དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་འཐབ་ཇུས་ལ་སྐུལ་མ་ཧུར་ཐག་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-24

    ཡུལ་སྐོར་བ་མང་བའི་དུས་སུ་བར་སྐོར་ཁྲོམ་གཞུང་ཐོག་གི་བཟོ་རྩལ་ཐོན་རྫས་ཚོང་ཁང་ཚང་མ་བྲེལ་བ་ཆེ་བའི་དུས་ལ་སླེབས་ཡོད། ལྷ་སར་ཡུལ་སྐོར་དུ་ཡོང་མཁན་བསུ་བ་ཕུད་ད་དུང་དུས་དང་རྣམ་པ་ཀུན་ཏུ་ཁྲོམ་རའི་ཐོག་གི་ལས་རིགས་ཀྱི་གནས་ཚུལ་དང་ལས་རིགས་ཀྱི་འགུལ་རྣམ་ལ་དོ་ཁུར་བྱེད་པ་དང་དངོས་ཟོག་ཉོ་སྒྲུབ་དང་། དངོས་ཟོག་ཉར་ཚགས། དངོས་ཟོག་ཕྱིར་ཚོང་བཅས་ཀྱི་མ་དངུལ་གྱི་གནོན་ཤུགས་ཀྱིས་ཁོང་ཚོར་དཀའ་ངལ་ཆེན་པོ་བཟོ་གི་ཡོད།

    བཟོ་རྩལ་ཐོན་རྫས་ཚོང་མཁན་མང་པོའི་ཁྲོད་ལོ་49ལ་སླེབས་པའི་མཱ་ཀོང་ཆན་ལོ་16ནས་བཟུང་ལྷ་སར་བྱ་གཞག་གཏོད་པར་ཡོང་ནས་ད་བར་ལོ་33ཕྱིན་ཏེ་བར་སྐོར་ཁྲོམ་གཞུང་གི་བཟོ་རྩལ་ཐོན་རྫས་ཁྲོམ་རའི་ཁྲོད་ཀྱི་རྩེ་གྲར་གྱུར་ཡོད་མོད། འོན་ཀྱང་སྐད་གྲགས་ཆོད་པའི་ཚོང་དུད་ཆུང་གྲས་དང་ཆེས་གྲང་ཆུས་དེ་ལྟ་བུས་ཀྱང་དངུལ་རྩའི་སྒྲིག་གཞིའི་མ་དངུལ་མཉམ་འདྲེས་བྱེད་དཀའ་བར་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། མ་དངུལ་འཁོར་རྒྱུག་ཡག་པོ་མེད་པའི་གནས་ཚུལ་འཕྲད་སྐབས་གྲོགས་པོ་སྤུན་མཆེད་ས་ནས་དངུལ་གཡར་དགོས་ཀྱི་ཡོད།       

    རང་ལྗོངས་སུ་དངུལ་རྩ་སྐུལ་ཁྲིད་ཀྱི་འཐབ་ཇུས་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་བསྟུན་ནས་སྣ་མང་ཅན་དང་སྟབས་བདེ་ཅན་གྱི་དངུལ་རྩའི་ཐོན་རྫས་ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་སུ་ཁྱབ་གདལ་གཏོང་གི་ཡོད། དེའི་ཁྲོད་དམངས་འཚོའི་དངུལ་ཁང་ལྷ་སར་བཅའ་སྡོད་བྱས་ཚུན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་སྙན་ཐོའི་རེའུ་མིག་མེད་པ་དང་ཐོན་རྫས་ཉུང་བའི་གནས་ཚུལ་འོག་དངུལ་རྩའི་དགོས་མཁོ་སྐོང་ཆེད་ཚོང་དུད་གནས་སར་བསྐྱོད་དེ་བར་སྐོར་ཚོང་ཁང་དུ་བཅའ་སྡོད་ཀྱིས་བརྟག་ཞིབ་ཏན་ཏིག་བྱས་ཏེ་ས་བབ་དང་བསྟུན་ནས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་འཇོག་གཙོ་གནད་དུ་བྱེད་པའི་སྒྲོག་འགྲེལ་གྱི་རྒྱུ་ནོར་སྐོར་གྱི་སློབ་ཚན་ཐེངས་མང་འཚོགས་ནས་ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་གཙོ་བོར་བྱེད་པའི་ཡིད་རྟོན་དངུལ་བུན་དང་ལག་ཐོགས་ཁ་པར་དངུལ་ཁང་སོགས་དངུལ་རྩའི་ཞབས་ཞུ་བྱེད་སྟངས་སྣ་ཚོགས་ཁྱབ་གདལ་བཏང་སྟེ་ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་ལ་སྟབས་བདེ་བསྐྲུན་ཡོད།

    ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་གཉེར་སྐྱོང་རང་བཞིན་གྱི་ཡིད་རྟོན་དངུལ་བུན་གཏོང་ནུས་དམངས་འཚོའི་དངུལ་ཁང་ལ་ལྡན་པ་ཤེས་རྟོགས་བྱུང་རྗེས་མཱ་ཀོང་ཆན་གྱིས་ཚོད་ལྟ་བྱས་ནས་དམངས་འཚོའི་དངུལ་ཁང་ལ་རེ་ཞུའི་དཔྱད་གཞིའི་ཡིག་ཆ་བསྐྱལ་བ་རེད།

    ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་ཞིབ་བཤེར་བྱས་པ་དང་ཁོང་མི་སྒེར་ལ་བུ་ལོན་ཟུག་ཚད་དང་། གཙོ་གཉེར་ལས་སྒོ ལོའི་ཕྱིར་ཚོང་ཡོང་འབབ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་བརྒྱུད་ཟླ་གཅིག་ཀྱང་མ་སོང་བར་དངུལ་བུན་བཏང་། མཱ་ཀོང་ཆན་གྱིས“ངའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་སོང”ཞེས་དགའ་ཚོར་ཆེན་པོའི་སྒོ་ནས་བཤད།

    དམངས་འཚོའི་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་ཧང་ཀྲང་མཱ་ཅུན་གྱིས“བར་སྐོར་ཚོང་ཁང་དུ་ཚོང་དུད་8000ལྷག་ཙམ་ཡོད་པ་དེ་དག་གིས་གཙོ་བོ་དབྱར་རྩྭ་དགུན་འབུ་དང་། ཡུལ་ཟོག་ཐོན་རྫས། བཟོ་རྩལ་དངོས་རྫས། གྱོན་གོས་སོགས་ཚོང་གཉེར་བྱེད་ཀྱི་ཡོད། ཁོང་ཚོ་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་ཡིན་པས་ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་དེ་བས་མང་བའི་ཚོང་ཡག་པོ་བྱུང་ཚེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཞི་ནས་སྟོབས་ཆེར་འགྲོ་ཐུབ”ཅེས་བཤད། དམངས་འཚོའི་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་བཙུགས་ཚུན་སྤྱི་ཁྱབ་དངུལ་ཁང་གིས“ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་ཁང་འཛུགས་པའི”འཐབ་ཇུས་གནས་བབ་མཐའ་འཁྱོངས་ཀྱིས་དངུལ་རྩ་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཞབས་ཞུའི་ཁྱབ་ཁོངས་སུ་མ་དངུལ་ཧུར་ཐག་གཏོང་བ་མ་ཟད། བྱ་གཞག་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ་བརྟག་ཞིབ་གཏིང་ཟབ་དང་ཁྲོམ་རར་དབྱེ་ཞིབ་བྱས་པ་བརྒྱུད་དངུལ་རྩ་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་དེ་དག་བར་སྐོར་གནའ་གྲོང་གི་ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཐོག་མར་གཏོང་རྒྱུ་ཡིན་པ་རེད།

    དངུལ་རྩ་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་འཐབ་ཇུས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཚོགས་སྤྱིར་དངུལ་རྩའི་དགོས་མཁོ་དང་བསྟུན་པའི་ཐབས་ལམ་སྤྱོད་གང་ཐུབ་བྱས་ཏེ་དངུལ་རྩའི་གཞན་བརྟེན་དང་རང་བརྟེན་གྱི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་པ་མ་ཟད། རང་ལྗོངས་ཀྱི་ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་ཁྲི་སྟོང་མང་པོས་སྤུས་ཀ་ལེགས་ལ་སྟབས་བདེ་བའི་དངུལ་རྩའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་ནས་ཁྲོམ་ར་དེ་བས་གསོན་ཤུགས་ལྡན་པ་བྱེད་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དམངས་འཚོའི་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་བོད་དུ་བཅའ་སྡོད་བྱས་ནས་ལོ་གཅིག་འཁོར་ཚུན། མིག་སྔའི་བར་རིམ་རྩིས་ལྟར་ན་དངུལ་བུན་ཆུང་གྲས་དང་ཆེས་ཆུང་གྲས་སྒོར་དུང་ཕྱུར་2.5བཏང་ནས་ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་600ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།