དབུ་ཤོག>གསར་འགྱུར།
  • འགྲོ་ལམ་བཟང་པོས་འཚོ་བ་བཟང་པོ་གཏོད།

  •     སྤེལ་དུས།  2015-04-22

    1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་ཀྲུང་གོའི་རླབས་ཆེན་གྱི་རྒྱལ་ས་པེ་ཅིང་དུ་«བོད་ཞི་བའི་བཅིངས་འགྲོལ་བཏང་ཐབས་སྐོར་གྱི་གྲོས་མཐུན»བཞག་པ་དང་། བོད་ཞི་བའི་བཅིངས་འགྲོལ་བཏང་བ་དེས་མཐའ་གཅིག་ཏུ་བོད་ཀྱི་ཡིད་སྐྱོ་བའི་ལོ་རྒྱུས་དང་མུན་ནག་གི་དབང་སྒྱུར་མཇུག་སྒྲིལ། དེ་ནས་བཟུང་། བོད་ཀྱི་རྒྱ་ཆེའི་མང་ཚོགས་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འཚོ་བ་གསར་པ་ཞིག་བསྐྱལ་རྒྱུ་བྱུང་བ་རེད།

    བོད་ཀྱི་ས་ཆ་དེའི་སྟེང་གནས་ཚུལ་མང་པོ་ལྷག་པ་དང་། འོན་ཀྱང་ཆེད་ཧ་ལས་དགོས་པ་ནི་ལོ་ངོ་60རིང་ས་ཆ་དེའི་ཐོག་གི་གནམ་ས་བླ་འོག་ཀྱི་འགྱུར་ལྡོག་དང་དེ་བཞིན་གཡུར་ཟའི་གྲུབ་འབྲས་ཡིན། བོད་ཞི་བའི་བཅིངས་འགྲོལ་བཏང་རྗེས་རྒྱ་ཆེའི་མང་ཚོགས་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་སྤྱི་ཚོགས་དུས་ཡུན་རིང་པོའི་ནང་རྗེས་ལུས་ཐེབས་པའི་རྣམ་པ་དེ་ལས་བརྒལ་ཞིང་།  དེས་རྐྱེན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་སེམས་ནང་རེ་བ་དང་ཉི་འོད་ཀྱི་ས་བོན་བཏབ་པ་དང་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པ་གཏོད་པ་མ་ཟད། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཀྱང་གཏོད་པ་རེད། ལོ་ངོ་60ལྷག་ཙམ་རིང་བོད་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་བ་དེས་བོད་ཀྱི་མདུན་བསྐྱོད་ཀྱི་ལམ་བུ་ནི་ཡང་དག་པ་ཞིག་ཡིན་པ་གསལ་བཤད་བྱས་ཡོད།

    སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་ཀྲུང་གོ་གུང་ཁྲན་ཏང་གི་ཚད་མཐོའི་འགོ་ཁྲིད་འོག བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཆོང་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བ། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་སྣང་ཚུལ་མངོན། བྱེད་ཕྱོགས་སྲིད་ཇུས་དང་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་འཕོ་འགྱུར་ལག་བསྟར་བྱས་པ་དེས་བོད་ཀྱི་རྣམ་པ་མགྱོགས་མྱུར་ངང་འཕོ་འགྱུར་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད། དོན་དངོས་མང་པོས་གསལ་སྟོན། ཀྲུང་གོ་གུང་ཁྲན་ཏང་གི་ཚད་མཐོའི་སྣེ་འཁྲིད་འོག་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་འགྲོ་རྒྱུ་ནི་ཡང་དག་པ་ཞིག་རེད།

    ཀུན་གྱིས་ཤེས་གསལ།   ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཀྲུང་གོ་འཕེལ་རྒྱས་གཏོང་ཐུབ། གུང་ཁྲན་ཏང་མེད་ན་ད་ལྟའི་བོད་ལྗོངས་གསར་པ་མེད། ཀྲུང་གོ་གུང་ཁྲན་ཏང་གི་ཚད་མཐོའི་འགོ་འཁྲིད་འོག་གཞི་ནས་དབུལ་ཕོངས་ལས་ཐར་བ་དང་། བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ། ཀྲུང་གོ་གུང་ཁྲན་ཏང་མེད་ན་བོད་ཀྱི་ཞི་བའི་བཅིངས་འགྲོལ་དང་དམངས་གཙོ་བཅོས་བསྒྱུར་མེད་པ་དང་།  གསར་ཐོན་གྱི་མི་དམངས་སྲིད་དབང་དང་བོད་ཀྱི་རྣམ་པ་གསར་པ་མེད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་ཡར་རྒྱས། མི་དམངས་བདེ་སྐྱིད་བཅས་ཀྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྡོག་མེད་དེ་རེད།

    ཉི་མ་ཕུར་སྒྲོན་གྱིས་བསྒྱུར།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།