དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གཉིས་པ”ཚུན་དུ་བོད་ལྗོངས་ཀྱི“ཞིང་གསུམ”ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་626ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-21

    གསར་འགོད་པར་ཉེ་དུས་འཚོགས་པའི་ལྗོངས་ཡོངས་ཀྱི་ཞིང་འབྲེལ་མ་དངུལ་གྱི་ཆེད་དམིགས་བཅོས་སྒྲིག་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པ”ཚུན་དུ་རང་ལྗོངས་ཀྱི་ནོར་སྲིད་ཀྱིས“ཞིང་གསུམ”ལ་མ་འཇོག་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་མིག་སྔར་སྒོར་དུང་ཕྱུར་626.67ཙམ་ཟིན་ཏེ་ལོ་རེར་ཆ་སྙོམས་10.6%འཕར་ཡོད་པ་རེད། 

    ཀྲུང་དབྱང་གི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཞིང་དར་ཞིང་ཕན་དང་ཞིང་ཕྱུག་སྲིད་ཇུས་ལག་ལེན་བསྟར་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། སྲིད་གཞུང་གིས་འགན་ནུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་དངོས་པོའི་རྨང་གཞི་གལ་ཆེན་དང“ཞིང་གསུམ”ལས་ཀའི་མ་དངུལ་འགན་ལེན་གྱི་མ་འཇོག་བྱེད་མཁན་གཙོ་བོ་ཡིན་པའི་ནོར་སྲིད་ཀྱིས“ཞིང་གསུམ”ལ་མ་འཇོག་བྱེད་ཚད་མངོན་གསལ་དོད་པོས་མང་དུ་བཏང་བས་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གོང་འཕེལ་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།