དབུ་ཤོག>གསར་འགྱུར།
  • དུས་ཚིགས་དང་པོར་ཉིང་ཁྲི་ས་ཁུལ་གྱི་ཁྲལ་འབབ་སྒོར་དུང་ཕྱུར་3ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-03

    གསར་འགོད་པས་ཉིང་ཁྲི་ས་ཁུལ་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་ཉིང་ཁྲི་ས་ཁུལ་གྱི་ཁྲལ་འབབ་སྒོར་ཁྲི་29812ཟིན་པ་དེ་དུས་མཚུངས་ལས་6.91%འཕར་བ་དང་། འབབ་འཕར་སྒོར་ཁྲི་1927བྱུང་ནས་ལོ་འཁོར་འཆར་གཞིའི་25.92%ལེགས་གྲུབ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་ཉིང་ཁྲི་ས་ཁུལ་གྱིས་གོམ་སྟབས་བརྟན་པོའི་ངང་ནས་ཁྲལ་ཁུངས་ཆེད་ལས་རང་བཞིན་གྱི་དོ་དམ་བྱ་རྒྱུར་སྐུལ་སྤེལ་གཏོང་བ་དང་། གཙོ་གནད་དང་དཀའ་གནད་ཀྱི་ལྷུ་ཚིགས་ཁྲལ་འབབ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཅན་གྱི་ཁྲལ་འཇལ་ཞབས་ཞུའི་མ་ལག་ཧུར་ཐག་འཛུགས་པ་བཅས་བྱས་པས་ས་ཁུལ་དེ་ཡོངས་ཀྱི་ཁྲལ་རིགས་གཙོ་བོའི་བསྡོམས་འབོར་འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།