དབུ་ཤོག>གསར་འགྱུར།
  • གྲ་སྒྲིག་ཚགས་ཆུད་བྱས་ཏེ་དབན་ལུང་གི་ཚོགས་འདུ་གཟབ་རྒྱས་བསུ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-23

    དབན་ལུང་ནི་ཧིན་རྡུ་ཉི་ཞི་ཡའི་ཤིས་ཀ་ཝ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡིན། 1955ལོར་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་འཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་གནས་དེར་འཚོགས་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་བརྩོན་ལེན་དང་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཕྱེ་ཡོད་པ་དང་ཚོགས་འདུ་དེར་དབན་ལུང་ཚོགས་འདུ་ཞེས་བརྗོད་ཀྱི་ཡོད།  

    2015ལོར་དབན་ལུང་ཚོགས་འདུ་འཚོགས་ནས་ལོ་60འཁོར་བར་བསུ་བ་ཞུ་བའི་སྐབས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཉིན་ཤས་གོང་རླངས་འཁོར་ནང་བསྡད་དེ་དབན་ལུང་དུ་བསྐྱོད་ནས་སྐབས་དེ་དུས་ཀྱི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཚོགས་གནས་རྙིང་པ་དེར་བཅར་འདྲི་བྱེད་པར་བསྐྱོད་སྐབས་རབ་ཏུ་མཛེས་པའི་གྲོང་ཁྱེར་དེའི་ཚོགས་འདུ་གཟབ་རྒྱས་དེ་བསུ་བའི་རྣམ་པས་ང་ཚོའི་ཡིད་དབང་རྦད་དེ་འཕྲོག

    དབན་ལུང་ཚོགས་གནས་རྙིང་པ་སྟེ། རང་བཙན་མཁར་ཆེན་དེ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཁྲོམ་གཞུང་གི་དཀྱིལ་དུ་གནས་འདུག་ལ། ལོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་ཁང་པ་དེ་ད་ཆ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཚོགས་འདུའི་དྲན་གསོའི་རྟེན་རྫས་བཤམས་མཛོད་ཁང་བཟོས་འདུག མིག་སྔར་རྟེན་རྫས་བཤམས་མཛོད་ཁང་དེ་སྒོ་ཕྱེ་མེད་ཀྱང་ང་ཚོ་བཅར་འདྲི་བྱེད་པར་ཡོང་དོན་རྟོགས་རྗེས། ཀོན་ཀྲང་ཐའོ་མ་སི·ཤིས་ལེ་ཅར་གྱིས་སྤྲོ་སེམས་ཆེན་པོས་སྣེ་ལེན་བྱས་བྱུང་། “ནང་དུ་མཛེས་བཟོ་བྱེད་བདེ་ཡོང་བ་དང་ལྟ་སྐོར་དང་འཚམས་འདྲིར་ཡོང་མཁན་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་དུས་ང་ཚོས་རྟེན་རྫས་བཤམས་མཛོད་ཁང་སྒོ་བརྒྱབ་པ་དང་ཟླ་མཇུག་ཏུ་གཞི་ནས་སྒོ་ཕྱེ་རྩིས་ཡོད”ཅེས་ཁོང་གིས་ངོ་སྤྲོད་བྱས་བྱུང་།

    རང་བཙན་མཁར་ཆེན་གྱི་ཚོགས་རའི་ནང་འཛུལ་སྐབས་ཧ་ཅང་གུ་ཡངས་པ་དང་ཚོམས་ཆེན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་3000ཙམ་འདུག་ལ། ཚོམས་ཆེན་དཀྱིལ་དུ་ཡོད་པའི་སྒྲོག་ཙེ་དབོར་ཟིན་པ་མ་ཟད། བཟོ་པ་ཚོས་ཕང་ཀླད་ཀྱི་འོ་མ་ཤིན་ཏོག་བཟོ་བཅོས་རྒྱག་བཞིན་འདུག 

    ཁོང་གི་རོགས་རམ་འོག་ང་ཚོ་ཚོགས་ར་གཙོ་བོའི་ངོགས་གཞན་ཞིག་གི་འགྲེམས་ཁང་དུ་སྐྱོད་སྐབས་ཡང་ལཱ་ཡིས་བཟོས་པའི་ཙུང་ཐུང་སུའུ་ཅ་ནུའོ་གཏམ་བཤད་སྟེགས་བུའི་ཐོག་ལངས་ནས་གཏམ་བཤད་བྱེད་པ་དང་ཁོང་གི་རྒྱབ་ཏུ་ཡོད་པའི་སྐབས་དང་པོའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཚོགས་འདུ་སྐུལ་སློང་བྱེད་མཁན་རྒྱལ་ཁབ་ཁག་གི་འཐུས་མི་བཞུགས་པའི་དེ་སྔའི་རྣམ་པ་དེ་མིག་ལམ་དུ་འཆར།

    ཐའོ་མ་སིས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཚོགས་འདུ་ནི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་འཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་དང་པོ་དེ་ཡིན་པ་དང་ཚོགས་འདུ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་ཐུབ་པ་བྱུང་བ་དེས་སྐབས་དེ་དུས་རྒྱལ་ཁབ་ཁག་གི་མི་དམངས་ཚོས་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཚོགས་འདུ་དེ་ལོ་60འདས་ཀྱང་དབན་ལུང་གི་སྙིང་སྟོབས་དེ་རྒྱལ་སྤྱིའི་ཕྱི་འབྲེལ་དང་ཆབ་སྲིད་ཐད་སྔར་བཞིན་འབྲེལ་བ་ལྡན་པ་མ་ཟད། མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    “རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་པར་ཡོང་མཁན་ཉིན་ལྟར་མི་600ནས་1000བར་ཡོད། མང་ཆེ་བ་ནི་ཧིན་རྡུ་ཉི་ཞི་ཡ་དང་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བ་ཡིན། དེ་ཐོག་ནས་དབན་ལུང་གི་སྙིང་སྟོབས་ཉམས་མེད་པ་གསལ་བཤད་ཐུབ་ཡོད”ཅེས་བརྗོད་བྱུང་།

    བཀོད་སྒྲིག་གཞིར་བཟུང་། ཟླ་4ཚེས་19ཉིན་ནས་ཚེས་23ཉིན་བར་ཅ་ཁར་ཐ་རུ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་འཁྲིད་མི་སྣའི་ཚོགས་འདུ་དང་དེ་བཞིན་མཐོ་རིམ་མི་སྣའི་ཚོགས་འདུ་དང་པུའུ་ཀྲང་གི་ཚོགས་འདུ་འཚོག་རྒྱུ་དང་ཚེས་24ཉིན་དབན་ལུང་དུ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཚོགས་འདུ་འཚོགས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གཉེར་རྒྱུ་རེད། ཚེས་19ནས་ཚེས་24ཉིན་བར་དབན་ལུང་དུ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་ཚོགས་འདུ་དང་། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རབ་དགའི་དུས་ཆེན་རིག་གནས་འཁྲབ་སྟོན་དང་མི་ཁྲི་ཡིས་ཧིན་རྡུ་ཉི་ཞི་ཡའི་སྲོལ་རྒྱུན་རོལ་ཆ“ཨང་ཀེ་ལུང”དཀྲོལ་བའི་རོལ་དབྱངས་འདུ་ཚོགས་སོགས་འཚོག་རྒྱུ་རེད།

    དབན་ལུང་གི་གྲོང་སྤྱི་ལི་ཏེ་དབན་གྱིས་ཉིན་ཤས་གོང་གསར་འགོད་པར་དྲན་གསོའི་གྲ་སྒྲིག་ཚང་མ་བྱས་ཟིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།