུང་ནས་འགྲམ་གྲོང་རྡལ་གྱི་མི་དང་རྒྱུ་ནོར་ལ་རྨས་སྐྱོན་དང་གྱོང་གུན་ཆེན་པོ་བཟོས་ཡོད་པ་རེད། ཉིན་འདི་དག་གི་རིང་ཏང་དང་མི་དམངས་རྣམས་སེམས་པ་རྒྱུན་ཐག་གཅིག་ཏུ་འབྲེལ་ནས་སྙིང་རྗེ་མེད་པའི་གནོད་འཚེ་དང་འཐབ་རྩོད་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་མཛེས་སྡུག་གི་ཁྱིམ་གཞིས་བསྐྱར་བསྐྲུན་བྱས། ད་ལྟ་ས་ཡོམ་གྱི་གནོད་འཚེ་ཁུལ་དུ་འཚོ་བ་གསར་པ་ཞིག་འགོ་འཛུགས་བཞིན་ཡོད་པ་མ་ཟད། གསོན་ཤུགས་དང་རེ་བས་ཁེངས་པའི་འགྲམ་གྲོང་རྡལ་གསར་པ་ཞིག་རང་མདངས་ཉམས་པའི་གྱང་རོའི་ཁྲོད་ནས་འགྱིང་ངེར་ཐོན་ངེས། དེའི་ཁྲོད་ནས་རྒྱལ་ཁབ་ཞིག་གིས་རང་བྱུང་གི་གནོད་རྩེ་དང་འཐབ་ནུས་པའི་སྟོབས་ཤུགས་མངོན་ཐུབ་ལ། དེ་བས་མི་རིགས་ཤིག་གི་ཞུམ་པ་མེད་པའི་མདུན་བསྐྱོད་ཀྱི་སྙིང་སྟོབས་མཐོང་ཐུབ།

    དཀའ་ངལ་ཇི་ཙམ་ཆེ་བ་དེ་ཙམ་གྱིས་མི་ཞིག་གི་སྙིང་སྟོབས་མཚོན་ཐུབ། རང་བྱུང་གནོད་འཚེའི་མདུན་དུ་གཅིག་འཕན་གཅིག་རོགས་བྱས་ནས་མ་བྲལ་ལྷན་དུ་གནས་ཚེ་“ཕྱོགས་གཅིག་ལ་བཀའ་ངལ་འཕྲད་ཚེ། ཕྱོགས་ཡོངས་ཀྱི་རོགས་རམ་བྱེད”པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་ཐུབ། འདི་ནི་མི་རིགས་ཀྱི་སེམས་ཁ་ཕྱོགས་ཤུགས་དང་མེས་རྒྱལ་གྱི་གོང་བུ་འགྲིལ་ཤུགས་ཀྱི་རྣམ་པ་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཡི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན། གཉེན་ཉེ་དང་བྲལ་ཞིང་ཁྱིམ་གཞིས་རྩ་མེད་དུ་སོང་བའི་རང་བྱུང་གནོད་འཚེའི་མདུན་དུ་བོད་ཀྱི་མི་དམངས་རྣམས་ཀྱིས་གཞན་གྱི་རོགས་རམ་ཁོ་ན་སྒུག་ནས་མ་བསྡད་པར། བཞུར་བཞིན་པའི་མིག་ཆུ་ཕྱིས་གྱིན་སྡུག་བསྔལ་ཁོག་ཏུ་བཅུག་ནས་རང་བྱུང་གནོད་འཚེ་དང་འཐབ་རྩོད་བྱེད། ཁོང་ཚོས་གནོད་འཚེ་ཡི་མདུན་དུ་མགོ་བོ་མི་དུད་པར་གེགས་འགོག་གེགས་སེལ་གྱི་སྙན་རྩོམ་གསར་པ་ཞིག་གཏོད་པ་དང་། བོད་ཀྱི་མི་དམངས་རྣམས་ཀྱིས་གནོད་འཚེ་ལས་རྒྱལ་ནུས་པའི་སྟོབས་ཤུགས་ཀྱིས་ཀུན་ལས་རྣམ་པར་རྒྱལ་ནུས་པའི་སྙིང་སྟོབས་ཀྱི་རྡོ་རིང་ཞིག་བཙུགས་ནས་གནོད་འཚེ་དང་དཀའ་བ་དུ་མ་འཕྲད་མྱོང་བའི་རང་རྒྱལ་དང་རང་རིགས་ཀྱི་ཞུམ་པ་མེད་པའི་རླབས་ཆེའི་སྙིང་སྟོབས་འདི་མཚོན་ཡོད།

    ད་ཆ་གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད་དང་བཞད་མུས་ཡིན་ལ། དྲོད་ལྷང་ལྷང་གི་ཉི་མའི་འོད་ཟེར་ལས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་སེམས་ཉིད་སྡུག་བསྔལ་གྱི་དྲ་བ་ལས་གྲོལ་ཏེ་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་ལས་ལ་བརྩོན་བཞིན་ཡོད་ལ། ཁྱིམ་གཞིས་བསྐྱར་བསྐྲུན་བྱེད་པའི་ཡིད་ཆེས་དང་འགྱུར་བ་མེད་པའི་ཕུགས་བསམ་གྱི་དོན་དུ། ང་ཚོ་ལག་མདང་གཅིག་དུ་འབྲེལ་ཞིང་སྟོབས་ཤུགས་ལྷན་དུ་འདུས་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་བསྐྲུན་རྒྱུར་འབད་པ་བྱེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།