དབུ་ཤོག>གསར་འགྱུར།
  • རི་པིན་གྱིས་སྐབས་རིམ་བྱུང་གི་ནང་བློན་ཁང་གིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་གི་རྣམ་འགྱུར་དང་ཁས་ལེན་ལ་བརྩི་སྲུང་ནན་པོ་བྱ་རྒྱུའི་རེ་བ་བཏོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-23

     འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་70འཁོར་བའི་སྐོར་གྱི་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱི་གཏམ་གླེང་གི་རྣམ་འགྱུར་སྐོར་ལ་ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་རི་པིན་གྱིས་སྐབས་རིམ་བྱུང་གི་ནང་བློན་ཁང་གིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་གི་རྣམ་འགྱུར་དང་ཁས་ལེན་ལ་བརྩི་སྲུང་ནན་པོ་བྱ་རྒྱུའི་རེ་བ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20ཉིན་ཨན་པེས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་70འཁོར་བའི་གཏམ་གླེང་ནང་ལོ་རྒྱུས་ཀྱི་གནད་དོན་ལ་འཛིན་པའི་སྐབས་རིམ་བྱུང་གི་ནང་བློན་ཁང་གི་གཞི་རྩའི་ངོས་འཛིན་གྱི་ལངས་ཕྱོགས་རྒྱུན་འཛིན་བྱེད་ལུགས་ངས་མཚོན་པར་བྱ་རྒྱུ་ཡིན། འོན་ཀྱང་དེ་སྔ་དང་འདྲ་བའི་གཏམ་གླེང་སྤེལ་ཚེ་གཏམ་གླེང་གསར་པ་སྤེལ་བའི་དགོས་པ་མེད་ཅེས་བཤད་ཡོད། དོན་དེར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས་པ་རེད།

    ཧུང་ལེས་རི་པིན་གྱི་འགོ་ཁྲིད་པའི་འབྲེལ་ཡོད་རྣམ་འགྱུར་སྟོན་སྟངས་དེ་ང་ཚོར་དོ་སྣང་བྱུང་ཞེས་གསུངས་པ་རེད། ཁོང་གིས“འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་70འཁོར་བའི་གལ་ཆེ་ལ་ཚོར་བ་སྐྱེན་པའི་ལོ་འདིར་རི་པིན་གྱི་འགོ་ཁྲིད་པས་ལོ་རྒྱུས་ཀྱི་གནད་དོན་སྐོར་ལ་རྣམ་འགྱུར་གང་ཞིག་བསྟན་པ་དང་ཕྱི་ཕྱོགས་ལ་ཆ་འཕྲིན་གང་ཞིག་སྤེལ་བ་དེ་རི་པིན་དང་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཞི་མཐུན་འཕེལ་རིམ་དང་འབྲེལ་བ་ཡོད་ལ་རི་པིན་གྱིས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་མིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བརྡར་ཤ་གཅོད་པའི་རྡོ་ཀ་ཤུ་ཀ་ལྟ་བུར་འགྱུར་རྒྱུ་རེད་ཅེས་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད”ཅེས་གསུངས་པ་རེད།

    ཧུང་ལེས་རི་པིན་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་རི་པིན་རྒྱལ་ནང་གི་དྲང་བདེན་གྱི་འབོད་སྒྲ་ནན་ཏན་ཉན་པ་དང་། བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱ་རྒྱུའི་སྐོར་གྱི་རི་པིན་གྱི་སྐབས་རིམ་བྱུང་གི་ནང་བློན་ཁང་གི་རྣམ་འགྱུར་དང་ཁས་ལེན་ལ་བརྩི་སྲུང་ནན་པོ་བྱེད་པ། ལྷག་བསམ་མཚོན་པར་བྱེད་པ། སྔར་སོང་མཇུག་འགྲིལ་བ། མ་འོངས་གསར་གཏོད་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།