དབུ་ཤོག
  • རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུའུ་ཡིས་གེགས་སེལ་འཕྲལ་སྡོམ་དང་ལེན་གྱི་རིམ་པ་དེ་རིམ་པIIIབར་མཐོ་རུ་བཏང་ནས་བོད་ཀྱི་ཡོམ་འགོག་གེགས་སེལ་ལ་གཞོགས་འདེགས་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་དམངས་སྲིད་པུའི་དྲ་ཚུགས་ཐོག་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་བོད་རང་སྐྱོང་ལྗོངས་ལ་ཕོག་པའི་གཏོར་སྐྱོན་དང་གེགས་ཁུལ་གྱི་དམིགས་བསལ་གནས་ཚུལ་གཞིར་བཟུང་ཟླ་4ཚེས་26ཉིན་གྱི་ཆུ་ཚོད་16ལ་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུའུ་ཡིས་དེ་གོང་ལག་ལེན་བསྟར་འགོ་ཚུགས་པའི་རྒྱལ་ཁབ་ཀྱིIVརིམ་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་དེ་རིམ་པ་IIIབར་ཛ་དྲག་ངང་མཐོ་རུ་བཏང་བ་རེད། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱི་དྲུང་ཆེ་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཏོའུ་ཡུས་ཕེས་འཕེལ་སྒྱུར་ཨུ་ལྷན་དང་། དམངས་སྲིད་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན། ས་ཡོམ་ཅུས་སོགས་སྡེ་ཚན་8ལས་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གེགས་སེལ་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་དེ་གོང་ཚེས་ཉིན་གྱི་མཚན་མོ་གེགས་ཁུལ་དུ་བསྐྱོད་ནས་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་། གེགས་ཁུལ་གྱི་ལས་བྱེད་མང་ཚོགས་དང་རོགས་སྐྱོབ་མི་སྣར་འཚམས་འདྲི་བྱེད་པ། ས་གནས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བ་བཅས་བྱས་པ་རེད།

    ས་ཡོམ་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གནས་སྐབས་བཀོད་སྒྲིག་ལས་དོན་སྔར་བས་ཡག་པོ་བསྒྲུབ་རོགས་བྱ་ཆེད་ཟླ་4ཚེས་26ཉིན་དམངས་སྲིད་པུས་སླར་ཡང་བོད་རང་སྐྱོང་ལྗོངས་ལ་གུར་ཁྲི་1.5མཁོ་འདོན་བྱས་པ་རེད། ད་བར་དམངས་སྲིད་པུས་བོད་རང་སྐྱོང་ལྗོངས་ལ་ཁྱོན་གུར་ཁྲི་2དང་། སྲིང་བལ་སྟོད་གོས་ཁྲི་3 སྲིང་བལ་ཉལ་ཆས་ཁྲི་3 ལྟེབས་ཁྲི་ཁྲི་1.5 ཉལ་ཁུག་ཁྲི་1.5སོགས་ཀྲུང་དབྱང་གི་གེགས་སེལ་གྲབས་གསོག་དངོས་རྫས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།