དབུ་ཤོག
  • བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཞིབ་བཤེར་ཐེངས་གསུམ་པ་བྱེད་བཞིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་ཞིབ་བཤེར་ཐེངས་གསུམ་པ་བྱ་རྒྱུར་ཕུལ་ཡོད། འཆར་ཟིན་ནང་གཏན་འབེབས་གསར་པ་བསྣན་ཡོད་པ་སྟེ། དུག་ཆེན་དང་དུག་ཤེད་ཆེ་བའི་ཞིང་སྨན་སྔོ་ཚལ་དང་། ཀྭ་རིགས། ཤིང་ཏོག ཇ་ལོ། ཀྲུང་ལུགས་སྨན་རྫས་སོགས་ལ་སྤྱོད་མི་ཆོག་པ་དེ་རེད།

    དུག་ཆེན་དང་དུག་ཤེད་ཆེ་བའི་ཞིང་སྨན་གྱིས་མི་ཕྱུགས་དང་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། རང་རྒྱལ་གྱིས་དུག་ཤེད་ཆེ་བའི་ཞིང་སྨན་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པའི་བྱེད་ཐབས་སྤྱོད་ཀྱི་ཡོད། མིག་སྔར་དུག་ཤེད་ཆེ་བའི་ཞིང་སྨན་སྤྱོད་ཚད་ཀྱིས་ཞིང་སྨན་སྤྱོད་པའི་བསྡོམས་འབོར་གྱི་བསྡུར་གྲངས་3%ཡང་ཟིན་གྱི་མེད་མོད། འོན་ཀྱང་དུག་ཤེད་ཆེ་བའི་ཞིང་སྨན་རིགས་12ད་དུང་ཞིང་ནང་དུ་སྤྱོད་བཞིན་ཡོད།

    དུག་ཆེན་དང་དུག་ཤེད་ཆེ་བའི་ཞིང་སྨན་རྦད་དེ་མེད་པ་བཟོས་ན་མི་འགྲིག་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་ནས་མིག་སྔར་དུག་ཆེན་དང་དུག་ཤེད་ཆེ་བའི་ཞིང་སྨན་སྤྱོད་པའི་ལྷུ་ཚིགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་ཆབས་ཅིག་འབྲེལ་ཡོད་ཚབ་བྱེད་ཐོན་རྫས་ཞིབ་སྤེལ་ཁྱབ་གདལ་མགྱོགས་སུ་གཏོང་དགོས་པ་བཏོན་ཡོད།

    བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ནང་རྒྱལ་ཁབ་ཀྱིས་ཕན་ནུས་ཆེ་ལ་དུག་ཤེད་ཆུང་བ་དང་ལྷག་རོ་ཉུང་བའི་ཞིང་སྨན་སྤྱོད་པ་དང་། དུག་ཆེན་དང་དུག་ཤེད་ཆེ་བའི་ཞིང་སྨན་གྱི་ཚབ་བྱེད་ཐོན་རྫས་ཞིབ་འཇུག་དང་བེད་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་བ། དུག་ཆེན་དང་དུག་ཤེད་ཆེ་བའི་ཞིང་སྨན་གང་མགྱོགས་མེད་པ་བཟོ་བ་བཅས་ཐད་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས་པའི་གཏན་འབེབས་བྱས་པ་དང་ཆབས་ཅིག དུག་ཆེན་དང་དུག་ཤེད་ཆེ་བའི་ཞིང་སྨན་སྔོ་ཚལ་དང་། ཀྭ་རིགས་དང་ཤིང་ཏོག ཇ་ལོ། ཀྲུང་ལུགས་སྨན་རྫས་བཅས་ལ་སྤྱོད་མི་ཆོག་པའི་གཏན་འབེབས་བསྣན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།