དབུ་ཤོག>གསར་འགྱུར།
  • ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་ཆེད་ཆ་རྐྱེན་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཕེས།   |     སྤེལ་དུས།  2015-04-22

    མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་གསོན་ཉམས་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བ་དེ་རིགས་ཁག་གི་དཔལ་འབྱོར་ལ་ཁྱབ་ཀྱང་སྨྱུག་འཛིན་པས་ད་དུང་ལྷུ་ཚིགས་ཁག་གཅིག་ནང་འབྲེལ་ཡོད་སྡེ་ཚན་ཧུར་ཐག་ཞུགས་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་སྔར་བས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    དང་ཐོག་རིམ་ཁག་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་ཀྱང་དོ་དམ་སྡེ་ཚན་ཁག་གཅིག་གིས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བའི་དགོས་ངེས་རང་བཞིན་དང་། གལ་ཆེའི་རང་བཞིན། དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་བྱ་རྒྱུ་མི་འདང་བ་དང་མཉམ་ལས་ཁང་གི་ལས་དོན་ལ་ཧུར་བརྩོན་རང་བཞིན་མི་འདང་བ། བསྒྲུབ་རྒྱུར་འགོ་ཁྲིད་དང་གཉེར་བའི་སྤྲོ་སེམས་མི་འདང་བ་བཅས་ཀྱིས་འཕེལ་རྒྱས་ཀྱི་མྱུར་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཞིང་འབྲོག་པའི་རྩ་འཛུགས་སྒྲིག་འཛུགས་བྱས་ནས་ཁོང་ཚོ་དེའི་ནང་ཞུགས་སུ་འཇུག་པ་དང“དམངས་གཉེར་དང་། དམངས་ཀྱི་དོ་དམ། དམངས་ལ་ཕན་པ་ཐོབ་པ”བཅས་ཀྱི་མཉམ་ལས་རྩ་འཛུགས་ཤིག་དངོས་འབྲེལ་གཉེར་ཐུབ་པ་བྱེད་དགོས།    

    གཞན་ཡང་ཞབས་འདེགས་ཞུ་ཚད་ཆེ་རུ་གཏོང་དགོས། གཅིག་ནི་སྒྱུར་བཅོས་སྲིད་ཇུས་རོགས་སྐྱོར་དོན་འཁྱོལ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དཔེར་ན། མཉམ་ལས་ཁང་ཁག་གཅིག་ལ་ཆེད་དོན་མ་དངུལ་གྱི་རོགས་སྐྱོར་ཐོབ་ཀྱང་དོ་དམ་སྡེ་ཚན་གྱིས་མཛུབ་ཁྲིད་དང་ལྟ་སྐུལ་ཧུར་ཐག་མ་བྱས་སྟབས་མཉམ་ལས་ཁང་ཁག་གཅིག་འཕེལ་རྒྱས་འགྲོ་འགོར་བ་དང་ཞིང་འབྲོག་པའི་ཧུར་སེམས་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་། གཉིས་ནི་མཉམ་ལས་རྩ་འཛུགས་ལ་ཁྲོམ་རའི་ཁྲིད་སྟོན་དང་ཆ་འཕྲིན་ཞབས་ཞུ་བྱ་རྒྱུ་སྔར་བས་ཆེ་རུ་གཏོང་དགོས་པ་དང་མང་ཆེ་བ་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྲིན་ཚོང་གི་མཉམ་ལས་རྩ་འཛུགས་ཡིན་པ་དེ་དག་ལ་ཁྲོམ་རའི་ཆ་འཕྲིན་ཁོང་དུ་ཆུད་པ་དང་དབྱེ་ཞིབ་བྱེད་པའི་བྱེད་ཐབས་དཀོན་ཡང་སྡེ་ཚན་ཁག་གཅིག་གིས་དེའི་ཐད་ཁྲིད་སྟོན་བྱེད་པ་དང་ཞབས་འདེགས་ཞུ་རྒྱུ་ད་དུང་རྗེས་སུ་ལུས་སྟབས་མཉམ་ལས་རྩ་འཛུགས་མང་ཆེ་བའི་ཁོངས་མི་ཁྲོམ་རའི་ཆོས་ཉིད་ལ་ངོས་འཛིན་བྱ་རྒྱུ་མི་འདང་བར་བརྟེན་ཞིང་ལས་ཐོན་རྫས་ཉོ་ཚོང་བྱ་རྒྱུར་ཤུགས་རྐྱེན་ཐེབས་པ་དང་མཉམ་ལས་ཁང་གི་ཡོང་འབབ་ཆག་པ། གསུམ་ནི་མུ་མཐུད་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ལས་སྒོ་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་དྲིལ་བསྒྲགས་ཁྲིད་སྟོན་དང་། དཔེ་མཚོན་གསོ་སྐྱོང་། འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བཅས་ཀྱི་ཐད་ནུས་ཤུགས་ཆེན་པོ་བཏོན་ནས་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཆ་རྐྱེན་སྐྲུན་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།