དབུ་ཤོག>གསར་འགྱུར།
  • སྙེ་མོ་རྫོང་ཐོན་མདའ་གྲོང་ཚོས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-01

    ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོའི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པས་ཐོན་ཁུངས་མཉམ་སྤྱོད་དང་། སྤྱི་ཡོངས་མཉམ་འགུལ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཆགས་པ་དང་དོ་དམ་གྱི་ཞབས་ཞུའི་ཆུ་ཚད་ནུས་ལྡན་ངང་གོང་མཐོར་ཕྱིན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་གཏོད་ཡོད།

    ལམ་སྲོལ་བཟོ་བ་དང་དཔུང་ཁག་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས“ཞབས་ཞུའི་ནུས་ཕྱོད་དམའ་བའི”དཀའ་གནད་སེལ་ཞིང་། ཐོན་མདའ་གྲོང་ཚོའི་ཏང་ཀྲི་པུས་དོ་དམ་ལ་ཤུགས་སྣོན་དང་། དཔེ་སྟོན་ལ་གཙིགས་ཆེན། ལམ་སྲོལ་བཟོ་བ་བཅས་མཐའ་འཁྱོངས་བྱས་ནས“ཧྲུའུ་ཅིས་སྐུལ་ཁྲིད་དང་། ཚན་ཁག་མཉམ་འགུལ། ཏང་ཡོན་དང་མང་ཚོགས་མཉམ་འགུལ”བཅས་ཀྱི་གྲོང་ཚོ་རིམ་པའི་ནུས་ཆེའི་ཞབས་ཞུའི་དོ་དམ་བྱེད་སྟངས་ཆགས་པ་བྱས་ཏེ་ནུས་ཕྱོད་དམའ་བའི་ཞབས་ཞུའི་དཀའ་གནད་བསལ་ཡོད་པ་རེད།

    རྨང་གཞི་བརྟན་དུ་གཏོང་བ་དང་དམངས་འཚོར་ཕན་འདོགས་རྒྱུ་མཐའ་འཁྱོངས་བྱས་ནས“རྨང་གཞིའི་སྒྲིག་བཀོད་ཞན་པའི”དཀའ་གནད་བསལ་ཞིང་། གྲོང་ཚོ་དེས་གྲོང་ཚོ་རིམ་པའི་གཞུང་ལམ་འཛུགས་སྐྲུན་དང་། ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན། གློག་ཤུགས་སྒྲིག་བཀོད་སྲུང་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ་བརྒྱུད་གྲོང་མིའི་ཆུ་དང་། གློག ལམ་བཅས་ཀྱི་དཀའ་གནད་བསལ་ནས་འཕེལ་རྒྱས་ཀྱི་འགྲོ་ལམ་བཤངས་པ་རེད།

    ཐོན་ལས་དར་བ་བྱེད་པ་དང་འབབ་འཕར་གཏོད་རྒྱུ་མཐའ་འཁྱོངས་བྱས་ནས“ཐུན་མོང་དཔལ་འབྱོར་ཞན་པའི”དཀའ་གནད་བསལ་ཞིང་། ཐོན་མདའ་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་འགུལ་བྱས་ནས་རོགས་སྐྱོར་གྱི་སྟེགས་བུ་སྤྱད་པ་དང་རང་ཡུལ་གྱི་འཇོན་ཐང་ཅན་གྱི་ནུས་པ་མཐོ་རུ་གཏོང་བ་། མཉམ་ལས་རྩ་འཛུགས་འཛུགས་པ། གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཁྲོམ་རའི་སྟེགས་བུར་བརྟེན་པ་དང་དབུལ་སྒྲོལ་ཕྱུག་འགྱུར་མངོན་འགྱུར་ཡོང་བའི་དམིགས་ཚད་བྱ་ཐབས་གསུམ་སྤྱད་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་སྤེལ་བ་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།