དབུ་ཤོག>གསར་འགྱུར།
  • ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ། ཕྱོགས་ཡོངས་ནས་རོགས་བསྐྱོར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-29

    ནེ་པ་ལའི་ས་ཡོམ་རིམ་པ་8.1གི་ཤུགས་རྐྱེན་ལས་བོད་ཀྱི་གཞི་རྩེའི་གཉའ་ལམ་དང་། སྐྱིད་རོང་། དིང་རི་སོགས་ཀྱི་ས་ཆ་ཁ་ཤས་སུ་ཁང་པ་ལོག་པ་དང་། ལམ་ངོས་རྡིབ་པ་སོགས་གེགས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།  ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་བོད་ཀྱི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་ཡིས་གནོད་འཚེ་ཕོག་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་སྨན་བཅོས་རུ་ཁག་དང་། གེགས་སྐྱོབ་རུ་ཁག་བཏང་སྟེ་གནོད་འཚེ་ཕོག་ཁུལ་དུ་ཐབས་རྒྱ་ཇུས་གཏོང་ངང་མི་འཚོལ་སྐྱོབ་བྱེད་པ་དང་། རྨས་སྐྱོན་ཕོག་པའི་མི་རྣམས་སྐྱོབ་ཞིང་། གུར་དང་། མལ་ཆས་དེ་བཞིན་ཟ་ཆ། སྨན། འཐུང་ཆུ་སོགས་གེགས་སྐྱོབ་ཀྱི་དངོས་རྫས་རྒྱུན་མི་ཆད་པར་གནོད་འཚེ་ཕོག་ཁུལ་དུ་དབོར་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་འགན་ལེན་བྱས་པ་རེད། ད་དུང་འབྲེལ་ཡོད་ཚན་པས་ས་ཡོམ་གྱི་མཁས་དབང་མངག་གཏོང་བྱས་ཏེ་གནོད་འཚེ་ཐོན་ཡུལ་དངོས་སུ་བསྐྱོད་ནས་ལྟ་ཞིབ་ཚད་ལེན་སྔོན་བརྡར་ཤུགས་སྣོན་བརྒྱབ་པ་མ་ཟད།  གངས་མ་ཆར་བབས་པ། ཡོམ་འཕྲོ་བཅས་ཀྱི་རྐྱེན་པས་རི་ཉིལ་བ་དང་། རྦབ་རྡོ་སོགས་ལ་གཙོ་གནད་འགོག་སྲུང་བྱས་ཏེ་རྨས་མ་གསར་པ་ཡོང་རྒྱུ་སྔོན་འགོག་བྱས་པ་རེད།

    རང་བྱུང་གནོད་འཚེར་སྙིང་རྗེ་མེད་ནའང་། མི་ཡུལ་ལ་བརྩེ་བས་ཁེངས་ཡོད། མི་ཚང་མས་བྱམས་བརྩེའི་ཕྱག་ཟུང་གཅིག་ཏུ་འབྲེལ་ཚེ་དཀའ་སྡུག་ག་ཚོད་འཕྲད་ཀྱང་དེ་ལས་རྣམ་པར་རྒྱལ་ཐུབ། ད་རེས་ཀྱི་གནོད་འཚེའི་འཕྲོད་མི་ཁག་གཅིག་རྐྱེན་ལམ་དུ་ཤོར་ཡང་། གསོན་པོ་རྣམས་སྡུག་བསྔལ་ལས་བྲལ་ཏེ་བློ་བརྟན་འགྱུར་མེད་ངང་འཚོ་བ་སྐྱེལ་དགོས། དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ཁྱེད་རྣམ་པས་ངེས་པར་དུ་སྡུག་རུས་བྱེད་དགོས། རྒྱུ་མཚན་ནི་མེས་རྒྱལ་མ་ཡུམ་གྱིས་དུས་ནམ་ཡང་ཁྱེད་རྣམས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་སྲིད། གནོད་འཚེ་ཕོག་ཁུལ་མི་དམངས་ཀྱི་བློ་བརྟན་སེམས་ཤུགས། དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་མཛའ་བརྩེའི་རོགས་རམ་འོག་གནོད་འཚེ་དེ་མགྱོགས་མྱུར་མཇུག་སྒྲིལ་ངེས། རྒྱུ་མཚན་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཡོངས་ལ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལྡན་ཡོད་ཅིང་། བརྩེ་བ་ཡོད་ན་རེ་བ་ནམ་ཡང་གནས་ངེས།

    གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་ཆེད་རང་ནུས་ཡོད་རྒུས་ཁོང་ཚོར་རོགས་རམ་བྱེད་པ་དང་། གལ་ཏེ་ཚང་མས་རོགས་རམ་བྱས་ཚེ་ས་ཆ་དེ་རྣམས་སླར་ཡང་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།