སྤྱི་ཟླ་4ཚེས་25ཉིན་ཆུ་ཚོད་14དང་སྐར་མ་11ཐོག་ནེ་པ་ལར་(བྱང་གི་འཕྲེད་ཐིག་ཏུའུ་28.2དང་ཤར་གྱི་གཞུང་ཐིག་ཏུའུ་84.7)ས་ཡོམ་རིམ་པ་8.1བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨིད20ཡིན་པ་དེ་གཏོར་བཤིག་རང་བཞིན་ཆེ་བའི་ས་ཡོམ་གྱི་ཁོངས་སུ་གཏོགས།
ནེ་པ་ལ་དང་ཀྲུང་གོའི་ས་མཚམས་སྦྲེལ་ནས་ཡོད་པ་དང་ནེ་པ་ལ་ནི་ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། ད་ཐེངས་ཀྱི་ཚབས་ཆེའི་ས་ཡོམ་ཐོན་རྗེས་ཀྲུང་གོའི་དྲ་གྲོགས་མི་ཉུང་བ་ཞིག་གིས་དེར་དོ་སྣང་བྱས་ཏེ་གསར་འགྱུར་བརྒྱུད་འགྲེམས་ཀྱི་ཐོག་ནས་ནེ་པ་ལའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་དཀའ་གནད་ཀྱི་མདུན་དུ་མགོ་བོ་མི་དུད་པར་འབད་བརྩོན་བྱེད་དགོས་པའི་བླང་བྱ་སྟོན་པ་ཏེ།“གེགས་ཁུལ་གྱི་གྲོགས་པོ་རྣམས་པ་ཚོ།འཛམ་གླིང་མི་དམངས་ཁྱེད་ཚོའི་ཞུམ་མེད་ཀྱི་རྒྱབ་བརྟེན་ཡིན། དཀའ་གནད་ཇི་འདྲ་ཞིག་འཕྲད་རུང་དེ་ལས་སྒྲོལ་ཐུབ་ངེས”དང“གེགས་ཁུལ་གྱི་མང་ཚོགས་རྣམས་གང་མགྱོགས་གནོད་འཚེའི་དཀའ་གནད་ལས་གྲོལ་རྒྱུའི་སྨོན་འདུན་ཞུ་བ”སོགས་སེམས་གཏིང་གི་འཚམས་འདྲི་དང་མི་སེམས་འགུལ་བའི་བྱ་སྤྱོད་བཅས་ལས་དྲ་གྲོགས་ཚོས་དྲ་བ་བརྒྱུད་ནས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ལ་བཅངས་པའི་བརྩེ་སེམས་དང་སེམས་གཏིང་གི་དྲོ་སྐྱིད་མཚོན་པ་བྱས་ཡོད།
སྤྱི་ཟླ་4ཚེས་25ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དེ་ཉིན་ནེ་པ་ལའི་ཙུང་ཐུང་ཡ་ང་ཕུར་འཚམས་འདྲིའི་གློག་འཕྲིན་བཏང་ནས་“ཀྲུང་གོ་མི་དམངས་དང་ནེ་པ་ལའི་མང་ཚོགས་དུས་ནམ་ཡང་མཉམ་དུ་གནས་རྒྱུ་མ་ཟད་ཀྲུང་གོ་ཕྱོགས་ནས་ནེ་པ་ལན་ཕྱོགས་ལ་དགོས་ངེས་ཀྱི་གེགས་སྐྱོབ་ཀྱི་དངོས་ཟོག་མཁོ་འདོན་བྱ་རྒྱུ་ཡིན་”ཞེས་གསུངས་པ་དང་། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱང་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ནེ་པ་ལའི་ཙུང་ལི་ཁེ་དབྱི་ལ་ལར་འཚམས་འདྲིའི་གློག་འཕྲིན་བཏང་ནས་“ནེ་པ་ལ་སྲིད་གཞུང་དང་མང་ཚོགས་རྣམས་སྐུ་ཉིད་ཀྱི་འགོ་ཁྲིད་འོག་གནོད་འཚེ་ལས་རྒྱལ་ནས་གང་མགྱོགས་ཁྱིམ་གཞིས་བསྐྱར་བསྐྲུན་ཐུབ་པ་ང་ལ་ཡིད་ཆེས་ཡོད་”ཅེས་གསུངས་པ་རེད། ཀྲུང་གོ་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧོང་ལི་ཡིས་ཀྲུང་གོ་སྲིད་གཞུང་གིས་མང་མགྱོགས་གེགས་འགོག་དངོས་ཟོག་སྒྲིག་འཛུགས་བྱས་ཏེ་གེགས་ཁུལ་དུ་དབོར་འདྲེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ས་ཡོམ་གྱི་གནས་ཚུལ་ཐོན་རྗེས་ཀྲུང་གོ་སྲིད་གཞུང་གིས་་མི་སྣ་26ལས་གྲུབ་པའི་རོག་སྐྱོབ་རུ་ཁག་ནེ་པ་ལན་དུ་མངགས་གཏོང་བྱས་པ་དང་དེའི་ནང་སྔོག་བཤེར་དང་། སྨན་བཅོས། ས་ཡོམ། ལག་རྩལ་སོགས་ཀྱི་རིགས་གཅིག་མཁས་པ་ཚུད་ཡོད་པ་རེད། ས་ཡོམ་གྱིས་རྐྱེན་པས་ཇོ་མོ་གླང་མའི་ནུབ་ཕྱོགས་སུ་གངས་རུད་ཀྱི་གནས་ཚུལ་ཐོན་ནས་ཇོ་རིའི་སྒར་ས་ཆེན་པོ་གངས་ཀྱིས་བསྣན་པ་དང་རི་འཛེགས་པ་དང་འབྲེལ་བ་བྱེད་ཐབས་བྲལ་བའི་གནས་སུ་ལྷུངས་། འོན་ཀྱང་ཀྲུང་གོ་བ་དང་དེ་བཞིན་གྱི་མི་སྣའི་རོགས་རམ་འོག་རི་འཛེགས་པ་ཕལ་མོ་ཆེ་ཉེན་མེད་ཁུལ་དུ་བཀོད་སྒྲིག་བྱས་པ་དང་དེ་མིན་གྱི་མི་སྣ་མུ་མཐུད་ཧུར་བརྩོན་ངང་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།
གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ལ་སྙིང་རྗེ་ལྡན། ཕྱོགས་གཅིག་ལ་དཀའ་གནད་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་ཞེས་པ་ལྟར། རང་བྱུང་གནོད་འཚེ་ནི་འགྲོ་བ་མིས་འགོག་ཐབས་མེད་པ་ཞིག་རེད་། འོན་ཀྱང་འགྲོ་བ་མིའི་རྡོག་རྩ་གཅིག་སྒྲིལ་གྱི་སྙིང་སྟོབས་ལས་རང་བྱུང་གནོད་འཚེའི་བར་ཆད་འགོག་ཐུབ། ཀྲུང་གོ་ནི་ཤུགས་ཆེའི་གནོད་འཚེའི་མདུན་དུ་ཁྱེད་དང་ང་ཞེས་དབྱེ་བ་འབྱེད་མཁན་གྱི་རྒྱལ་ཁབ་ཅིག་མིན། མ་གཞི་རང་ཉིད་རྒྱལ་ཁབ་ལ་ས་ཡོམ་གྱི་གནོད་འཚེས་གྱོང་གུན་ཚབས་ཆེན་བཟོས་ཀྱང་ད་དུ་མུ་མཐུད་ནེ་པ་ལན་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་ཁོང་ཚོ་དཀའ་གནད་ལས་སྒྲོལ་ཐབས་བྱེད་བཞིན་མཆིས།