དབུ་ཤོག>གསར་འགྱུར།
  • ​ ཨན་པེས་རྒྱལ་བདེ་ལྷ་ཁང་ལ་མཆོད་རྫས་བསྐྱལ་བའི་ཐད་ཀྱི་དྲི་བར་ལན་བསྐྱོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-23
     ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་རྒྱལ་བདེ་ལྷ་ཁང་ལ་མཆོད་རྫས་བསྐྱལ་བའི་ཐད་ཀྱི་དྲི་བར་ལན་བསྐྱོན་སྐབས་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ་བཙན་འཛུལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ཏེ་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་པའི་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཧུང་ལེས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་བདེ་ལྷ་ཁང་གི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན། “འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་70འཁོར་བའི་གལ་འགངས་ཆེ་བའི་ལོ་དེར་ང་ཚོས་རི་པིན་ཕྱོགས་ལ་བཙན་འཛུལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ཏེ་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པའི་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་གསུངས་པ་རེད།

    ཐུན་མོང་གསར་འགྱུར་ཁང་གིས་ཚེས་21ཉིན་གནས་ཚུལ་སྤེལ་ནས་ཨན་པེས“ནང་བློན་ཁང་གི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན”གྱི་མིང་ཐོག་ནས་རྒྱལ་བདེ་ལྷ་ཁང་ལ“ཀྲེན་ཧྲེན”ཞེས་པའི་ལྗོན་ཤིང་མཆོད་རྫས་བསྐྱལ་ཡོད། ཚེས་21ནས་ཚེས་23ཉིན་བར་གྱི་དཔྱིད་དུས་ཀྱི་འཆར་ཅན་ཕྱག་མཆོད་ཆེ་མོའི་རིང་ཁོང་རྒྱལ་བདེ་ལྷ་ཁང་ལ་ཕྱག་མཆོད་བྱ་རྒྱུའི་ནང་ཞུགས་ཀྱི་མིན་ཞེས་བརྗོད་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།