དབུ་ཤོག>གསར་འགྱུར།
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཞིང་འབྲོག་པར་དངུལ་རྩའི་ཞབས་ཞུའི་ལས་དོན་སྤེལ་རྒྱ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-22

    གསར་འགོད་པར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་དངུལ་ཁང་དེས་ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་དང་། རང་སྐྱོང་ལྗོངས། མི་དམངས་དངུལ་ཁང་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང“ཤང་ཚང་མར་དྲ་ཚིགས་ཡོད་པ་དང་གྲོང་ཚོ་ཚང་མར་ཞབས་ཞུའི་སྐར་ཁུང་ཡོད་པ་བྱེད་པའི”ཡོངས་ཁྱབ་དངུལ་རྩའི་འབྲེལ་ཡོད་སྲིད་ཇུས་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཤིང་། “ཞིང་གསུམ”དངུལ་རྩའི་ཞབས་ཞུ་ས་ཚིགས་བཙུགས་པ་དང་ཞབས་ཞུའི་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཏེ་ཞིང་འབྲོག་ཁུལ་དུ་དངུལ་རྩའི་ཞབས་ཞུའི་ལས་དོན་སྤེལ་རྒྱ་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་དངུལ་རྩ་གཏོང་སྤྲོད་ཞབས་ཞུའི་དགོས་མཁོ་བསྐངས་ཡོད་པ་རེད།

    ཟླ་བ་གསུམ་པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ“ཞིང་གསུམ”དངུལ་རྩའི་ཞབས་ཞུ་ས་ཚིགས་3261བཙུགས་པ་དང་རྫོང་ཁོངས་མན་དུ“ཞིང་གསུམ”དངུལ་རྩའི་ཞབས་ཞུ་འཕྲུལ་ཆས་3261བཙུགས་པའི་ནང་རིག་ལྡན་གཏོང་སྤྲོད་མཐའ་སྣེ་1341དང་POSའཕྲུལ་ཆས་1920ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།