དབུ་ཤོག>གསར་འགྱུར།
  • སྲོག་སྐྱོབ་དྲིན་ཆེན་མི་དམངས་བཅིངས་འགྲོལ་དམག

  •     སྤེལ་དུས།  2015-04-28

    2015ལོའི་ཟླ་4ཚེས་25ཉིན་གྱི་ཆུ་ཚོད་2དང་སྐར་མ་11ཙམ་ལ་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པ་དང་དེས་རང་རྒྱལ་གྱི་བོད་དུ་ཡང་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་རེད།    ཤེས་རྟོགས་བྱུང་བར་གཞིགས་ན།ས་ཡོམ་འདི་ནི་དུས་རབས་འདིའི་ནང་ཚུན་དུ་ས་ཡོམ་རིམ་པ་བརྒྱད་བརྒྱབ་པ་ཐེངས་གྲངས་5པ་དེ་ཡིན་པ་རེད།

    མི་རྣམས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་ཕོག་པ་དང་ཁོ་པ་ཚོས་རང་ཉིད་གནོད་འཚེ་ལས་སྐྱོབ་མཁན་རེ་སྒུག་བྱེད་པའི་སྐབས་ཐོག་མར་ཁོ་ཚོའི་མིག་ལམ་དུ་འཆར་བ་ནི་དམག་ཆས་གྱོན་པའི་མི་དམངས་ཀྱི་བུ་ཕྲུག་དམག་ཡིན་པ་དེ་རེད། བུ་ཕྲུག་དམག་ཚོས་ཡོམ་འཕྲོའི་ཉེན་ཁར་མི་བལྟོས་པར་“གཅིག་ནས་དཀའ་ངལ་མི་སྐྲག་པ་དང་།  གཉིས་ནས་ཤི་རྒྱུར་མི་སྐྲག་པའི་”སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ཁྱད་བསད་དང་།ལ་བརྒྱབ་ཆུ་བརྒལ་བཅས་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་ཆབས་གཅིག་རང་སྲོག་བློས་གཏོང་ངང་ཚེ་སྲོག་མྱུར་སྐྱོབ་ཀྱི་ལས་ཀའི་ཁྲོད་དེ་མ་ཉིད་དུ་ཞུགས་པ་དང་ལག་ཟུང་གཉིས་ལ་བརྟེན་ནས་གྱང་རོའི་ཁྲོད་ནས་ཚེ་སྲོག་མང་པོ་སྐྱོབ་པ་དེ་ནི་དེང་དུས་བུ་ཕྲུག་དམག་གིས་“སླེབས་ཐུབ་པ་དང་། དམག་རྒྱག་ཐུབ་པ། དམག་ལས་རྒྱལ་ཐུབ་པ་”བཅས་ཀྱི་ཞུམ་པ་མེད་པའི་གསར་རྗེའི་སྙིང་སྟོབས་མཚོན་པ་རེད།

    ས་ཡོམ་བརྒྱབ་ནས་དུས་ཡུན་ཆུ་ཚོད་གཉིས་ཙམ་འདས་རྗེས་དྲ་ཐོག་ཏུ་བུ་ཕྲུག་དམག་གིས་གནོད་འཚེ་ཕོག་ཁུལ་དུ་ཡོམ་འགོག་ཆེད་སྐྱོབ་ཀྱི་པར་གཞི་ཐོན་པ་སྟེ་བུ་ཕྲུག་དམག་གིས་རྨས་སྐྱོན་ཕོག་པའི་ཨ་མ་རྒས་མོ་བརྒལ་པར་འཁྱེར་ནས་སྐྱོབ་པ། བུ་ཕྲུག་དམག་གིས་དགའ་ཉེ་སྤུན་མཆེད་དང་ཁ་བྲལ་བའི་བྱིས་པར་སེམས་གསོ་བྱེད་པ།   དེ་བཞིན་བུ་ཕྲུག་དམག་གིས་མང་ཚོགས་ཀྱི་ཕྱུགས་ཟོག་སྐྱོབ་པ་སོགས་མི་སེམས་འགུལ་བའི་རྣམ་པ་མི་འདྲ་བའི་བྱ་སྤྱོད་ལ་ཚང་མས་བསྔགས་བརྗོད་བྱེད་བཞིན་མཆིས།  

    མ་གཞི་པར་རིས་དེ་ཚོ་གེགས་འགོག་གི་ལས་ཀའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་ཡིན་རུང་དེས་མི་རྣམས་འཆི་གསོན་བར་གྱི་རེ་བ་མཐོང་ཐུབ་ལ་གེགས་ཁུལ་སྤུན་ཟླ་རྣམས་ལ་དྲོ་སྐྱིད་དང་རེ་བ་ཞིག་བསྣན་སྲིད།

    གནོད་འཚེ་ཕོག་ཁུལ་འདི་ལྟ་བུའི་ཡོམ་འགོག་གེགས་སེལ་གྱི་རྣམ་པ་མིག་ལམ་དུ་འཆར་དུས་སྔར་འདས་ཟིན་པའི་རི་འགོག་དམག་འཁྲུག་དང་།  བཅིངས་འགྲོལ་དམག་འཁྲུག།   ཐང་ཧྲེན་ས་ཡོམ་ཆེན་པོ།    ཝུན་ཁྲོན་ས་ཡོམ་ཁྲོད་ཀྱི་རྣམ་པ་མང་པོ་ཞིག་ཡིད་ལ་ལྷང་ལྷང་དུ་དྲན།  ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་མཛའ་བརྩེ་དང་། རང་ཉིད་བརྗེད་པའི་ལེགས་སྐྱེས་ཀྱི་སྙིང་སྟོབས།  དེ་བཞིན་ཕྱོགས་གཅིག་ལ་དཀའ་གནད་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་ཀྲུང་ཧྭ་ཡི་སྲོལ་རྒྱུན་བཟང་པོ་རྒྱུན་མཐུད་དང་དར་རྒྱས་གོང་འཕེལ་གཏོང་བཞིན་མཆིས།  ང་ཚོའི་མི་དམངས་ཀྱི་བུ་ཕྲུག་དམག་ནི་ང་ཚོའི་སེམས་ཀྱི་བརྟེན་ས་དང་ང་ཚོའི་གཅེས་སུ་འོས་པའི་མི་ལྡོག་མེད་དེ་རེད་ལགས།

    ད་ཆ་རྒྱལ་ཡོངས་མི་དམངས་ཀྱི་རོག་སྐྱོར་དང་། ཡོམ་འགོག་གེགས་སྲེལ་ཁྲོད་ཞུགས་མཁན་མི་སྣ་ཡོངས་ཀྱི་འབད་ཐབས་དང་དེ་བཞིན་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་རྒྱུ་ང་ཚོར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།