དབུ་ཤོག>གསར་འགྱུར།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་སྐད་ཡིག་ཉིན་མོ་ཐེངས་དྲུག་པ་བསུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ལི་པིང་ཤིན་དང་། ལི་ཞའོ་ཧུང་། དབྱིང་མིའོ།   |     སྤེལ་དུས།  2015-04-23

    165275_yis_1429682819677.jpg

     འདི་ནི་ཟླ་4ཚེས་20ཉིན་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཨ་རིར་བྱེས་སྡོད་གཞོན་ནུ་གླུ་གཞས་མཁས་ཅན་ཕང་ཤོན(མདུན)གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་གཞས་ཚོགས་པ་དང་མཉམ་དུ་ཀྲུང་གོའི་དམངས་གཞས《བ་སྤུ་མེ་ཏོག》ཅེས་པ་གཏོང་བའི་གནས་ཚུལ་ཡིན་པ།

    ཟླ་4ཚེས་20ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་སྐད་ཡིག་ཉིན་མོ་ཐེངས་དྲུག་པ་དེ་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་རང་རྒྱལ་གྱི་འཐུས་མི་གཞོན་པ་གཞུང་ཚབ་ཆེ་མོ་བ་ཝང་མིང་གིས་ཤིས་ཚིག་གསུང་སྐབས་འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བའི་ལོ་རེད། མཉམ་འབྲེལ་རྒྱལ་ཚོགས་འཛུགས་པའི་ཐོག་མར་ཀྲུང་གོའི་སྐད་ཡིག་དེ་གཞུང་ཕྱོགས་ཀྱི་སྐད་ཡིག་ལ་གཏན་འཁེལ་བྱས་ཡོད། 1971ལོར་ཀྲུང་གོ་གསར་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་རྗེས་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོའི་སྐད་ཡིག་གི་གནས་བབ་ཧ་ཅང་མཐོ་རུ་ཕྱིན་པ་དང་1973ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྒྲུབ་སྐད་ཡིག་ནང་བཞག་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་ཤུགས་རྐྱེན་ཆེ་རུ་འགྲོ་བ་དང་བསྟུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སུ“ཀྲུང་གོའི་སྐད་ཡིག་གི་ཚ་རླབས”ཟམ་མི་ཆད་པར་འཕྱུར་བཞིན་ཡོད། དྲུང་ཆེ་ཕན་ཅི་ཝུན་གྱིས་ཀྲུང་གོའི་སྐད་ཡིག་དང་རིག་གནས་ལ་ཐོག་མཐའ་བར་གསུམ་དུ་ཧ་ཅང་དགའ་པོ་བྱེད་པ་མ་ཟད་ཁོང་གི་རྒྱ་ཡིག་གི་ཡིག་གཟུགས་ལ་ཀུན་གྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ལོ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་མི་600ལྷག་ཙམ་དྲུང་ཡིག་ཁྲུའུ་ཡིས་གཉེར་བའི་ཀྲུང་གོའི་སྐད་ཡིག་གསོ་སྦྱོང་ནང་ཞུགས་ཀྱི་ཡོད།  

    ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་གོའི་སྐད་ཡིག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་སྒྲུབ་སྐབས་རྒྱ་ཁྱབ་ངང་སྤྱོད་རྒྱུར་མུ་མཐུད་སྐུལ་མ་གཏོང་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཁྲུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐད་ཡིག་མང་བའི་རིང་ལུགས་ཀྱི་གྲོས་ཆོད་སྔར་བས་དོན་འཁྱོལ་བྱས་ནས་ཀྲུང་གོའི་སྐད་ཡིག་ཚུད་པའི་གཞུང་ཕྱོགས་ཀྱི་སྐད་ཡིག་རིགས་དྲུག་ལ་འདྲ་མཉམ་ལྟ་སྟངས་འཛིན་པ་དང་བེད་སྤྱོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སླད་ཕྱིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་མི་དང་ཕྱི་འབྲེལ་དཔོན་སྔར་ལས་མང་བས་ཀྲུང་གོའི་སྐད་ཡིག་སློབ་སྦྱོང་གི་དཔུང་ཁག་ནང་ཞུགས་རྒྱུའི་རེ་བ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་སྐད་ཡིག་ཉིན་མོའི་བྱེད་སྒོ་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་ཡག་པོ་ཡོང་བ་དང་མི་དེ་བས་མང་བར་ཀྲུང་གོའི་སྐད་ཡིག་སློབ་སྦྱོང་དང་ཀྲུང་ཧྭ་ཡི་རིག་གནས་ཤེས་རྟོགས་ཡོང་རྒྱུའི་ལྕག་སྐུལ་བྱས་ཏེ་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་སྤེལ་རེས་མཉམ་ལས་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།