དབུ་ཤོག>གསར་འགྱུར།
  • བོད་ཀྱིས་དངུལ་རྩའི་ཤེས་བྱ་སྡེ་ཁུལ་དང་ཞིང་ཁྱིམ་དུ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-04-23

    ཉིན་ཤས་གོང་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣ་ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོར་ཡོང་ནས“དངུལ་རྩའི་ཤེས་བྱ་སྡེ་ཁུལ་དང་ཞིང་ཁྱིམ་དུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་ཏེ་དངུལ་རྩའི་ཤེས་བྱ་དེ་ཞིང་ནང་མུ་ཁར་ཁྱབ་གདལ་བཏང་ནས་དངུལ་རྩའི་དྲིལ་བསྒྲགས་བྱེད་སྒོའི་ཐད་ཀྱི“ཐོག་མའི་འགག་གནད”ལས་སྒྲོལ་བ་རེད། 

    “ད་ཐེངས་ཀྱི་བྱེད་སྒོ་དེ་བརྒྱུད་ནས་ཞིང་འབྲོག་པར་དངུལ་རྩའི་འདུ་ཤེས་གསོ་སྐྱོང་དང་། དངུལ་རྩའི་ཤེས་བྱ་དེ་བས་མང་བ་ཁོང་དུ་ཆུད་པ། དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་དང་དེ་བཞིན་དངུལ་རྫུས་མ་དང་ཁ་བསླུས་འགོག་པའི་བྱ་ཐབས་ཤེས་རྟོགས་བཅས་བྱེད་དུ་བཅུག་ནས་ཞིང་འབྲོག་པའི་དེང་རབས་དངུལ་རྩར་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་བ་དང་། དངུལ་རྩའི་འཛད་སྤྱོད་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཡང་དག་བཙུགས་ཡོད”ཅེས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འཇལ་སྤྲོད་བསྡོམས་རྩིས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལི་པིང་ཅེས་བཤད་པ་རེད།

    མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་2011ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་རྩིས་སྒྱུར་ཁ་པར་དང་POSའཕྲུལ་འཁོར་འཛུགས་འགོ་ཚུགས་པ་དང་། 2014ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རྩིས་སྒྱུར་ཁ་པར་དང་POSའཕྲུལ་འཁོར་2400ལྷག་ཙམ་བཙུགས་ཏེ་ཤང་གྲོང་683གྱི་སྲིད་འཛིན་གྲོང་ཚོ་1700ཚང་མར་ཁྱབ་པ་བྱས་ཡོད། POSའཕྲུལ་འཁོར་བཙུགས་རྗེས་གྲོང་མིས་གྲོང་ཚོ་ནས་ཞིང་འབྲེལ་ཁ་གསབ་སྣ་ཚོགས་བསྐུར་ལེན་བྱེད་ཐུབ་ཀྱི་ཡོད།

    བྱེད་སྒོ་དེ་ཡུན་རིང་སྤེལ་ཆེད་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི《བོད་ཀྱི་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཤེས་བྱའི་དྲིལ་བསྒྲགས་ལག་དེབ》དང་། 《གྲོང་གསེབ་ཀྱི་དངུལ་བསྐུར་ལེན་དང་བསྡོམས་རྩིས་ཀྱི་ཤེས་བྱའི་པར་དེབ》 《དངུལ་རྩའི་ཤེས་བྱ་ཁྱབ་གདལ་ཀློག་དེབ》སོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་རྩོམ་སྒྲིག་པར་སྐྲུན་བྱས་ནས་རིན་པ་མི་དགོས་པར་བོད་ཀྱི་རྫོང(ཆུས)74ལ་སྤྲད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་5464ལ་ཞིང་འབྲོག་པར་སྒྲོག་འགྲེལ་བྱེད་དུ་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།