དབུ་ཤོག>གསར་འགྱུར།
  • བོད་ཀྱི་མོན་པ་རིགས་ཀྱི་རིག་གནས་མཚན་མོའི་སློབ་གྲྭས་དམངས་ཀྱི་རིག་གནས་ཆུ་ཚད་གོང་མཐོར་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-04-24

    ཀྲུང་གོའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་གིས་2013ལོར་མོན་པ་རིགས་ཀྱི་རིག་གནས་མཚན་མོའི་སློབ་གྲྭ་བཙུགས་ཚུན་གཟའ་པ་སངས་འཆར་རིམ་བཞིན་དམངས་ལ་སློབ་ཚན་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་འབྲེལ་ཡོད་རིག་གནས་ཤེས་བྱ་བསླབ་པས་ས་གནས་མི་དམངས་ཀྱི་རིག་གནས་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ཡོད།

    མོན་པ་རིགས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གྲས་ཤིག་ཡིན་པ་དང་། གཙོ་བོ་བོད་ལྗོངས་ལྷོ་ཁ་དང་ཉིང་ཁྲི་ས་ཁུལ་དུ་ཁྱབ་སྟེ་མི་འབོར་ཁྲི་5ཙམ་ལས་མེད། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཟམ་མི་ཆད་པར་དོན་འཁྱོལ་བྱུང་བ་དང་བསྟུན་ནས་ཐག་རིང་ཁུལ་དུ་གནས་པའི་མོན་པ་བའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལེགས་བཅོས་ཆེན་པོ་བྱུང་ཡང་འགྲིམ་འགྲུལ་ཤར་བགྲོད་དང་འཕྲིན་གཏོང་བལྟོས་བཅས་གསང་པོ་མེད་རྐྱེན་ཚན་རིག་དང་རིག་གནས་ཁྱབ་གདལ་གཏོང་ཚད་དམའ་ཙམ་ཡོད་པ་རེད།

    ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ལེགས་པོ་ཤང་མཐའ་སྲུང་མངགས་གཏོང་ཁང་གི་སུའོ་ཀྲང་ཝང་ཝུའེ་ཤིས་ཁང་དེས་བཏོད་པའི་མོན་པ་རིགས་ཀྱི་རིག་གནས་མཚན་མོའི་སློབ་གྲྭས་བཅའ་ཁྲིམས་ཤེས་བྱའི་ཆེད་ལས་ཡིན་པའི་ཉེན་རྟོག་དཔོན་ལ་བརྟེན་ནས་སྤྱི་ཁྱབ་རུ་ཁག་གིས་བཀོད་སྒྲིག་བྱས་པའི་བརྒྱུད་ལམ་སྣེ་མང་གི་སྒྲིག་ཆས་སྤྱད་དེ་ས་གནས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྱད་ཆོས་དང་ཟུང་འབྲེལ་དང་། དམངས་བྱིངས་ཀྱི་བར་གསེང་སྐབས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིག་གནས་རྒྱུན་ཤེས་དང་བཅའ་ཁྲིམས་ཀྱི་རྨང་གཞིའི་ཤེས་བྱ་སོགས་ཀྱི་སློབ་ཚན་འཁྲིད་ཀྱི་ཡོད་ཅེས་བཤད།

    ལོ་27ལ་སོན་པའི་མོན་པ་རིགས་ཀྱི་ཕོ་གཞོན་རིན་ཆེན་སློབ་ཆུང་ལས་འགྲིམས་མྱོང་མེད་པས་བཅའ་ཁྲིམས་ཤེས་བྱ་དེ་ཙམ་རྒྱུས་མངའ་མེད། ཁོང་གིས“དུས་མཚམས་ཤིག་རིང་མཚན་མོའི་སློབ་གྲྭར་སློབ་སྦྱོང་བྱས་པ་བརྒྱུད་ད་ཆ་རྩ་ཁྲིམས་དང་སྤྱི་དམངས་སོགས་ཀྱི་ཐ་སྙད་ལ་གཞི་རྩའི་ཆ་ནས་གོ་བ་ལེན་ཐུབ་པ་དང་དམངས་ཁྲིམས་དང་རྒྱུན་གཏན་འཚོ་བའི་དབར་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པ་ཤེས་རྟོགས་བྱུང་བའི་ཁར་གཞན་གྱིས་འདྲ་མཉམ་མེད་པའི་ལྟ་སྟངས་འཛིན་སྐབས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཆོག་པའང་ཤེས་རྟོགས་བྱུང”ཞེས་བཤད།

    ཝང་ཝུའེ་ཤིས་མཚན་མོའི་སློབ་གྲྭར་བསླབ་པའི་ཤེས་བྱས་མོན་པ་རིགས་ཀྱི་དམངས་བྱིངས་ཚོས་བཅའ་ཁྲིམས་ཤེས་བྱ་མི་ཤེས་པའི་དབང་གིས་ཁྲིམས་འགལ་གྱི་ལམ་བུའི་ཐོག་བསྐྱོད་པ་གཏན་འགོག་ནུས་ལྡན་ཐུབ་པ་དང་དུས་མཚུངས་མཚན་མོའི་སློབ་གྲྭར་ད་དུང་བཅའ་ཁྲིམས་ཀྱི་བློ་འདྲིའི་ཞབས་ཞུའི་ས་ཚིགས་བཙུགས་ཏེ་དམངས་བྱིངས་དང་དེ་བཞིན་ཕྱོགས་མིར་དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་ནས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ལག་དེབ་534པར་འགྲེམས་བྱས་པས་དམངས་བྱིངས་ཀྱི་བཅའ་ཁྲིམས་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་འགྲོ་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།