དབུ་ཤོག>གསར་འགྱུར།
  • ལས་ཞུགས་ཁོར་ཡུག་ལེགས་སྒྱུར་གྱིས། དཔལ་འབྱོར་གོང་འཕེལ་ཡོང་བར་བརྩོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-22

    164741_yis_1429589716235.jpg

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་སོང་བ་དང་བསྟུན་ནས་བཟོ་ལས་རྣམ་གྲངས་མང་པོ་ཞིག་སྔ་རྗེས་སུ་སྐྲུན་འགོ་ཚུགས་པས་ཁེ་ལས་སུ་ལས་མི་དཀོན་པའི་སྣང་ཚུལ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། ཁེ་ལས་སུ་ལས་མི་ཡོད་པ་དང་མང་ཚོགས་ཉེ་འགྲམ་ནས་ལས་ཞུགས་ཐུབ་རྒྱུར་སྟབས་བདེ་ཡོང་ཆེད་རང་སྐྱོང་ལྗོངས་ལས་ཞུགས་ཅུས་ཀྱིས་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་དང་ངལ་རྩོལ་པའི་ལས་ཞུགས་ཀྱི་དགོས་མཁོ་ཟུང་འབྲེལ་གྱིས་མཁོ་སྤྲོད་ཆ་འཕྲིན་འཚོལ་བསྡུ་གང་ལེགས་བྱས་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་ལས་གཏོད་ལས་ཞུགས་ཀྱི་གསོ་སྦྱོང་མཉམ་སྡེབ་ངང་སྤེལ་བ། ལས་མི་དང་ལས་གནས་མཐུད་འབྲེལ་ལ་སྐུལ་སྤེལ་ཧུར་ཐག་བྱེད་པ། སྲིད་ཇུས་དོན་འཁྱོལ་གང་ལེགས་བྱེད་པ་བཅས་བྱས་ཏེ་ལས་ཞུགས་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ཞིང་། འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་གཡོས་སྦྱོར་ལག་རྩལ་སྦྱོང་བའི་གནས་ཚུལ་ཡིན་པ།


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།