དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོཌ་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-24

     ཟླ་4ཚེས་22ཉིན་ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་སྐྲུན་མཁན་ཕུལ་བྱུང་མི་སྣ་50དང་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་མཁན་སྔོན་ཐོན་མཉམ་སྡེབ་10ལ་གཟེངས་བསྟོད་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཞོལ་ཀོང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཆེ་དགྲ་ལྷས་2011ལོར་ལྗོངས་ཡོངས་སུ་དུས་སྐབས་གསར་པའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས“ལྟེ་བའི་གྲོང་ཁྱེར་གྱི་གལ་ཆེའི་ནུས་པ”འདོན་སྤེལ་གང་ལེགས་བྱས་པར་བརྟེན་ལས་དོན་ཁག་མདུན་གྲལ་དུ་སླེབས་པ་མ་ཟད། ལྷག་པར་དུ་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ་བསྡོམས་འབོར་འཕེལ་བ་དང་། མྱུར་ཚད་མགྱོགས་པ། གྲུབ་ཆ་བཟང་སྒྲིག ལེགས་སྐྱེས་འབུལ་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད་ལ། དམངས་ཁྲོད་མ་དངུལ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གལ་ཆེའི་འདེགས་སྐྱོར་དང་། ནོར་སྲིད་ཁྲལ་འབབ་ཀྱི་ཡོངས་ཁུངས་གལ་ཆེན། ལས་ཞུགས་རྒྱ་བསྐྱེད་ཀྱི་ཐབས་ལམ་གལ་ཆེན་བཅས་སུ་གྱུར་ཡོད་ཅེས་གསུངས་པ་རེད།

    ཁོང་གིས་འདི་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་གྱི་ལོ་ཞིག་ཡིན་པས་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། མ་དངུལ། ཐོན་ལས། སྣོད་བཅུད་སྲུང་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་སྔར་བས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ་མ་ཟད། སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དེས་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།