དབུ་ཤོག>གསར་འགྱུར།
  • ​ “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-03

    གཟི་བརྗིད་ནི་ངལ་རྩོལ་ཁྲོད་ཆགས་པའི་གྲུབ་འབྲས་ཤིག་ཡིན་པ་དང་། ཕུགས་འདུན་ནི་གསར་གཏོད་ཁྲོད་མངོན་པའི་འོད་མདངས་ཤིག་རེད། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔ་ནུབ་ཏུ་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི“ལྔ་གཅིག”ངལ་རྩོལ་དཔེ་བཟང་གི་གཟེངས་བསྟོད་ལག་ཁྱེར་དང་། གཟེངས་རྟགས། བཟོ་པའི་གདོང་ལེན་པ་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་གཟབ་རྒྱས་བྱས་ཤིང་། སྐབས་འདིར་ང་ཚོས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

    མི་དམངས་ཀྱིས་ལོ་རྒྱུས་གཏོད། ངལ་རྩོལ་གྱིས་འབྱུང་འགྱུར་གཏོད། ད་རེས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་ཁྲོད་འགའ་ཤས་ཀྱིས་ཐོན་སྐྱེད་ཀྱི་འཐབ་མདུན་མར་མི་ཚེའི་ངོ་མཚར་བཏོད་པ་དང་། འགའ་ཤས་ཀྱིས་བློ་རྩ་བརྟན་པོས་གསར་གཏོད་བྱེད་པར་བརྟེན་ནས་ངལ་རྩོལ་གྱི་རིན་ཐང་མངོན་པར་བྱས་པ། འགའ་ཤས་ཀྱིས་ཉེན་ཁ་དང་ཚོད་བགམ་ཁྲོད་དཀའ་སྤྱད་ཀྱི་སེམས་ཤུགས་མངོན་པར་བྱས་ཡོད། ཁོང་ཚོ་ནི་རང་ལྗོངས་ཀྱི་བྱ་གཞག་ཁག་དང་། ལས་རིགས་ཁག འཐབ་ཕྱོགས་ཁག་བཅས་ཀྱི་ཁྲོད་ཐོན་པའི་ཕུལ་དུ་བྱུང་བའི་མཚོན་བྱེད་ཡིན་པ་དང་། ཁོང་ཚོའི་ལུས་ཐོག་ནས་རང་ལྗོངས་ཀྱི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་དང་དུས་རབས་ཀྱི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”གཅིག་སྡུད་ཐོག་མངོན་པ། རང་ལྗོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་པ་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་གང་ལེགས་མཚོན་ཡོད་པས་ང་ཚོར་སློབ་སྦྱོང་བྱེད་པའི་ཚད་ཤིང་དང་མིག་དཔེ་ཡག་པོ་ཞིག་བཏོད་ཡོད།

    འདི་ལོ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་ཚུགས་ལོ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པའི་མཇུག་བསྡུའི་ལོ། རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གལ་ཆེའི་ལོ་ཞིག་བཅས་རེད་ལ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཀྱང་ཡིན་པས་ང་ཚོས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་སྒྱུར་འཕེལ་བརྟན་གསུམ་གྱི་གོ་སྐབས་གསར་པ་དམ་འཛིན་གྱིས་རླབས་ཆེན་གྱི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་བཏང་ནས་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་ཏེ་ངལ་རྩོལ་དང་གསར་གཏོད་ཀྱི་གསོན་ཤུགས་ཚང་མ་མཉམ་དུ་འཕེལ་བར་བྱེད་པ་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་གཏོད་པའི་འབྱུང་རྩ་མཐའ་དག་གང་ལེགས་མངོན་པར་བྱེད་དགོས།

    ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་ནི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། སྙིང་རུས་ཆེན་པོས་བརྩོན་ལེན། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། ང་ཚོས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་གཏོང་བར་ཁོང་ཚོའི་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱི་ཡིད་ཆེས་བརྟན་པོར་སློབ་སྦྱོང་དང་། ཁོང་ཚོའི་རྩ་ཆེའི་གནས་ལུགས་ལ་ངོས་འཛིན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་གཟི་བརྗིད་སྲོལ་རྒྱུན་སློབ་སྦྱོང་། ཁོང་ཚོའི་ལས་གཅེས་ལས་གཏོད་དང་རྩེར་སོན་གཏོད་པའི་འབད་འཐབ་སྙིང་སྟོབས་སློབ་སྦྱོང་། ཁོང་ཚོའི་དཀའ་སྤྱད་འབད་བརྩོན་དང་། གསར་གཏོད་བྱེད་ཕོད་པ། ཁེ་གྲགས་མི་འདོད་པ་དང་། ལེགས་སྐྱེས་འབུལ་འདོད་པ་བཅས་ཀྱི་བླ་ན་མེད་པའི་ཀུན་སྤྱོད་སློབ་སྦྱོང་བཅས་བྱས་ཏེ་བཟོ་པའི་གྲལ་རིམ་གྱི་རླབས་ཆེན་གཤིས་རྒྱུད་དང་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་གྱིས་སྤྱི་ཚོགས་ཡོངས་སུ“ངལ་རྩོལ་ནི་གཟི་བརྗིད་དང་བཟོ་པ་ནི་རླབས་ཆེན་ཡིན་པའི”བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་པ་དང་སྤྱི་ཚོགས་ཡོངས་སུ་ངལ་རྩོལ་ལ་བརྩི་བཀུར་དང་། ངལ་རྩོལ་དཔེ་བཟང་ལ་སློབ་སྦྱོང་། ངལ་རྩོལ་དཔེ་བཟང་བྱེད་པ། ངལ་རྩོལ་དཔེ་བཟང་ལ་དགའ་གཅེས་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏོད་དེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། ཡོམ་འགོག་གེགས་སེལ་ནི་མིག་སྔའི་གལ་འགངས་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་པས་དེ་བས་ནུས་ལྡན་གྱི་བྱ་ཐབས་དང་དེ་བས་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས།

    རླབས་ཆེན་བྱ་གཞག་གིས་ང་ཚོར་འབོད་སྐུལ་བྱེད་པ་དང་། གཟི་བརྗིད་ལྡན་པའི་འགན་འཁྲིས་ང་ཚོར་སྐུལ་ལྕག་བྱེད་ཀྱི་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མི་ཁྲི་སེམས་གཅིག་དང་འབད་འབུངས་ལྷོད་མེད་ཀྱིས་སྒྱུར་འཕེལ་བརྟན་གསུམ་གྱི་གཙོ་ཤུགས་དམག་ཅིག་ཏན་ཏིག་ངང་ཡག་པོ་བྱེད་པའི་ཁར་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ངལ་རྩོལ་དཔེ་བཟང་གི་གཟི་བརྗིད་ལྡན་པའི་ལེའུ་ཞིག་བརྩམ་ནས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འབྲི་དགོས།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།